ཝུའུ་ཞི་བཟོ་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ཞི་བཟོ་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
ཝུའུ་ཞི་བཟོ་རྩལ་ལས་རིགས་ལག་རྩལ་སློབ་གླིང་ནི(WuxiVocationalInstituteofArtsYTechnology)ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་དུ་གནས་ཡོད། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་དཀྱུས་མ་ཞིག་དང་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། དེ་སྔའི་སློབ་གྲྭ་ནི་སྤྱི་ལོ1958ལོར་བཙུགས་པའི་ཐའོ་ཏུའུ་བཟོ་ལས་སློབ་ཆེན་ཡིན། སྤྱི་ལོ1959ལོར་ཅང་སུའུ་ཞིང་ཆེན་དབྱི་ཞིང་རྫ་ཆས་བཟོ་ལས་སློབ་གྲྭར་བསྒྱུར། སྤྱི་ལོ1985ལོར་ཅང་སུའུ་ཞིང་ཆེན་དབྱི་ཞིང་ཡང་བའི་བཟོ་ལས་སློབ་གྲྭ་རུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无锡工艺职业技术学院
ཕྱི་ཡིག་གི་མིང་།
Wuxi Vocational Institute of Arts & Technology
བཙུགས་ལོ།
སྤྱི་ལོ1958ལོ།
རིགས་དབྱེ།
གཞུང་གཉེར་མཐོ་སློབ།
རྣམ་པ།
སྒྱུ་རྩལ་གྱི་སྐོར།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་དཀྱུས་མ།     ཅང་སུའུ་ཞིང་ཆེན་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལེའང་ཧུའེ་ཨོ།  གླིང་གཙོ། ཧྲའོ་ཧན་ཆང་།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
རྫ་ཆས་སློབ་གླིང་། སྨྱན་སྦྱོར་སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་། ཁོར་ཡུག་སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་། དར་སྲོལ་སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་། འཕྲུལ་གློག་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང6བཅས་ཡོད།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་དབྱི་ཞིན་གྲོང་ཁྱེར་ཅིན་དབྱི་ལྷོ་ལམ་གྱི་ཨང99བ།
སློབ་གླིང་ཚབ་ཨང་།
13749
1 ལོ་རྒྱུས་འཕེལ་རིམ།    

སྤྱི་ལོ2004ལོར་ཝུའུ་ཤིས་བཟོ་རྩལ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2007ལོར“ཕུལ་བྱུང”གི་གྲུབ་འབྲས་སྟེང་སློབ་གསོ་པུའུ་ཡི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་ལ་དཔྱད་དཔོག་བྱས། 

སྤྱི་ལོ2010ལོར“ཕུལ་བྱུང”ལ་བརྟེན་ནས་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་ཀར་དཔྱད་ཞིབ་བྱས།    

སྤྱི་ལོ2011ལོར་གཡུར་ཟའི་གྲུབ་འབྲས་སྟེང་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གྱུར། 

སྤྱི་ལོ2014ལོར་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་གྱུར།    

སྤྱི་ལོ2015ལོར་ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་དཔྱད་དཔོག་བརྒྱུད། 

སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའུ་ཡི་ཁག་གཉིས་པའི1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་སློབ་གླིང་དུ་བདམས།  

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག   

སྤྱི་ལོ2020ལོའི་ཟླ4པར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང6ཡོད།

3 དགེ་རྒན་གྱི་དཔུང་སྡེ།      

སྤྱི་ལོ2020ལོའི་ཟླ4པའི་བར། སློབ་གྲྭར་དགེ་རྒན་དང་ལས་བཟོ་པ498ཡོད། ཆེད་བསྐོས་དགེ་རྒན་གྱི་མཐོ་རིམ་གོ་མིང་གིས36%བཟུང་བ་དང་ཉིས་འཇོན་དགེ་རྒན་གྱི་བྱང་ཚད་ཀྱི་བསྡུར་ཚད80%ཡས་མས་ཟིན། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”འདེམས་མི། ཅང་སུའུ་ཞིང་ཆེན་དུ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ན་གཞོན་རིགས་གཅིག་མཁས་ཅན། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི“ཆིན་ལན་ལས་གྲྭ”གསོ་སྐྱོང་བྱ་ཡུལ། ཅང་སུའུ་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་མཁས་ཅན། ཅང་སུའུ་ཞིང་ཆེན་གྱི་རྫ་ཆས་སྒྱུ་རྩལ་མཁས་ཅན། ཅང་སུའུ་ཞིང་ཆེན་གྱི་གྱོན་ཆས་ཇུས་འགོད་པ་རྩེ་གྲས་བཅུ། དབྱི་ཞིང་གྲོང་ཁྱེར་གྱི་ན་གཞོན་རྫ་ཆས་མཁས་ཅན་ཕུལ་བྱུང་བཅུ་སོགས་མི21ཡོད། རིམ་པ་ཁག་དང་རིགས་ཁག་གི་དགེ་རྒན་གྲགས་ཅན16དང་། ཝུའུ་ཞི་གྲོང་ཁྱེར་ལས་རིགས་སློབ་གླིང་གི་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང3བཅས་ཡོད།

4 རིག་གཞུང་ཞིབ་འཇུག  

སྤྱི་ལོ2020ལོའི་ཟླ4པའི་བར་སློབ་གྲྭར་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས3ཡོད།  

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2016ལོར་སློབ་གྲྭར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས14ཡི་ཆོག་མཆན་ཐོབ།   

སྤྱི་ལོ2019ལོར་སློབ་གྲྭར་ཅང་སུའུ་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན1ལ་ཆོག་མཆན་ཐོབ།    

6 འགོ་ཁྲིད།    

ཏང་ཨུའི་ཧྲུའུ་ཅི།  ལིའང་ཧུའེ་ཨེ།   

ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ་གཞོན་པ།། ཧྲའོ་ཧན་ཆང་།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྥེང་ཕིན།    

ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། སུན་ཀྲེན་ཆིའུ་དང་། ཝུའུ་ཡུའེ་ཅུན། ཞེ་ཅན་ཕིན། 

ཏང་ཨུའི་ཨུ་ཡོན། སྒྲིག་ཨུའི་ཧྲུའུ་ཅི། ཅང་ཆིང་ཧྭ།     


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།