ལེའོ་ཉིང་ས་གཤིས་བཟོ་སྐྲུན་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེའོ་ཉིང་ས་གཤིས་བཟོ་སྐྲུན་ལས་རིགས་སློབ་གླིང་།
ལེའོ་ཉིང་ས་གཤིས་བཟོ་སྐྲུན་ལས་རིགས་སློབ་གླིང་ནི་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་བ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ནས་རྒྱལ་ཁོངས་ཐོན་ཁུངས་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། རང་རྒྱལ་གྱི་ས་གཤིས་ལ་བརྟེན་ནས་མིང་བཏགས་པའི་མཐོ་རིམ་ལས་རིགས་སློབ་གླིང་གཅིག་པུ་དེ་ཡིན་པ་དང་ལེའོ་ཉིང་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁地质工程职业学院
ཕྱི་ཡིག་གི་མིང་།
liaoning geology engineering vocational college
བཙུགས་ལོ།
སྤྱི་ལོ1984ལོ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
ད་ལྟའི་གླིང་གཙོ།
ཆོ་ཕེ་ཁོ།
གཙོ་གཉེར་སྡེ་ཁག
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
ཁོངས་གཏོགས་ས་ཁུལ།
ལེའོ་ཉིང་ཏེ་ཏན།
1 ​སློབ་གཉེར་ཆ་རྐྱེན།

སློབ་གླིང་ནི་རྒྱལ་ཡོངས་ཀྱི་མཐའ་མཚམས་གྲོང་ཁྱེར་ཆེ་ཤོས་ནས་ཏན་ཏུང་བར་ཡིན། ས་བཟུང་རྒྱ་ཁྱོན་ལ་མུའུ502ཡོད་པས་འཚོ་སྡོད་མི4000ཡོད། སློབ་གླིང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས་ལས་རིགས་དང་ས་ཁོངས་ཀྱི་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ལ་ཞབས་འདེགས་ཞུ་རྒྱུ་དམིགས་སུ་བཟུང་ནས། “ཁྲོམ་ར་ཕྱོགས་སྟོན་དུ་བྱེད་པ་དང་། བསྒྱུར་བཅོས་སྒུལ་ཤུགས་བྱེད་པ། སྤུས་ཚད་ལ་བརྟེན་ནས་འཚོ་གནས་དང་ཁྱད་ཆོས་ལ་བརྟེན་ནས་འཕེལ་རྒྱས་ཡོང་ཐབས་བྱེད་པའི”སློབ་གཉེར་འདུ་ཤེས་བཟུང་ཡོད་པ་དང་། “གཤམ་དུ་སྐྱོད་ཐུབ་པ་དང་། གནས་ཐུབ་པ། བེད་སྤྱོད་ཐུབ་པ”བཅས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། རྒྱལ་ཁོངས་ཐོན་ཁུངས་ལས་རིགས་ལ་ཁ་ཕྱོགས་པའི་ལས་གནས་ཚོགས་པ་ཆགས་པ་དང་། ཐོན་ཁུངས་རིགས་ཀྱི་ཆེད་ལས་གཙོ་བོར་བྱེད་པ་དང་། ས་གཏེར་གྱི་ཁ་ཕྱོགས་འཕྲུལ་གློག་དང་ཨར་ལས་རིགས་ཀྱི་ཆེད་ལས་ཀྱིས་རམ་འདེགས་བྱེད་པའི་ཆེད་ལས་ཀྱི་རྣམ་པ་ཆགས་པར་བྱ་དགོས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1984ལོར། བྱང་ཤར་མདོག་ལྡན་ལྕགས་རིགས་ས་གཤིས་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཙུགས།

སྤྱི་ལོ1994ལོར། བྱང་ཤར་མདོག་ལྡན་ལྕགས་རིགས་ས་གཤིས་ལས་བཟོའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞེས་པར་བྱང་ཤར་མདོག་ལྡན་ལྕགས་རིགས་བཟོ་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ2005ལོར། བྱང་ཤར་མདོག་ལྡན་ལྕགས་རིགས་བཟོ་ལས་སློབ་གྲྭ་བྱང་ཤར་བཟོ་ལས་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ2006ལོར་ཏན་ཏུང་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་སློབ་གྲྭ་བྱང་ཤར་བཟོ་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ2007ལོར། བྱང་ཤར་བཟོ་ལས་སློབ་གྲྭ་ལེའོ་ཉིང་ས་གཤིས་བཟོ་སྐྲུན་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས།

3 དགེ་རྒན་གྱི་དཔུང་སྡེ། 

སློབ་གླིང་དུ་དགེ་རྒན་གྱི་ཀུན་སྤྱོད་བཟང་བ་དང་། གྲུབ་ཚུལ་ལུགས་མཐུན། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། ཆེད་ལས་དང་ཞོར་གཏོགས་ཟུང་འབྲེལ་བཅས་ཀྱི“ཉིས་འཇོན་དགེ་རྒན”གྱི་བྱང་ཚད་ལྡན་པའི་དགེ་རྒན་དཔུང་ཁག་ཅིག་ཡོད། དགེ་རྒན་དང་ལས་བཟོ་པའི་བསྡོམས་གྲངས265དང་ཆེད་བསྐོས་དགེ་རྒན171ཡོད། གཅིག་ལྕོགས་དགེ་རྒན67དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་དགེ་རྒན69 རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན88བཅས་ཡོད། 

4 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཆའོ་ཕེ་ཁོ།

གླིང་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སུན་ཀུའེ་ཧྥང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུའི་ཧྲུའུ་ཅི། ཀའོ་ཧྲན། 

གླིང་གཙོ་གཞོན་པ། ཝང་ཝུན་ཧུའེ།

གླིང་གཙོ་གཞོན་པ། ཧའོ་ཀྲེ་ཞན།

གླིང་གཙོ་གཞོན་པ། བཟོ་ཚོགས་ཀྱི་ཀྲུའུ་ཞི། ཝང་ཡོན་ཅུན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-11

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།