ཅང་སུའུ་དཔལ་འབྱོར་ཉོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་དཔལ་འབྱོར་ཉོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་།
ཅང་སུའུ་དཔལ་འབྱོར་ཉོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་གྱི་ཁག་དང་པོའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་དང་། རྒྱལ་ཁབ་ཀྱི་དཔེ་སྟོན(རྐང་འཛིན)མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ། ཅང་སུའུ་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ། ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་ཚན་པ་བཅས་ཡིན། ཅང་སུའུ་དཔལ་འབྱོར་ཉོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་ནི་ལམ་ལུགས་སྒྱུར་བཅོས་དང་བསྡུ་སྒྲིལ་ཐེངས་འགའ་བྱས་པ་བརྒྱུད་སྤྱི་ལོ2002ལོར་ཅང་སུའུ་ཚོང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་དང་ཅང་སུའུ་ཞིང་ཆེན་ཚོང་ལས་སློབ་གྲྭ་ནས་མཐོ་རིམ་ལས་རིགས་སློབ་གླིང་དུ་བསྒྱུར། སྤྱི་ལོ2019ལོའི་ཟླ11པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1048ཟིན་པ་དང་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34.17ཟིན་ཞིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.3ལྷག་ཙམ་དང་དགེ་རྒན་དང་ལས་བཟོ700ལྷག་ཙམ་ཡོད། སློབ་ཁྲིད་ལས་ཁུངས14བཅས་ཡོད། སྤྱི་ལོ2002ལོར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡི་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད་ཅང་སུའུ་ཚོང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་དང་ཅང་སུའུ་ཞིང་ཆེན་ཚོང་ལས་སློབ་གྲྭ་གཉིས་ཅང་སུའུ་དཔལ་འབྱོར་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏经贸职业技术学院
དབྱིན་ཡིག་གི་མིང་།
JiangsuVocationalInstituteofCommerce
རིགས་དབྱེ།
གཞུང་བཙུགས་སློབ་ཆེན་གྱི་སློབ་གྲྭ།
བཙུགས་ལོ།
སྤྱི་ལོ1952ལོ།
སློབ་གྲྭའི་རྣམ་པ།
ནོར་སྲིད་དཔལ་འབྱོར།
ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཆེ་གྲས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནན་ཅིང་།
ད་ལྟའི་སློབ་གཙོ།
ཞུའེ་མའོ་ཡུན།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ལུས་རྩལ་ཚན་ཁག རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་། སྒྱུ་རྩལ་ཇུས་འགོད་སློབ་གླིང་། སྤྱི་པའི་དོ་དམ་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། བཟོ་སྐྲུན་ལག་རྩལ་སློབ་གླིང་། ཡུལ་སྐོར་ཕྱི་སྐད་སློབ་གླིང་། རྩིས་གཉེར་སློབ་གླིང་། ཉོ་ཚོང་དངུལ་རྩའི་སློབ་གླིང་སོགས་སློབ་གླིང་དང་ཚན་ཁག་བཅུ་ཡོད།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ལུང་མིང་ལམ་ཆེན་ཨང180པ།
སློབ་གྲྭའི་ཚབ་ཨང་།
12047
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།    རྒྱལ་ཁབ་རིམ་པའི་དཔེ་སྟོན་མཐོ་རིམ་ལས་རིགས་སློབ་གླིང་།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2005ལོར་སློབ་གྲྭས“ཕུལ་བྱུང”གི་གྲུབ་འབྲས་ཐོག་ནས་རྒྱལ་ཁབ་ཀྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་ཀའི་ཆུ་ཚད་དཔྱད་དཔོག་བྱས་པ་བརྒྱུད་སྤྱི་ལོ2007ལོར་ཅང་སུའུ་ཞིང་ཆེན་གྱི་ཁག་དང་པོའི་དཔེ་སྟོན་མཐོ་རིམ་ལས་རིགས་སློབ་གླིང་དུ་བདམས།  

སྤྱི་ལོ2010ལོར་རྒྱལ་ཁབ་ཀྱི་དཔེ་སྟོན(རྐང་འཛིན)མཐོ་རིམ་ལས་རིགས་སློབ་གྲྭ་ཆེན་མོར་གྱུར།   

སྤྱི་ལོ219ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་སློབ་གྲྭ་རིགས་གསུམ་པའི་འཛུགས་སྐྲུན་སྡེ་ཚན(ཡིག་ཚགས་C)གྱི་གྲས་སུ་བཞག     

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག     

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭར་བཟོ་ཚོང་དོ་དམ་སློབ་གླིང་བཙུགས་ཡོད་ལ། ཉོ་ཚོང་དང་དངོས་ཟོག་སྐྱེལ་འདྲེན་སློབ་གླིང་དང་རྩིས་གཉེར་སློབ་གླིང་། དངུལ་རྩའི་སློབ་གླིང་། རིག་གནས་ཡུལ་སྐོར་སློབ་གླིང་། བདེ་ཐང་སློབ་གླིང་། རྒན་རྒོན་ཐོན་ལས་དོ་དམ་སློབ་གླིང་།  སྒྱུ་རྩལ་ཇུས་འགོད་སློབ་གླིང་། རིག་ནུས་བཟོ་སྐྲུན་ལག་རྩལ་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། ལུས་རྩལ་སྡེ་ཁག རྨང་གཞི་སློབ་ཁྲིད་པུའུ། གསར་གཏོད་ལས་གཏོད་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།   

