ཅང་སུའུ་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
ཅང་སུའུ་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་གནས་ཡོད་ལ་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ཞིང་། སློབ་གྲྭ་ནི་སློབ་གསོ་པུའུ་ཡི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བའི་ཆུ་ཚད་ལ་དཔྱད་དཔོག་བྱས་པའི་ཕུལ་བྱུང་གི་སློབ་གླིང་ཞིག་ཡིན། ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་ཁག་དང་པོ་དང་། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གླིང་ཁག་དང་པོ། རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་ཁག་དང་པོ་བཅས་ཡིན། སྤྱི་ལོ2017ལོའི་ཟླ10པར་སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་མུའུ1000ཙམ་ཟིན་ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34ལྷག་ཙམ་ཟིན་པ་དང་རྒྱལ་ཁབ་རིམ་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི2དང་ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི3 ཚན་ཁག7དང་མཐོ་རིམ་ལས་རིགས་ཆེད་ལས49བཅས་བཙུགས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་སློབ་གསོའི་སློབ་མ་ཁྲི་ལ་ཉེ་བ་ཡོད་པ་དང་དར་མའི་སློབ་རྒྱུས་ལྡན་པའི་སློབ་མ 2000ལྷག་ཙམ་ཡོད། སྤྱི་ལོ2018ལོའི་ཟླ4པར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཐུང་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་གི་མིང་ཅང་སུའུ་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར་རྒྱུར་མོས་མཐུན་བྱུང་། སྤྱི་ལོ2010ལོའི་ཟླ4པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འགྲིམ་འགྲུལ་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གླིང་དུ་བདམས། ཟླ11པའི་ཚེས30ཉིན། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཁག་དང་པོའི“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི”རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས་པ་དང་འཛུགས་སྐྲུན་དུས་ཡུན་ལོ་གསུམ་ཡིན། སྤྱི་ལོ2013ལོའི་ཟླ5པར་སློབ་གསོ་པུའུ་ཡིས་སློབ་གླིང་དེ་རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏航运职业技术学院
ཕྱི་ཡིག་གི་མིང་།
JiangSu Shipping College
བཙུགས་ལོ།
སྤྱི་ལོ1960ལོ།
བསྡུས་མིང་།
ཅང་སུའུ་མཁའ་འགྲུལ་སློབ་གླིང་།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན་གྱི་སློབ་གྲྭ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཚབ་ཨང་།
12703
ངོ་བོ།
ཅང་སུའུ་ཞིང་ཆེན་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་ཁུངས།    “རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི”རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་།    ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞི།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཅང་སུའུ་ནན་ཐུང་།
ད་ལྟའི་སློབ་གཙོ།
ཧྲི་ཀྲུའུ་པིན།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
མཚོ་འགྲུལ་ཚན་ཁག གྲུ་གཟིངས་དང་རྒྱ་མཚོའི་ཚན་ཁག འཁོར་ལོའི་འཕྲུལ་འཁོར་བཟོ་སྐྲུན་ཚན་ཁག  འགྲིམ་འགྲུལ་བཟོ་སྐྲུན་སྡེ་ཁག་བཅས་ཡོད།
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ།    རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ།    རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་དཔེ་མཚོན་ཉམས་མྱོང་མཐོ་སློབ།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཧྲེང་ཏ་ལམ་ཨང185བ།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2015ལོར་སློབ་གླིང་འདི“སྤྱི་ལོ2015ལོའི་མཐོ་རིམ་ལས་རིགས་སློབ་གླིང་གི་ཞབས་ཞུའི་ལེགས་སྐྱེས་སྟོབས་ཆེན50”ལ་བདམས། 

སྤྱི་ལོ2016ལོའི་ཟླ6པར་སློབ་གླིང་དང་ཧྲང་ཧའེ་ཡི་མཁའ་འགྲུལ་ལ་འཚམ་པའི་མཁའ་འགྲུལ་སློབ་གླིང་བཙུགས།     སྤྱི་ལོ2018ལོའི་ཟླ4པར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཐུང་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་གི་མིང་ཅང་སུའུ་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར།

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་རིགས་གསུམ་པའི་འཛུགས་སྐྲུན་ཚན་པའི(ཡིག་ཚགསB)ནང་བཅུག  

སྤྱི་ལོ2020ལོའི་ཟླ5པར་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད། ནན་ཐུང་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་གི་མིང་ཅང་སུའུ་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར།   

2 སློབ་སྒྲུབ་ཆ་རྐྱེན།    

སྤྱི་ལོ2018ལོའི་ཟླ10པར་སློབ་གླིང་གི་གཞུང་ཕྱོགས་དྲ་བར་སློབ་གླིང་དུ་མཚོ་འགྲུལ་དང་འཁོར་གྲུའི་ལས་གྲྭ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭ། འགྲིམ་འགྲུལ་ལས་གྲྭ། དོ་དམ་ཆ་འཕྲིན། འཕྲུལ་གློག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྱུ་རྩལ་སོགས་ཚན་ཁག7བཙུགས་ནས་མཐོ་རིམ་ལས་རིགས་ཆེད་ལས43བཙུགས།

