ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་།
ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་དམངས་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2000ལོར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏཱ་ལེན་ཤར་ཕྱོགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཟབ་སྦྱོང་སློབ་གླིང་བཙུགས་པ་དང་བྱང་ཤར་སློབ་ཆེན་གྱི་དྲ་རྒྱའི་སློབ་གསོའི་སློབ་གླིང་ཏཱ་ལེན་ཡན་ལག་སློབ་གླིང་དུ་གྱུར། སྤྱི་ལོ2001ལོར་ཏཱ་ལེན་ཏུང་རོན་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གླིང་དུ་བསྒྱུར། སྤྱི་ལོ2004ལོར་བྱང་ཤར་སློབ་ཆེན་ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连东软信息学院
དབྱིན་ཡིག་གི་མིང་།
Dalian Neusoft University of Information
བཙུགས་ལོ།
སྤྱི་ལོ2000ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིགས།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་མཐོ་སློབ།
སློབ་གྲྭའི་ཚབ་ཨང་།
13631
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
34ཡོད།
ལས་ཐོག་སློབ་གཙོ།
ཝིན་ཐའོ།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2000ལོར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏཱ་ལེན་ཤར་ཕྱོགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཟབ་སྦྱོང་སློབ་གླིང་བཙུགས་པ་དང་བྱང་ཤར་སློབ་ཆེན་གྱི་དྲ་རྒྱའི་སློབ་གསོའི་སློབ་གླིང་ཏཱ་ལེན་ཡན་ལག་སློབ་གླིང་དུ་གྱུར།

སྤྱི་ལོ2001ལོར་ལེའོ་ཉིང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏཱ་ལེན་ཤར་ཕྱོགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཟབ་སྦྱོང་སློབ་གླིང་དེ་ཏཱ་ལེན་ཏུང་རོན་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གླིང་དུ་བསྒྱུར།

སྤྱི་ལོ2003ལོའི་ཟླ11པར། སློབ་གྲྭ་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་ལས་རིགས་ལག་རྩལ་སློབ་གླིང་ཁག་དང་པོར་གྱུར་པ་དང་འབྲེལ་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་ལས་རིགས་ལག་རྩལ་སློབ་གླིང་གི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ཚན་པར་བདམས། 

སྤྱི་ལོ2004ལོའི་ཟླ4ཚེས28ཉིན་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། བྱང་ཤར་སློབ་ཆེན་ཏུང་རོན་ཆ་འཕྲིན་སློབ་གླིང་སྒེར་ཚུགས་སུ་བཙུགས།

སྤྱི་ལོ2005ལོའི་ཟླ9པར། སློབ་གྲྭའི《གསར་གཏོད་ཅན་གྱིITལས་རིགས་འཇོན་མི་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་ལག་ལེན》ལ་སྐབས་ལྔ་པའི་མཐོ་རིམ་སློབ་གསོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

སྤྱི་ལོ2006ལོའི་ཟླ9པར་ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་གིས་བྱང་ཤར་སློབ་ཆེན་གྱི་མཉེན་ཆས་ལས་གྲྭའི་ཆེད་ལས རབ་འབྱམས་པའི(MSE)བསླབ་གནས་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་ལས་དོན་ཐོག་མར་སྤེལ་འགོ་ཚུགས།

སྤྱི་ལོ2008ལོའི་ཟླ9ཚེས28ཉིན། སློབ་གསོ་པུའུ་ཡིས་བྱང་ཤར་སློབ་ཆེན་ཏུང་རོན་ཆ་འཕྲིན་སློབ་གླིང་ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་དུ་འཛུགས་རྒྱུར་ཆོག་མཆན་སྤྲད་པ་དང་། སློབ་གྲྭ་སྒེར་ཚུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གླིང་དཀྱུས་མར་བསྒྱུར།

སྤྱི་ལོ2015ལོའི་ཟླ11པར་སློབ་གྲྭ་ལེའོ་ཉིང་ཞིང་ཆེན་གྱི་ཁག་དང་པོའི་ཉེར་སྤྱོད་རྣམ་པའི་ཕྱོགས་སུ་བསྒྱུར་བའི་ཚོད་ལྟའི་མཐོ་སློབ10ཡི་གྲས་སུ་ཚུད།

