ཅི་ལིན་ཉེན་རྟོག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅི་ལིན་ཉེན་རྟོག་སློབ་གླིང་།
​ཅི་ལིན་ཉེན་རྟོག་སློབ་གླིང་ནི་ཅི་ལིན་ཞིང་ཆེན་གྱི་སྤྱི་བདེ་དངོས་གཞིའི་སྡེ་ཁག་གི་སློབ་གླིང་གཅིག་པུ་དེ་ཡིན། སྔོན་མ་ནི་སྤྱི་ལོ1949ལོར་བཙུགས་པའི་ཅི་ལིན་ཞིང་ཆེན་སྤྱི་བདེ་ལས་བྱེད་སློབ་གྲྭ་ཡིན་ཞིང་། སྤྱི་ལོ1985ལོར་དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་ཅི་ལིན་སྤྱི་བདེ་ཆེད་སྦྱོང་སློབ་གྲྭ་བཙུགས་པ་དང་། རྒྱལ་ཡོངས་ཀྱི་ཁག་དང་པོར་བཙུགས་པའི་སྤྱི་བདེའི་ཆེད་སྦྱོང་སློབ་གྲྭ13གྱི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉林警察学院
ཕྱི་ཡིག་གི་མིང་།
Jilin Police College
བཙུགས་ལོ།
སྤྱི་ལོ1949ལོ།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྲིད་འཛིན་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཅི་ལིན་ཞིང་ཆེན།
འགོ་ཁྲིད།
ཀྲའོ་ཡའོ་ཏོན།
ས་གནས།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཅིང་ཡུའེ་དཔལ་འབྱོར་གསར་སྤེལ་ཁུལ་པོ་ཧྲོ་ལམ་ཨང1399པ།
སློབ་གྲྭའི་ཚབ་ཨང་།
11441
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2010ལོའི་ཟླ3པའི་ཚེས18ཉིན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སྒྲིག་བཀོད་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་དང་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་དེ་ཅི་ལིན་ཉེན་རྟོག་སློབ་གླིང་དུ་བསྒྱུར། 

སྤྱི་ལོ2018ལོའི་ཟླ9པར། སློབ་གླིང་ལ་སློབ་གསོ་པུའུ་ཡི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་ལས་དོན་གྱི་ཚད་ལོན་བརྟག་དཔྱད་བདེ་བླག་ངང་ཐོབ་ཡོད།

2 སློབ་གཉེར་རྒྱ་ཁྱོན།
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ10པར། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ487ཡོད་པའི་ནང་དགེ་རྒན345ཡོད། དགེ་རྒན་ཆེན་མོ35དང་དགེ་རྒན་ཆེན་མོ་གཞོན་པ102ཡོད། འབུམ་རམས་པ37དང་རབ་འབྱམས་པ235ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན1 ཅི་ལིན་ཞིང་ཆེན་གྱི་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ2དང་། ཅི་ལིན་ཞིང་ཆེན་གྱི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ5ཡོད། ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན7ཡོད་པ་དང་སྤྱི་བདེ་པུའུ་ཡི་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན2ཡོད། 

2_2 སློབ་གླིང་དང་སྡེ་ཁག ཆེད་ལས།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྡེ་ཁག7ཡོད་དེ།(མྱུལ་ཞིབ་སྡེ་ཁག་དང་བདེ་འཇགས་སྡེ་ཁག ཁྲིམས་ལུགས་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག ཀྲུང་ཕྱིའི་སྐད་ཡིག་སྡེ་ཁག རྨང་གཞིའི་པུའུ། ཉེན་རྟོག་པའི་ལུས་རྩལ་པུའུ)དངོས་གཞིའི་སྡེ་ཁག་ལ་ཆེད་ལས13དང་། ཆེད་སྦྱོང་རིམ་པར་ཆེད་ལས7བཅས་ཡོད། 