3 དགེ་རྒན་གྱི་དཔུང་སྡེ། 

ཆེད་བསྐོས་དགེ་རྒན་ཁྲོད་ཀྱི་གོ་མིང་མཐོ་བའི་མི་སྣ30ཡོད་ལ། མཐོ་རིམ་གོ་གནས་མི་སྣའི་བསྡུར་ཚད40%ཟིན་པ་དང་རབ་འབྱམས་པ་དང་དེ་ཡན་གྱི་སློབ་གནས་ཡོད་པའི་མི་སྣའི་བསྡུར་ཚད60%ཟིན་ཡོད། ཆེད་ལས་དགེ་རྒན་གྱི“ཉིས་འཇོན་དགེ་རྒན་གྱི་བྱང་ཚད”ཀྱི་བསྡུར་ཚད་90%ལས་བརྒལ་ཡོད། སློབ་གླིང་ལ་ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན3ཡོད། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཀྱི་སྣེ་ཁྲིད་པ7དང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་མཐོ་རིམ་ལས་རིགས་སློབ་གསོའི་དགེ་རྒན1བཅས་ཡོད། ཅང་སུའུ་ཞིང་ཆེན་གྱི“རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭའི”གཞོན་དར་ཚན་རིག་ལག་རྩལ་གྱི་སྣེ་ཁྲིད་པ5 ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་ཁོངས་གཏོགས་ཀྱི“ཤེས་ལྡན་མི་སྣའི་འདུ་འགོད100”ཡི་འོས་མི་སོགས་རིམ་པ་ཁག་དང་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ30ལྷག་ཙམ་ཡོད།

4 གཟི་བརྗིད་མཚན་སྙན།    

སྤྱི་ལོ2017ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་བར་གཞིགས་ན། སློབ་གླིང་སྔ་རྗེས་སུ་ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ཤེས་དཔལ་ཚན་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་སྔོན་ཐོན་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་བདེ་འཇགས་ཤེས་དཔལ་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པ། རྒྱལ་ཡོངས“དམག་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་མཉམ་སྡེབ”བཅས་སུ་བདམས།

5 ཕྱི་འབྲེལ། 

སྤྱི་ལོ2017ལོའི་ཟླ10པར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་སློབ་གླིང་འདི་ནི་གོ་ལ་ཧྲིལ་པོའི་མཚོ་འགྲུལ་སློབ་གསོ་དང་གསོ་སྦྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཚན་པ་ཞིག་ཡིན་པ་དང་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ9ཡི་མཐོ་སློབ10ལྷག་ཙམ་དང་སློབ་གྲྭ་དབར་གྱི་མཉམ་འབྲེལ་གྱི་འབྲེལ་བ་བཟང་པོ་འཛུགས་ས་ཞིག་ཀྱང་ཡིན།

6 རིག་གཞུང་ཞིབ་འཇུག  

སྤྱི་ལོ2017ལོའི་ཟླ10པར་སློབ་གྲྭའི་དྲ་བར་གཞིགས་ན། སློབ་གླིང་དུ་ནན་ཐུང་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང3དང་། ཅང་སུའུ་ཞིང་ཆེན་རིམ་པའི་ལས་རིགས་རང་བཞིན་གྱི་ལས་གྲྭའི་ལག་རྩལ་ལྟེ་གནས1བཙུགས་ཡོད།

7 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།  

སྤྱི་ལོ2015ལོར། སློབ་གླིང་ལ་ཞིབ་འཇུག་བྱ་གཞི5ཡོད་པར་ནན་ཐུང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་གླེང་མང་བའི་གནད་དོན་དང་དཀའ་གནད་ཀྱི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་བཙུགས་པ་དང་གྲུབ་འབྲས3ལ་ནན་ཐུང་གྲོང་ཁྱེར་གྱི་སྤྱི་ལོ2015ལོའི་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གླེང་མང་བའི་གནད་དོན་ཞིབ་འཇུག་གི་གྲུབ་འབྲས་བྱ་དགའ་ཐོབ་ཡོད།

8 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཡོན་ཝེ་གོ     

གླིང་གཙོ།  ཧྲི་ཀྲུའུ་པིན།   

ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལི་ཅུན།   

ཏང་ཨུའི་ཨུ་ཡོན། ཡགླིང་གཙོ་གཞོན་པ། ཧྲི་ཀྲུའུ་པིན། ཀྲང་ཞའོ་པའེ། ཝུའུ་ལི་ཧྭ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-28

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།