ཐེན་ཅིན་འགྲིམ་འགྲུལ་ལས་རིགས་སློབ་གླིང་།

ཐེན་ཅིན་འགྲིམ་འགྲུལ་ལས་རིགས་སློབ་གླིང་ནི་སྤྱི་ལོ1953ལོར་འགོ་ཚུགས་པ་དང་། སྤྱི་ལོ2002ལོའི་ཟླ3པར། ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ་དེ་སྔའི་ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་ཅུའུ་ཡི་ཐད་གཏོགས་སློབ་གྲྭ4སྡེབ་སྒྲིག་བྱས་ནས་ཐེན་ཅིན་འགྲིམ་འགྲུལ་ལས་རིགས་སློབ་གླིང་བཙུགས་པ་དང་། ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ(ཚོགས་པ)ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས།
ཐེན་ཅིན་འགྲིམ་འགྲུལ་ལས་རིགས་སློབ་གསོ་དེ་སྤྱི་ལོ1953ལོར་འགོ་ཚུགས།
སྤྱི་ལོ2007ལོའི་ཟླ6པར་ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་ནོར་སྲིད་ཅུའུ་ཡིས་དཔྱད་ཞིབ་བྱས། “ཐེན་ཅིན་གྲོང་ཁྱེར་གྱི་དཔེ་སྟོན་རང་བཞིན་གྱི་ལས་རིགས་སློབ་གླིང་འཛུགས་སྐྲུན་རྣམ་གྲངས”རྣམ་གྲངས་བཙུགས་ནས་སློབ་གླིང་འཛུགས་སྐྲུན།
སྤྱི་ལོ2008ལོར་སློབ་གླིང་དེ་རྒྱལ་ཡོངས་ཀྱི“མཐོ་སློབ་ཀྱི་ཐིག་རྟགས་ཤེས་ལྡན་མི་སྣ་གསོ་སྐྱོང་དཔེ་སྟོན་རྟེན་གཞིར”གཏན་འཁེལ་བྱས།
སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པ་བརྒྱུད་ཞིབ་བཤེར་རྩིས་ལེན་བྱས།
སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུས་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་རིགས་གསུམ་པའི་འཛུགས་སྐྲུན་ཚན་པའི(ཡིག་ཚགསB)ནང་བཅུག
སློབ་གླིང་དུ་ཟོག་འགྲེམས་བཟོ་སྐྲུན་སློབ་གླིང་དང་། རླངས་འཁོར་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ལམ་ཟམ་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་། རྒྱལ་སྤྱིའི་སྤེལ་རེས་སློབ་གླིང་སོགས་སློབ་ཁྲིད་ཡན་ལག་སློབ་གླིང་བདུན་བཙུགས་ཡོད། རྨང་གཞིའི་སློབ་ཁྲིད་པུའུ་དང་། ལུས་རྩལ་ལས་དོན་པུའུ། བསམ་བློ་ཆབ་སྲིད་པུའུ་སོགས་སློབ་ཁྲིད་པུའུ་གསུམ་བཅས་ཡོད།
སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན338ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་། ཐེན་ཅིན་གྲོང་ཁྱེར་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་3ཞིང་ཆེན་དང་པུའུ་རིམ་པའི་ཆེད་ལས་སྣེ་ཁྲིད་པ4 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1བཅས་ཡོད། ཐེན་ཅིན་གྲོང་ཁྱེར་རིམ་པའི་སློབ་ཁྲིད་ཚོགས་པ2བཅས་ཡོད།
སློབ་གླིང་གི་རྒྱ་ཁྱོནལ་མུའུ702ཟིན་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི17.4ཟིན་པ། མ་རྩ་སྒོར་དུང་ཕྱུར་གསུམ་ཙམ་ཡོད་པ་དང་། དེའི་ནང་སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི4000ལྷག་ཙམ་ཟིན་ཡོད། སློབ་གླིང་དུ་སློབ་གྲྭའི་ནང་ཚོད་ལྟའི་དངོས་སྦྱོང་ཁང48དང་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི128བཙུགས་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་ཁང་དང་པོ་དང་ཐེན་ཅིན་གྲོང་ཁྱེར་མི་དོན་ཅུའུ་ཡི་ལས་ཁུངས་དང་བྱ་གཞག་ཚན་པའི་བཟོ་པའི་ལག་རྩལ་རིམ་པ་གསོ་སྦྱོང་དཔྱད་ཞིབ་ཀྱི་ལས་དོན་ས་ཚིགས་དང་པོ་སོགས་གསོ་སྦྱོང་གསལ་འབྱེད་སྒྲིག་གཞི14ཡོད་པ་དང་། ལས་རིགས15ཡི་ལས་རིགས་ཐོབ་ཐང་གསལ་འབྱེད་བྱས་ཡོད། ལས་ཐོག་ལས་བཟོ་པའི་ལས་གནས་གསོ་སྐྱོང་སྦྱོང་བརྡར་དང་། མུ་མཐུད་སློབ་གསོ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་གནས་བསྒྱུར་བའི་གསོ་སྐྱོང་སྦྱོང་བརྡར། ལས་གནས་ལས་བྲལ་ཏེ་ལས་ཞུགས་བསྐྱར་མ་བྱ་རྒྱུའི་གསོ་སྐྱོང་སྦྱོང་བརྡར་སོགས་བྱས། ལོ་རེར་གསོ་སྦྱོང་བྱེད་ཚད་མི་ཐེངས20000ཙམ་ཟིན་ཡོད།
སློབ་གླིང་དེར་རྒྱལ་ཁབ་འགྲིམ་འགྲུལ་པུར“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ལས་རིགས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ།
སློབ་གླིང་དེར“སྤྱི་ལོ2003ལོ་ནས་སྤྱི་ལོ2004ལོའི་བར་གྱི་ཐེན་ཅིན་གྲོང་ཁྱེར་གྱི་ཤེས་དཔལ་སློབ་གྲྭའི”མཚན་སྙན་ཐོབ།
སློབ་གླིང་དེར“ཐེན་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་སྔོན་ཐོན་ཚན་པར”ཐོབ།
སློབ་གླིང་དེར“ཐེན་ཅིན་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཚན་པར”ཐོབ།
སློབ་གླིང་དེར་“ཐེན་ཅིན་གྲོང་ཁྱེར་གྱི་ཁ་ལོ་བའི་མཐུན་ཚོགས་ཀྱི་སྔོན་ཐོན་ལས་དོན་ཚོགས་ཆུང”གི་མཚན་སྙན་ཐོབ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-09-08
གསར་སྤེལ་མཁན། :སེང་ལྡེང་མཚོ།