ཁྲང་ཀྲོའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་ཀྲོའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
ཁྲང་ཀྲོའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི་མཐོ་རིམ་ལས་རིགས་སློབ་གསོ་ཁྱད་ཆོས་སུ་བྱས་པའི་ཁྲང་ཀྲོའུ་ཚན་སློབ་གྲོང་དུ་གནས་པ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་ཁྱིམ་མཚེས་ཡིན་ལ། ཞིང་ཆེན་གྱི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ1963ལོར་བཙུགས་ཤིང་རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ100ཡི་འཛུགས་སྐྲུན་ཚན་པའི་གྲས་ཤིག་ཡིན། ཅང་སུའུ་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་ལས་ཁུངས་ཤིག་ཡིན། སློབ་གླིང་གིས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་བྱེད་པ་དང་དར་མའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་ལས་རིགས་གསོ་སྦྱོང་མཉམ་དུ་གནས་ཡོད་ཅིང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་དམིགས་ནས་ཆེད་ལས་བཀོད་སྒྲིག་བྱས་ཡོད། འཕྲུལ་གློག་སྒྲིག་ཆས་ཀྱི་ལག་རྩལ་དང་། རྒྱུ་ཆ་དབྱིབས་གྲུབ་དང་ཚོད་འཛིན་ལག་རྩལ། རླངས་འཁོར་ཞབས་ཞུའི་ལག་རྩལ། གློག་ཤུགས་ཚོད་འཛིན་ལག་རྩལ། རྩིས་འཁོར་ལག་རྩལ། བཟོ་སྐྲུན་ལས་རིགས་ཀྱི་ཞབས་ཞུའི་རིགས་སོགས་ཆེད་ལས་ཚོགས་པ11ཡོད་པ་དང་། ཁྱོན་བསྡོམས་ཆེད་ལས61བཙུགས་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཁྱད་ཆོས་སུ་བྱེད་པ་དང་འཕྲུལ་གློག་རིགས་ཀྱི་ཆེད་ལས་གཙོ་བོར་བྱེད་པའི་ཆེད་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད། ལོ་ངོ་ལྔ་བཅུ་ལྷག་ཙམ་ལ་སློབ་གཉེར་བྱས་པའི་རིང་། སློབ་གླིང་གིས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་ཆེད་ལས་ཤེས་ལྡན་པ་ཁྲི་ཁ་ཤས་གསོ་སྐྱོང་བྱས་ནས་ཅང་སུའུ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་པ་ལྡན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
常州机电职业技术学院
ཕྱི་ཡིག་གི་མིང་།
CHANGZHOU INSTITUTE OF MECHATRONIC TECHNOLOGY
བཙུགས་ལོ།
སྤྱི་ལོ1963ལོ།
རིགས་དབྱེ།
གཞུང་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཞིང་ཆེན་དུ་གཏོགས་པའི་མཐོ་རིམ་ཆེད་ཚན་སློབ་གྲྭ།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཁྲང་ཀྲུའུ།
སློབ་གཙོ།
ཚའོ་ཀུའུ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ལུགས་ཆས་ལག་རྩལ་སྡེ་ཁག་དང་། རླངས་འཁོར་བཟོ་སྐྲུན་སྡེ་ཁག་དཔལ་འབྱོར་དོ་དམ་སྡེ་ཁག་སོགས་སྡེ་ཁག7ཡོད།
སློབ་གྲྭའི་ཚབ་ཨང་།
13114
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་དཔེ་མཚོན་ཉམས་མྱོང་མཐོ་སློབ།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་ཝུའུ་ཅིན་ཆུས་མིང་ཞིན་ཤར་ལམ་ཨང6པ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ6པའི་ཚེས28ཉིན། དེ་སྔའི་ཁྲང་ཀྲོའུ་འཕྲུལ་ཆས་སློབ་གྲྭས་ཁྲང་ཀྲོའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་རང་ཚུགས་ཀྱིས་བཙུགས་པ་དང་མཐོ་རིམ་སློབ་གྲྭ་དཀྱུས་མར་རིམ་སྤར་བྱས། ཟླ10པར་ཁྲང་ཀྲོའུ་སློབ་ཆེན་གྲོང་གི་སློབ་ཁུལ་གསར་པ་སྐྲུན་འགོ་ཚུགས།   

སྤྱི་ལོ2003ལོའི་ཟླ10པར་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བེད་སྤྱོད་བྱས།     

སྤྱི་ལོ2010ལོར་སློབ་གྲྭ་འདི་ཉིད་རྒྱལ་ཁབ་ཀྱི་དཔེ་སྟོན(རྐང་འཛིན་པ)མཐོ་རིམ་ལས་རིགས་སློབ་གླིང་དུ་གྱུར་ཡོད། 

སྤྱི་ལོ2014ལོའི་ཟླ7པར་སློབ་གསོ་པུའུ་ཡིས་སློབ་གྲྭ་རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས།     

སྤྱི་ལོ2018ལོར་སློབ་གྲྭ་ཅང་སུའུ་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གྱུར།   

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་སློབ་གྲྭ་རིགས་གསུམ་པའི་འཛུགས་སྐྲུན་ཚན་པའི(ཡིག་ཚགསC)ནང་བཅུག    

