ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་།
ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་གནས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ཡི་ཐད་གཏོགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱི་བདེ་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་རེད། སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་གིས་རྒྱ་ཁྱོན་མུའུ1113ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི20ལྷག་ཟིན། དངོས་གཞིའི་ཚན་ཁག་གི་ཆེད་ལས7བཙུགས་པ་དང་དགེ་རྒན་དང་ལས་བཟོ་པ་བ449ཡོད། མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན190(དེའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན40)དང་། འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ཡོད་མཁན351ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京森林警察学院
ཕྱི་ཡིག་གི་མིང་།
Nanjing Forestpolice College
བསྡུས་མིང་།
ནགས་ཚལ་ཉེན་རྟོག་ཁང་། (NFPC)
བཙུགས་ལོ།
སྤྱི་ལོ1953ལོ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྤྱི་བདེ་རིགས།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཞན་ལིན་སློབ་ཆེན་ཝུན་ལན་ལམ་ཨང28པ།     ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་མེ་ཏོག་ལྡུམ་རའི་ལམ་ཨང11པ།
སློབ་གྲྭའི་དམ་ཚིག
བློ་དཀར་དང་། མཐུན་སྒྲིལ། གཟབ་ནན། བརྩོན་འགྲུས་བཅས།
སློབ་བཙུགས་དུས་ཆེན།
ཟླ10པའི་ཚེས28ཉིན།
སློབ་གྲྭའི་ཚབ་ཨང་།
11466
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2010ལོའི་ཟླ3པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ནན་ཅིང་ནགས་ཚལ་སྤྱི་བདེ་མཐོ་རིམ་ཆེད་ཚན་སློབ་གྲྭའི་རྨང་གཞིའི་ཐོག་ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་བཙུགས།

སྤྱི་ལོ2012ལོའི་ཟླ11པར་ཞིབ་འཇུག་སློབ་མའི་གཞུང་ལས་ཁང་བཙུགས་པ་དང་ཚན་རྩལ་ཁྲུའུ་རུ་བཙུགས་པ་མ་ཟད། ཞིབ་འཇུག་སློབ་མའི་སློབ་གསོའི་འཆར་འགོད་ཀྱང་ལག་བསྟར་བྱེད་འགོ་ཚུགས་པ་རེད།

སྤྱི་ལོ2014ལོའི་ཟླ5པའི་ཚེས22ཉིན་སློབ་གྲྭར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ཡོན་གནས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ལ་ཞིབ་དཔྱད་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོས་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཚན་པར་གཏན་འཁེལ་བྱ་རྒྱུའི་མོས་མཐུན་བྱས་པ་དང་འབྲེལ་མྱུལ་ཞིབ་རིག་པ་དང་། བདེ་འཇགས་རིག་པ། ཉེས་དོན་ཚན་རིག་ལག་རྩལ། མེ་ཟོན་འདུ་འགོད(ནགས་མེ་དོ་དམ་ཁ་ཕྱོགས)ཀྱི་ཆེད་ལས4ཤེས་རམས་པའི་ཐོབ་ཐང་སྤྲོད་གནས་ཡོད་པའི་ཆེད་ལས3དུ་བརྩི་རྒྱུའི་མོས་མཐུན་བྱུང་།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང7དང་དངོས་གཞིའི་ཚན་ཁག་གི་ཆེད་ལས7བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ449ཡོད་པ་དེའི་ནང་། མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན190(དེའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན40)དང་། འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ཡོད་མཁན351  རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན4  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ3བཅས་ཡོད།   སྤྱི་ལོ2018ལོ་ནས་སྤྱི་ལོ2022ལོའི་བར་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན3དང་ཅང་སུའུ་ཞིང་ཆེན་གྱི“སྔོ་ལྗང་ལས་གྲྭ”དར་གཞོན་རིག་གཞུང་སྣེ་ཁྲིད་པ8  ཅང་སུའུ་ཞིང་ཆེན་གྱི“333ལས་གཞིའི”རིམ་པ་གསུམ་པའི་གསོ་སྐྱོང་བྱ་ཡུལ་9ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི“ཤེས་ལྡན་མི་སྣ་ཁྲི་བརྒྱ་སྟོང་གི་འདུ་འགོད”ཞིང་ཆེན་དང་པུའུ་རིམ་པའི་འོས་མི5དང་ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་ཚོགས་པ2ཡོད།

