ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གླིང་།
ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གླིང་ནི་ཙུང་ལི་ཀྲོའུ་ཨེན་ལའེ་ཡི་ཕ་ཡུལ་ཏེ་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་དུ་གནས་ཡོད། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་མཐོ་རིམ་སློབ་རྒྱུས་སློབ་གསོའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ལ། ཟས་རིགས་ཚན་རིག་ཁྱད་ཆོས་སུ་བྱས་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། སློབ་གླིང་འདི་སྔོན་ཆད་སྤྱི་ལོ1960ལོར་བསྐྲུན་པའི་ཅང་སུའུ་ཞིང་ཆེན་བཟའ་བཅའི་སློབ་གྲྭ་དང་སྤྱི་ལོ1964ལོར་བསྐྲུན་པའི་ཅང་སུའུ་ཞིང་ཆེན་ཧོའེ་དབྱིན་ཆེད་ཁུལ་མཁོ་ཚོང་ཚོང་ལས་སློབ་གྲྭ་ཡིན་ལ། སྤྱི་ལོ2002ལོར་ཅང་སུའུ་ཞིང་ཆེན་བཟའ་བཅའ་སློབ་གྲྭ་དང་ཅང་སུའུ་ཞིང་ཆེན་ཧོའེ་ཨན་དཔལ་འབྱོར་ཉོ་ཚོང་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཅང་སུའུ་བཟའ་བཅའ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས། སྤྱི་ལོ2018ལོའི་ཟླ་དང་པོར་སློབ་གླིང་གིས་ས་ཆ་མུའུ1269བཟུང་ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི28ཙམ་ཟིན་པ་དང་ཚོད་ལྟའི་དངོས་སྦྱོང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.2ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏食品药品职业技术学院
ཕྱི་ཡིག་གི་མིང་།
JIANGSU FOOD & PHARMACEUTICAL SCIENCE COLLEGE
བཙུགས་ལོ།
སྤྱི་ལོ1960ལོ།
བསྡུས་མིང་།
JSFPC
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
ངོ་བོ།
རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཆེན་མོ།  ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ།
རྣམ་པ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
སློབ་གྲྭའི་དམ་ཚིག
མི་རྩ་བར་འཛིན་པ། སྤྱོད་བཟང་འཇོན་ལྡན།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་མཐོ་རིམ་སློབ་གསོ་གླིང་ཁུལ་གྱི་ཤར་ལམ་ཨང4བ།
སློབ་གྲྭའི་ཚབ་ཨང་།
13104
གཟི་བརྗིད་མཚན་སྙན།
ཅང་སུའུ་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་གྱི་དཔེ་སྟོན་མཐོ་སློབ།    ཅང་སུའུ་ཞིང་ཆེན་གྱི་ཤེས་རིག་སློབ་ར།
ད་ལྟ་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི།  ཐའོ་ཧྲུའུ་ཅི།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོར་ཅང་སུའུ་ཞིང་ཆེན་བཟའ་བཅའ་སློབ་གྲྭ་དང་ཅང་སུའུ་ཞིང་ཆེན་ཧོའེ་ཨན་དཔལ་འབྱོར་ཉོ་ཚོང་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཅང་སུའུ་བཟའ་བཅའ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།    

སྤྱི་ལོ2013ལོར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གླིང་དུ་དངོས་སུ་མིང་བསྒྱུར།  

སྤྱི་ལོ2015ལོར་སློབ་གླིང་གིས་རྒྱལ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་འཆར་གཞིར་ཞིབ་བཤེར་རྩིས་ལེན་བྱས།  

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ12པར། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་ཆེད་ལས་རིགས་གསུམ་པའི་འཛུགས་སྐྲུན་སྡེ་ཚན(ཡིག་ཚགསB)གྱི་གྲས་སུ་བཞག་ཡོད། 

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག  

སྤྱི་ལོ2018ལོའི་ཟླ་དང་པོར་སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང10བཙུགས་ཡོད། སློབ་ཁྲིད་ཚན་ཁག3དང་ཆེད་ལས་ཚན་ཁག45བཙུགས།