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག 

སློབ་གྲྭའི་དྲ་བའི་སྤྱི་ལོ2014ལོའི་ཟླ9པའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་དུ་ཚན་ཁག་དྲུག་ཡོད་པ་སྟེ། འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་ལུགས་ཆས་ལག་རྩལ་ཚན་ཁག རླངས་འཁོར་བཟོ་སྐྲུན་ཚན་ཁག གློག་ཤུགས་བཟོ་སྐྲུན་ཚན་ཁག ཆ་འཕྲིན་བཟོ་སྐྲུན་ཚན་ཁག མི་ཆོས་ཚན་རིག་ཚན་ཁག རྨང་གཞི་པུའུ་དང་དར་མའི་སློབ་གསོ་པུའུ་བཅས་ཡིན། ཁྱོན་བསྡོམས་ཆེད་ལས40ལྷག་ཙམ་བཀོད་སྒྲིག་བྱས།

3 དགེ་རྒན་གྱི་དཔུང་སྡེ། 

སྤྱི་ལོ2014ལོའི་ཟླ9པར་སློབ་གྲྭའི་དྲ་བར་གཞིགས་ན། སློབ་གླིང་དུ་དགེ་རྒན360ལྷག་ཙམ་ཡོད་པ་དང་ཅང་སུའུ་ཞིང་ཆེན་གྱི“333”ལས་གྲྭའི་གསོ་སྐྱོང་བྱ་ཡུལ3ཡོད་པ་རེད། ཅང་སུའུ་ཞིང་ཆེན་མཐོ་སློབ་ཀྱི“ཆིན་ལན་བཟོ་གྲྭའི”ཕུལ་བྱུང་ན་གཞོན་རྐང་འཛིན་དགེ་རྒན3ཡོད་པ་རེད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན115དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ(བསླབ་གནས)ཡོད་མཁན128ཡོད། “ཉིས་འཇོན་རྣམ་པའི་དགེ་རྒན” 127ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3   སློབ་གླིང་གིས་དགེ་རྒན་དཔུང་ཁག་གི་ཆེད་ལས་སྣེ་ཁྲིད་པ་གསོ་སྐྱོང་དང་། རྐང་འཛིན་དགེ་རྒན་གསོ་སྐྱོང་། གཅིག་ལྕོགས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས“ལས་གཞི་ཆེན་པོ་གསུམ”གཏིང་ཟབ་པར་ལག་བསྟར་བྱས། ཆེད་ལས་དགེ་རྒན་དང་ཉིས་འཇོན་དགེ་རྒན་གྱི་བྱང་ཚད་ཀྱི་བྱང་ཚད་བསྡུར་ཚད90.41%ཟིན།

4 གཟི་བརྗིད་མཚན་སྙན།     

སྤྱི་ལོ2014ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ལས་སློབ་གླིང་ལ་རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་ཀྱི་ཤེས་དཔལ་ཚན་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པ། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཞི་མཐུན་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་བདེ་འཇགས་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་སློབ་ཁྲིད་ལས་དོན་གྱི་སྔོན་ཐོན་མཐོ་སློབ། ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ། ཅང་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་སྔོན་ཐོན་སྡེ་ཚན། ཅང་སུའུ་ཞིང་ཆེན་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི“སྔོན་ཐོན་མཉམ་སྡེབ”ཅང་སུའུ་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་སློབ་གསོའི་དཔེ་སྟོན་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོའི་དཔེ་སྟོན་ལྟེ་གནས། ཅང་སུའུ་ཞིང་ཆེན་གྱི་དར་དམར་ཨུ་ལྷན། ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་གྱི་ཕུལ་བྱུང་ཚན་པ་བཅས་སུ་བདམས།

5 རིག་གཞུང་ཞིབ་འཇུག    

སྤྱི་ལོ2014ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ལས། སློབ་གླིང་དུ་རྒྱལ་ཁབ་རིམ་པའི་ལག་རྩལ་ལས་སྟེགས1དང་། ཞིང་ཆེན་རིམ་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས4 གྲོང་ཁྱེར་རིམ་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས5བཅས་ཡོད་པ་རེད།     ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།     སྤྱི་ལོ2014ལོའི་ཟླ9པའི་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་སློབ་གླིང་གིས་ཅང་སུའུ་ཞིང་ཆེན་ཚན་རྩལ་ཐིང་གི་བཟོ་ལས་འདེགས་སྐྱོར་རྣམ་གྲངས《ལག་ཟུང་འཕྲུལ་མིའི་གྲུབ་ཆ་དང་འགག་རྩའི་ནུས་པའི་ལྷུ་ལག་ཞིབ་བཟོ》སོགས་ལག་རྩལ་ཞིབ་འཇུག་བྱས་པར་ཁེ་བེད་བདག་ཐོབ137ཐོབ་ཡོད། དེའི་ནང་གསར་གཏོད་ཀྱི་ཆེད་ཁེ་ཁག11ཡོད་པ་རེད། སློབ་གླིང་དེ་སྤྱི་ལོ2013ལོའི་ལོ་འཁོར་གྱི་རྒྱལ་ཁབ་གསར་གཏོད་ཐེབས་རྩའི་རྣམ་གྲངས་གཙོ་སྐྱོང་ཚན་པའི་ནང་གི་མཐོ་རིམ་ལས་རིགས་སློབ་གླིང་གཅིག་པུར་གྱུར།   

6 འགོ་ཁྲིད།   

ཏང་ཨུའི་ཧྲུའུ་ཅི། ཚའོ་ཀུའེ་ཡིས།     གླིང་གཙོ།། ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེན་ལིན།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཕིན།     ཏང་ཨུའི་ཨུ་ཡོན། སྒྲིག་ཨུའི་ཧྲུའུ་ཅི། ཝང་ཀྲི་ཕིན།     ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། ཞུས་ཁྲའོ་ཧྲན།     ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། མ་ཡུས།     ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། ཧོང་པའོ་ལིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།