2_3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་དུ་ཅང་སུའུ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཛུགས་སྐྲུན་རིག་ཚན3དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཙོ་གནད(གསོ་སྤེལ)རིག་ཚན1ཡོད།

2_4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་ལ་རྒྱལ་ཁབ་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ2དང་། ཅང་སུའུ་ཞིང་ཆེན་གྱི་སྤུས་རྟགས་ཆེད་ལས1 ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་ཆེད་ལས1 སྤྱི་བདེའི་མཐོ་རིམ་སློབ་གསོའི་གཙོ་གནད་ཆེད་ལས་བཅས་སྐྱེད་སྲིང་བྱེད་ས1 ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས2བཅས་ཡོད་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་སྤུས་དག(ཕུལ་བྱུང)སློབ་ཚན8དང་ཞིང་ཆེན་དང་པུའུ་རིམ་པའི་སྤུས་དག་སློབ་དེབ7བཅས་ཡོད།

2_5 རྒྱལ་སྤྱིའི་སྤེལ་རེས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་གིས་ཨ་རི་དང་། ཨུ་རུ་སུ། དབྱིན་ཇི། ཁ་ན་ཏ། ནེའུ་ཙི་ལན། སུའེ་ཏེན། ཏེན་མགཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར། ཝེ་ཐེ་ནམ་སོགས་རྒྱལ་ཁབ་མང་པོ་དང་ཀྲུང་གོའི་ཐའེ་ཝན་དང་ཤང་ཀང་ས་ཁུལ་གྱི་ཉེན་དོན་ཉེན་རྟོག་པའམ་ཡང་ན་ནགས་ཚལ་མེ་ཟོན་ལས་རིགས་གཅིག་པའི་དབར་འབྲེལ་བ་བཙུགས།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་དུ་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་སྒྲིག་གཞི7དང་སློབ་གྲྭ་རིམ་པའི་ཚན་ཞིབ་སྒྲིག་གཞི10བཙུགས། གཞན་ཡང་ད་དུང་ཞིང་ཆེན་གྱི་ཕུལ་བྱུང་ཚན་རྩལ་གསར་གཏོད་ཚོགས་པ་ཞིག་ཡོད། 

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་གིས་སྔ་རྗེས་སུ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་དང་། རྒྱལ་ཁབ་ཀྱི“948”འཆར་གཞི། སྤྱི་བདེ་པུའུ། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་ནགས་ལས་ཅུས། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་། ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་སོགས་ཐིང་ཅུས་རིམ་པ་ཡན་གྱི་རྣམ་གྲངས119ཡི་འགན་འཁུར་བ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཁག5དང་རྒྱལ་ཁབ་ཀྱི་གསར་གཏོད་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག20ཐོབ།

སྤྱི་ལོ2013ལོའི་ཟླ12པའི་བར། དཔེ་མཛོད་ཁང་གི་ཤོག་སྙིགས་ཉར་དེབ་བསྡོམས་འབོར་དེབ593741ཟིན་པ་དང་གཞན་ཡང་གློག་རྡུལ་དཔེ་དེབ་སྣ་ཁ1676194ཡོད། ཤོག་བུའི་དུས་དེབ984དང་གློག་རྡུལ་དུས་དེབ32900ཡོད། རིགས་དབྱིབས་ཆ་ཚང་རགས་ཙམ་གྲུབ་ནས་སྤྱི་བདེ་བཅའ་ཁྲིམས་ཀྱི་ཚད་ལྡན་ཡིག་ཆ་ཁྱད་ཆོས་སུ་བཟུང་། རིག་གནས་དང་། རང་བྱུང་ཚན་རིག ནགས་ལས། སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཐོན་ཁུངས་མ་ལག་ནང་དཔེ་མཛོད་ཁང་དང་དྲ་ཚིགས་ཀྱི་ལོ་རེའི་འཚམས་འདྲི་བྱེད་ཚད་ཐེངས་ཁྲི20ཙམ་རྒྱུན་འཁྱོངས་ཐུབ་ཡོད། CNKIསོགས་གཞི་གྲངས་མཛོད་གཙོ་བོའི་དཔྱད་འཚོལ་བྱེད་ཚད་ཐེངས་ཁྲི279ལྷག་ཙམ།

4 ​སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི།  ཝང་ཆིའུ་ཝུན།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ།  ཀྲང་ཀའོ་ཝུན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་ཆེན། རིག་ཚན་འཛུགས་སྐྲུན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-26

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།