སྤྱི་ལོ2019ལོའི་ཟླ5པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ700ལྷག་ཙམ་ཡོད་པ་དང་། ཆེད་བསྐོས་དགེ་རྒན་གྱི་མཐོ་རིམ་གོ་མིང་བསྡུར་ཚད37%ཡན་ཟིན་པ་དང་ཉིས་འཇོན་དགེ་རྒན་གྱི་བྱང་ཚད་ཀྱིས་དགེ་རྒན་གྱི་བསྡུར་ཚད92%ཡན་ཟིན་ཡོད། རྒྱལ་ཁབ་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3བཅས་ཡོད།  

4 གཟི་བརྗིད་མཚན་སྙན།

སློབ་གླིང་འདི་ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པ་དང་། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཞི་མཐུན་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་བདེ་འཇགས་སློབ་གྲྭ། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། ཅང་སུའུ་ཞིང་ཆེན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྔོན་ཐོན་མཐོ་སློབ་དང་། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ། ཅང་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་སྔོན་ཐོན་ཚན་པ། ཅང་སུའུ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་གཏོད་སློབ་གསོའི་དཔེ་སྟོན་སློབ་གྲྭ་ཁག་དང་པོ་བཅས་ཡིན་ལ། སྤྱི་ལོ2010ལོར་སློབ་གླིང་འདི་རྒྱལ་ཁབ་ཀྱི་དཔེ་སྟོན(རྐང་འཛིན་པ)མཐོ་རིམ་ལས་རིགས་སློབ་གླིང་དུ་བདམས།

5 རིག་གཞུང་ཞིབ་འཇུག   

སྤྱི་ལོ2014ལོའི་ཟླ9བའི་བར་སློབ་གླིང་དུ་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས2ཡོད།  

6 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།  

ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་རིང་། སློབ་གླིང་གི་དགེ་རྒན་གྱིས་ཞིང་ཆེན་རིམ་པ་ཡན་གྱི་གཞུང་ཕྱོགས་ཚན་ཞིབ་རྣམ་གྲངས66གི་འགན་འཁུར་བའི་ཁྲོད་རྒྱལ་ཁབ་རིམ་པའི་རྣམ་གྲངས5ཡོད། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་རྒྱུར་ཚད་བརྒལ་ཆེན་པོ་བྱུང་།      ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་རིང་སློབ་གླིང་གི་དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ་ཁྱོན་བསྡོམས1047སྤེལ་བ་དང་། དེའི་ནང་ལྟེ་བའི་དུས་དེབ་ཀྱི་དཔྱད་རྩོམ་ཁྱོན209ཡོད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་བསྐྱར་དཔར་དཔྱད་ཡིག5བརྒྱུད་འགོད་བྱས་པ་དངEIཡིས་དཔྱད་རྩོམ6དངSCIཡིས་དཔྱད་རྩོམ9བསྡུས། སྤྱི་ལོ2009ལོར་སློབ་གླིང་གི་དགེ་རྒན་ཚོས་སློབ་ཁྲིད་ཞིབ་འཇུག་གི་དཔྱད་རྩོམ19སྤེལ། སྤྱི་ལོ2010ལོར་སློབ་གླིང་གི་དགེ་རྒན་གྱིས་སློབ་ཁྲིད་ཞིབ་འཇུག་གི་དཔྱད་རྩོམ་ཁྱོན་བསྡོམས165སྤེལ་བ་དེའི་ནང་ལྟེ་བའི་དུས་དེབ18%བཅས་ཡོད།

7 སློབ་ཁྲིད་གྲུབ་འབྲས།   

སྤྱི་ལོ2019ལོའི་ཟླ5པའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ4ཐོབ་ལ། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་དམིགས་བསལ་བྱ་དགའ2དང་བྱ་དགའ་ཨང་དང་པོ4ཐོབ་ཡོད། སློབ་གཉེར་གྱོད་དཔེ《ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ལོ་འཁོར་སྙན་ཞུའི》ནང་ཐེངས་མང་པོར་ཚུད། “‘རྒྱུད་གཅིག་ལམ་གཅིག’གི་ཚོང་དོན་རིག་གནས་རྒྱུན་འཛིན་དང་གསར་གཏོད(གདམ་གསོད)”བཅས་ཀྱི་རྒྱལ་ཁབ་ལས་རིགས་སློབ་གསོའི་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་སྐྲུན་རྣམ་གྲངས་གཙོ་སྐྱོང་བྱས། ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས3དང་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་གསོ་གཏིང་ཟབ་མཉམ་འདྲེས་ཀྱི་དངོས་སྦྱོང་སྟེགས་བུ3དང་དངོས་སྦྱོང་རྟེན་གཞི6བཅས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-28

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།