3 དགེ་རྒན་གྱི་དཔུང་སྡེ།  

སྤྱི་ལོ2019ལོའི་ཟླ2པའི་བར། སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ610ཡོད་པ་དང་། སློབ་གྲྭའི་ནང་ཆེད་ལས་དགེ་རྒན469ཡོད་ལ་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་གཅིག་ལྕོགས་དགེ་རྒན་སྣ་ཚོགས496ནང་འདྲེན་བྱས། སློབ་གྲྭའི་ནང་གི་ཆེད་བསྐོས་དགེ་རྒན་ཁྲོད། དགེ་རྒན་ཆེན་མོ43དང་དགེ་རྒན་ཆེན་མོ་གཞོན་པ205 རབ་འབྱམས་པ་ཡན་གྱི་ཤེས་ཡོན་མིང་གདགས300  དེའི་ནང་འབུམ་རམས་པ39ཡོད་ལ། སློབ་གསོ་པུའུ་ཡི་ལས་རིགས་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་ཨུ་ཡོན5ཡོད། ཞིང་ཆེན་དུ་མངོན་གསལ་དོད་པའི་ན་གཞོན་རིགས་གཅིག་མཁས་ཅན་དང“333འདུ་འགོད”ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། གཉིས་འཇོན་འབུམ་རམས་པ། ཀྲུང་གོའི་གཡོས་སྦྱོར་མཁས་ཅན་སོགས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ42དང་ཟས་རིགས་ལས་སྣོན་ལག་རྩལ་དང་སྐྱེ་དངོས་ལག་རྩལ། ཉེར་སྤྱོད་སོགས་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ2བཅས་ཡོད།

4 རིག་གཞུང་ཞིབ་འཇུག    

སྤྱི་ལོ2018ལོའི་ཟླ1པོའི་བར་སློབ་གླིང་གིས་ཞིང་ཆེན་རིམ་པའི་ཚན་ཞིབ་ལས་སྟེགས3དང་གྲོང་ཁྱེར་རིམ་པའི་ཚན་ཞིབ་ལས་སྟེགས4བསྐྲུན་ཡོད།

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།   

སྤྱི་ལོ2019ལོའི་ཟླ2པའི་བར། སློབ་གྲྭར་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ4དང་། ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་དམིགས་བསལ་བྱ་དགའ2དང་བྱ་དགའ་ཨང་དང་པོ2ཐོབ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས4འགན་འཁུར་ཡོད། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ2བཅས་ཐོབ།

6 ཕྱི་འབྲེལ།     

སྤྱི་ལོ2019ལོའི་ཟླ2པའི་བར། སློབ་གྲྭས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ནས་སྔ་རྗེས་སུ་རྒྱལ་ཁབ(ས་ཁུལ)20ལྷག་ཙམ་གྱི་མཐོ་སློབ་བམ་ཡང་ན་ལས་རིགས་རྩ་འཛུགས་དང་མཉམ་ལས་སློབ་གཉེར་རྣམ་གྲངས9ལ་མིང་རྟགས་བཀོད། བཟའ་བཅའ་དང་སྨན་རྫས་སོགས་སྔོན་ཐོན་གྱི་སློབ་གཉེར་འདུ་ཤེས་དང་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱས་པ་དང་། ནུབ་ཟས་བཟོ་རྩལ་དང་བདེ་ཐང་དོ་དམ་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་ཡང་ན་ལག་རྩལ་སློབ་ཁྲིད་དགེ་རྒན་ཆེན་མོ་བ་གདན་དྲངས་ནས་སློབ་ཁྲིད་བྱེད་པ་དང་ཆེད་ལས་ཚོགས་པའི་འགན་འཁུར་བའི་འགན་འཁུར་དུ་བཅུག ཕྱི་རྒྱལ་གྱི་བརྗེ་རེས་སློབ་མ་མི་ཐེངས400ཙམ་བསྡུ་ལེན་བྱས་པ་དང་སློབ་མ500ཙམ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མངགས་གཏོང་བྱས། སློབ་གྲྭས་ད་དུང་སྔ་རྗེས་སུ“ཀྲུང་གོ་དང་ཕྱི་རྒྱལ་གྱི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་སྤྱིའི་གླེང་སྟེགས”དང་། “ཀྲུང་གོ་དང་དབྱིན་ཇིའི་མཐོ་རིམ་སློབ་གསོའི་གྲལ་སྒོར་ཚོགས་འདུ” “ཀྲུང་གོ་དང་ཨ་རིའི་གཡོས་སྦྱོར་རིག་གནས་སློབ་གསོའི་གླེང་སྟེགས་དང་ཧོའེ་དབྱང་ཚལ་རྒྱལ་སྤྱིའི་ཁྱབ་གདལ་ངོ་འཕྲད་གྲོས་མོལ་ཚོགས་འདུ” ཀྲུང་གོ་དང་ཧྥ་རན་སེའི་མ་བྱན་སྒྱུ་རྩལ་འགྲན་བསྡུར་སོགས་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བྱེད་སྒོ་གཉེར་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་ལས་རིགས་སློབ་གསོའི་ལས་རིགས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།

7 འགོ་ཁྲིད།   

ཏང་ཨུའི་ཧྲུའུ་ཅི།  ཐའོ་ཧྲུའུ་ཀྲུང་།      

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྥང་ཧྥེང་། ཏའེ་ཀོང་ཧྲུན།    

གླིང་གཙོ། ཧྥང་ཧྥེང་།   

གླིང་གཙོ་གཞོན་པ།  ཀྲའེ་ཝེ་ཝེ། ཀྲང་ཅན་ཧྭ། ཨན་ཅིན།   

སྒྲིག་ཨུའི་ཧྲུའུ་ཅི། ཧྲིན་ཨེ་ལིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-28

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།