སྤྱི་ལོ2016ལོའི་ཟླ8པར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁག་དང་པོའི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ50ཡི་གྲས་སུ་བདམས།    

སྤྱི་ལོ2019ལོའི་ཟླ11པར། ཏཱ་ལེན་ཏུང་རོན་ཆ་འཕྲིན་སློབ་གླིང་སོགས་ཏུང་རོན་མཐོ་སློབ3གྱིས་བཙུགས་པའི་མིས་བཟོས་རིག་ནུས་དང་གཞི་གྲངས་ཆེན་མོའི་འབྲེལ་ཡོད་ཆེད་ལས་ཀྱི་རྨང་གཞིའི་ཐོག་པའེ་ཏུའུ་དང་ཏུང་རོན་སློབ་གསོ་ཚན་རྩལ་ཚོགས་པ་ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་བཙུགས་པའི“ཏུང་རོན་པའེ་ཏུའུ་ཡི་མིས་བཟོས་རིག་ནུས་སློབ་གླིང”གི་སྒོ་བྱང་བཀལ།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ10པར་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་སློབ་ཁྲིད་སྒྲིག་གཞི13ཡོད་པ་དང་། རིག་ཚན་དང་ཆེད་ལས་ནང་བཟོ་རིག་དང་། རང་བྱུང་ཚན་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ། རྩོམ་རིག་བཅས་རིག་ཚན5ཡོད། དངོས་གཞིའི་ཆེད་ལས28བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ9པའི་བར་སློབ་གྲྭར་དངོས་གཞིའི་དགེ་རྒན་དང་ལས་བཟོ་བ734ཡོད་པ་དང་། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ་དང་དགེ་རྒན་གཞོན་པའི་ཡན38.5%བཟུང་ཡོད། རབ་འབྱམས་པ་དང་དེའི་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན་གྱིས91.5%ཟིན་ཡོད། འཇོན་ནུས་ཟུང་ལྡན་གྱི་དགེ་རྒན་གྱིས52.4%བཟུང་ཡོད། ཆེད་ལས་སམ་ལས་རིགས་ཀྱི་གོ་མིང་ལྡན་པའི་དགེ་རྒན་གྱིས26.6%ཟིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་ཕོགས་སྣོན་ལོངས་སུ་སྤྱོད་མཁན་མི1ཡོད། ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན1བཅས་ཡོད། ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དགེ་རྒན་གྲགས་ཅན6དང་། ལེའོ་ཉིང་ཞིང་ཆེན་གྱི་ན་གཞོན་རྐང་འཛིན་དགེ་རྒན3ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན3ལེའོ་ཉིང་ཞིང་ཆེན་གྱི་དམངས་གཉེར་སློབ་གསོའི་ཕུལ་བྱུང་དགེ་རྒན13བཅས་ཡོད། ཏཱ་ལེན་གྲོང་ཁྱེར་འཇོན་མི་དཔེ་ལེགས་མི་སྣ1དང་། ཏཱ་ལེན་གྲོང་ཁྱེར་གྱི་ཕུལ་བྱུང་ཆེད་མཁས་པ1ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གི་ཕོགས་སྣོན་ལོངས་སུ་སྤྱོད་མཁན1ཡོད། ཏཱ་ལེན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན1དང་། ཏཱ་ལེན་གྲོང་ཁྱེར་གྱི་ཕུལ་བྱུང་ན་གཞོན་དགེ་རྒན་བཅུའི་གྲས་ཀྱི་དགེ་རྒན1བཅས་ཡོད།

4 སློབ་གྲྭའི་འགོ་ཁྲིད།

ཏུང་ཧྲི་ཀྲང་། ལིའུ་ཅི་རེན།

ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ། ཝུན་ཐའོ།

སློབ་གཙོ་གཞོན་པ། ཀུའོ་ཆོན།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། རེན་ཝུའོ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-31

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།