3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སྤྱི་བདེ་པུའུ་ཡི་གཙོ་གནད་ཆེད་ལས་འཛུགས་སྐྲུན་ས་ཚིགས1དང་ཞིང་ཆེན་མཐོ་སློབ་ཀྱི་སྤུས་རྟགས་ཆེད་ལས1ཡོད། ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཁྱད་ཆོས་ལྡན་པའི་ཆེད་ལས་4ཡོད་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་གྲྭའི་ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་ཚོད་ལྟའི་ཆེད་ལས1ཡོད། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1འཛུགས་སྐྲུན་བྱས། ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་3དང་། ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3 ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ2དང་ཞིང་ཆེན་རིམ་པའི་སྤུས་ལེགས་དང་ཕུལ་བྱུང་སློབ་ཚན11ཡོད་པ་རེད།

3_1 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་སྤྱི་བདེ་རིག་པ་དང་སྤྱི་བདེ་ལག་རྩལ་གྱི་རིམ་པ་དང་པོའི་རིག་ཚན་གཉིས་ཅི་ལིན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”ལེགས་ཆའི་ཁྱད་ཆོས་ལྡན་པའི་གཙོ་གནད་འཛུགས་སྐྲུན་གྱི་རིག་ཚན་དུ་གཏན་འཁེལ་བྱས་པ་རེད།

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་གཙོ་གནད་ཚོད་ལྟ་ཁང2དང་། ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ལས་གྲྭའི་ཞིབ་འཇུག་ལྟེ་གནས1 ཞིང་ཆེན་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི2 ཞིང་ཆེན་མཐོ་སློབ་ཅི་ལིན་གྱི་ཁྱད་ལྡན་རིག་མཛོད་གསར་པ1དང་ཞིང་ཆེན་མཐོ་སློབ་ཀྱི་རྣམ་གྲངས་བཙུགས་ནས་གསར་གཏོད་ཚོགས་པ1སྐྱེད་སྲིང་བྱས། 

ཅི་ལིན་ཞིང་ཆེན་མཐོ་སློབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”འདུ་འགོད་ཞིབ་འཇུག་ལྟེ་གནས། ཉེས་དོན་ཚན་རིག་ལག་རྩལ་འདུ་འགོད་ཞིབ་འཇུག་ལྟེ་གནས།

ཞིང་ཆེན་རིམ་པའི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས། ཅི་ལིན་སྤྱི་པའི་ཆེད་ལས་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས།

4_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་ཁྱོན་རིགས་ཁག་གི་སློབ་དཔྱོད་དང་ཚན་ཞིབ་རྣམ་གྲངས428ལེགས་སྒྲུབ་བྱས་པའི་ནང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་སློབ་དཔྱོད་དང་ཚན་ཞིབ་རྣམ་གྲངས261ཡོད་པ་རེད། གྲུབ་འབྲས216ལ་བྱ་དགའ་ཐོབ་ཡོད། ཆེད་རྩོམ་དང་སློབ་དེབ187རྩོམ་སྒྲིག་བྱས་པ་དང་རིག་གཞུང་དཔྱད་རྩོམ1284སྤེལ་ཡོད།

སྤྱི་ལོ2015ལོར་ཅི་ལིན་ཞིང་ཆེན་སློབ་གསོ་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”འཆར་འགོད་ཞིབ་འཇུག་བྱ་གཞིའི་སློབ་གྲྭའི་ཞིབ་འཇུག་བྱ་གཞི9ལ་རྣམ་གྲངས་འཛུགས་ཆོག་པའི་ཆོག་མཆན་ཐོབ་ཡོད།

5 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཧུའུ་ཏེན།

གླིང་གཙོ། ཀྲང་ཀྲའོ་རོའུ།

གླིང་གཙོ་གཞོན་པ། ཅང་ཡན། ཝང་ཁྲུན། ཞུས་ཐིའེ། ཝང་ཧྲུའུ་ཀང་།

སྒྲིག་ཨུའི་ཧྲུའུ་ཅི། ཕུ་ཧྲུའུ་ཧྲན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།