ཅིན་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

སྤྱི་ལོ2004ལོར་ཅང་སུའུ་ཞིང་ཆེན་ཅིན་ཧྲན་ལས་རིགས་ལག་རྩལ་སློབ་གླིང་དངོས་སུ་བཙུགས།
སྤྱི་ལོ2005ལོར་རྒྱལ་ཁབ་དང་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུས།
སྤྱི་ལོ2013ལོར་སློབ་གླིང་གིས་རྒྱལ་ཁའི་ངང་སྒྲིག་ལུགས་བསྒྱུར་ཞིང་། མ་འཇོག་མཁན་གཞུང་ཁོངས་ཁེ་ལས་ཚན་པར“དབྱང་ཀྲུང་གྲོང་ཁྱེར་ལྗང་གླིང་གྲོང་གསར་ཁེ་ལས་ཚད་ཡོད་ཀུང་སིར”བསྒྱུར་བ་དང་འབྲེལ་དོ་དམ་དབང་ཆ་དབྱང་ཀྲུང་གྲོང་ཁྱེར་སློབ་གསོ་ཅུས་ལ་མངགས་བཅོལ་བྱས།
སྤྱི་ལོ2014ལོར་ཅིང་ཏུའུ་གསང་འཕྲིན་སློབ་གླིང་སློབ་ཆེན་དང་ཅིན་ཧྲན་སློབ་གླིང་དུ་ཡུག་ཧྲན་སློབ་གླིང་དངོས་སུ་བཙུགས། ཅིན་ཧྲན་སློབ་གླིང་གི་སློབ་ཐོན་སློབ་མས་ཐད་ཀར་འཇར་ཕན་དུ་ཆ་འཕྲིན་ལག་རྩལ་གྱི་རབ་འབྱམས་པའི་བསླབ་གནས་སྦྱོང་ཆོག་པ་ཡིན།
སྤྱི་ལོ2015ལོར་སུའུ་ཀྲོའུ་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་དངོས་གཞི་ཚན་ཁག་གི་སློབ་གསོ་སྤེལ། དེ་སྔའི་ལོ་གཉིས་རིང་ཅིན་ཧྲན་སློབ་གླིང་དུ་ཆེད་སྦྱོང་ཚན་ཁག་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་རྗེས་སུ་ལོ་གཉིས་ནང་སུའུ་ཀྲོའུ་སློབ་ཆེན་དུ་དངོས་གཞི་ཚན་ཁག་སློབ་སྦྱོང་བྱས་པ་ཡིན།
སྤྱི་ལོ2016ལོར་ཉིང་པོ་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ཕྱི་རྒྱལ་དུ་དངོས་གཞི་ཚན་ཁག་གི་འཛིན་གྲྭར་སློབ་སྦྱོང་བྱེད་པར་སྐྱོད་པའི་རྣམ་གྲངས་སྤེལ།
ད་ལྟ་སློབ་གླིང་ལ་རྒྱལ་ཁབ་ཀྱི་གསར་གཏོད་རིགས་ཀྱི་ཆེད་ཁེ་གཉིས་ཡོད་ཅིང་། ཆེད་ཁེ་གཉིས་པོར་རྒྱུ་ཆ་བཟོ་བའི་གྲ་སྒྲིག་སོགས་ཁྱབ་ཁོངས་ཀྱི་དོན་དངོས་བཀོལ་སྤྱོད་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ལྡན།
སློབ་གླིང་ནི་ཅང་སུའུ་གྲོང་རྡལ་དུ་ཡོད་ཅིང་དཔལ་འབྱོར་དར་ཞིང་དང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། “རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ”དང“ཀྲུང་གོའི་འདུ་འགོད་གློག་ཤུགས་གླིང་ཕྲན” “ཞིང་ཆེན་གྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞི”བཅས་ཀྱི་ཁག་དང་པོ་ཡིན་པ་དང་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གསར་གཏོད་ནུས་པའི་དཔྱད་བསྡུར་ཁྲོད་ཀྱང་ཨང་དང་པོ་ཡིན། སློབ་གྲྭའི་ཁྱབ་ཚུལ་ལུགས་མཐུན་དང་ཆ་ལག་ཚང་བས་སློབ་གླིང་སྔ་རྗེས་སུ་དབྱང་ཀྲུང་གྲོང་ཁྱེར་གྱིས“ཤེས་དཔལ་ཚན་པ”དང“ཆིན་ལན་ཤེས་དཔལ་ཚན་པར”བདམས་པ་དང་། ཞིང་ཆེན་སློབ་གསོ་ཐིང་གིས“རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་རྒྱུགས་གནས”དང“ཅང་སུའུ་ཞིང་ཆེན་གྱི་སློབ་གསོའི་ལས་དོན་མཉམ་སྡེབ”ལ་བདམས། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁུངས། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས“ཅང་སུའུ་ཞིང་ཆེན་གྱི་བདེ་འཇགས་ཤེས་དཔལ་སློབ་གྲྭ”དང“ཅང་སུའུ་ཞིང་ཆེན་གྱི་དུས་བདེའི་སློབ་གྲྭར”བདམས། ཞིང་ཆེན་འཛུགས་སྐྲུན་ཐིང་གིས“སྐྱེད་ཚལ་རྣམ་པའི་ཚན་པར”བདམས།
ཏང་ཨུའི་ཧྲུའུ་ཅི། སུན་ཝེ་སུང་།
གླིང་གཙོ། ལུའོ་ཀྲི་ཀོ
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-09-14
གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