པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་།
པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའུ་གསོ་སྦྱོང་ལྟེ་གནས)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའི་ཐད་གཏོགས་ཀྱི་སྤྱི་ཚོགས་ལས་དོན་དང་། སྤྱི་ཚོགས་དོ་དམ། སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་རྩལ་ནུས་ཅན་གྱི་ཤེས་ལྡན་པ་ཆེད་མངགས་གསོ་སྐྱོང་བྱེད་པའི་གཞུང་བཙུགས་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས་དང་། དམངས་སྲིད་པུའི་ལས་རིགས་རྩལ་ནུས་གསལ་འབྱེད་མཛུབ་སྟོན་ལྟེ་གནས། དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་ཞིབ་འཇུག་ལྟེ་གནས་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་དམངས་སྲིད་མཐོ་རིམ་ལས་རིགས་སློབ་གསོ། ལས་བྱེད་པ་གསོ་སྦྱོང་། ཚན་རིག་ཞིབ་འཇུག་རྟེན་གཞི་བཅས་ཡིན། སློབ་གསོ་པུའི་རྒན་རྒོན་ཞབས་ཞུ་དང་དོ་དམ་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་སྐྲུན་ཚན་པ་དང་རྒྱལ་ཡོངས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ལས་རིགས་ཀྱི་ཚོད་ལྟའི་ཚན་པ་ཁག་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京社会管理职业学院
ཕྱི་ཡིག་གི་མིང་།
Beijing College Of Social Administration
བཙུགས་ལོ།
སྤྱི་ལོ1959ལོ།
རིགས་དབྱེ།
གཞུང་གཉེར་མཐོ་སློབ།
ངོ་བོ།
སློབ་གསོ་པུའི་རྒན་རྒོན་ཞབས་ཞུ་དང་དོ་དམ་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་སྐྲུན་ཚན་པ།(སྤྱི་ལོ2015ལོར) རྒྱལ་ཡོངས་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ལས་རིགས་ཀྱི་ཚོད་ལྟའི་ཚན་པ་ཁག་དང་པོ།(སྤྱི་ལོ2015ལོར)
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་། ཀྲོའུ་ཝུན་ཀའེ།
མཐོ་རིམ་ལས་རིགས་ཆེད་ལས།
18
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
རྒན་རྒོན་བདེ་སྐྱིད་སློབ་གླིང་། སྤྱི་ཚོགས་ལས་དོན་སློབ་གླིང་། བདེ་ཐང་སླར་གསོའི་བཟོ་སྐྲུན་སློབ་གླིང་། བྱིས་པའི་སློབ་གསོ་དང་འཕེལ་རྒྱས་སློབ་གླིང་། ཚེ་སྲོག་རིག་གནས་སློབ་གླིང་། གཉེན་སྟོན་རིག་གནས་དང་སྨྱན་སྦྱོར་སྒྱུ་རྩལ་སློབ་གླིང་།
སློབ་གྲྭའི་དམ་ཚིག
ཐོས་པ་དོན་གཉེར། སྤྱོད་ཡོན་བལྟོས་གྲུབ། བྱམས་སེམས་བསྐྱེད་པ། སྤྱི་ཚོགས་ཞབས་ཞུ།
གནས་ཡུལ།
ཀྲུང་གོའི་པེ་ཅིང་གྲོང་ཁྱེར་ཏུང་ཡན་གྲོང་འདབས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཡན་ལིང་ལམ་ཨང2པ།
གཞུང་ཕྱོགས་དྲ་གནས།
http://www.bcsa.edu.cn
1 ​ངོ་སྤྲོད།

པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའི་ཐད་གཏོགས་ཀྱི་སྤྱི་ཚོགས་ལས་དོན་དང་། སྤྱི་ཚོགས་དོ་དམ། སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་རྩལ་ནུས་ཅན་གྱི་ཤེས་ལྡན་པ་ཆེད་མངགས་གསོ་སྐྱོང་བྱེད་པའི་གཞུང་བཙུགས་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས་དང་། དམངས་སྲིད་པུའི་ལས་རིགས་རྩལ་ནུས་གསལ་འབྱེད་མཛུབ་སྟོན་ལྟེ་གནས། དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་ཞིབ་འཇུག་ལྟེ་གནས་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་དམངས་སྲིད་མཐོ་རིམ་ལས་རིགས་སློབ་གསོ། ལས་བྱེད་པ་གསོ་སྦྱོང་། ཚན་རིག་ཞིབ་འཇུག་རྟེན་གཞི་བཅས་ཡིན། སློབ་གསོ་པུའི་རྒན་རྒོན་ཞབས་ཞུ་དང་དོ་དམ་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་སྐྲུན་ཚན་པ་དང་རྒྱལ་ཡོངས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ལས་རིགས་ཀྱི་ཚོད་ལྟའི་ཚན་པ་ཁག་དང་པོ་ཡིན།

སྤྱི་ལོ2020ལོའི་ཟླ4བར་སློབ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་དུ་ཡན་སློབ་ཁུལ་དང་ཏ་ཞིན་སློབ་ཁུལ་གཉིས་བཙུགས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་མུའུ906ཟིན་པ་དང་། ལུས་རྩལ་ཁང་དང་། དཔེ་མཛོད་ཁང་། པུའུ་རིམ་པའི་གཙོ་གནད་དངོས་སྦྱོང་ཁང་བཅས་ཚུད་པའི་དངོས་སྦྱོང་ལྟེ་གནས10ལྷག་ཙམ་དང་དངོས་སྦྱོང་ཁང60ལྷག་ཙམ་བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ4500ལྷག་ཙམ་དང་དགེ་རྒན་དང་ལས་བཟོ་བ325ཡོད་པ། རིམ་པ་གཉིས་པའི་སློབ་གླིང6བཙུགས་ཡོད་པ་དང་ཆེད་ལས18བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1959ལོར་སྲིད་པུའི་ལས་བྱེད་སློབ་གྲྭ་བཙུགས།

སྤྱི་ལོ1983ལོའི་ཟླ12པར། དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ནས་དམངས་སྲིད་པུའུ་དོ་དམ་ལས་བྱེད་པའི་སློབ་གླིང་དངོས་སུ་བཙུགས།

སྤྱི་ལོ1995ལོའི་ཟླ5བར་དམངས་སྲིད་པུའུ་ཡིས་དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས་བཙུགས་ནས་སློབ་གླིང་དང་མཉམ་དུ་གཞུང་དོན་བསྒྲུབས།

སྤྱི་ལོ2007ལོའི་ཟླ4བར་དམངས་སྲིད་པུའུ་ཡིས་དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་ཞིབ་ཕྲའི་ལས་དོན་སློབ་གླིང་གིས་འགན་འཁུར་གྱིན་ཡོད། ལོ་དེའི་ཟླ6པར་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་བཙུགས་པ་དང་། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གཉེར་བརྒྱུད་རིམ་སློབ་གསོ་སྤེལ།    

སྤྱི་ལོ2010ལོའི་ཟླ9བར་ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། དམངས་སྲིད་པུའི་དོ་དམ་ལས་བྱེད་པའི་སློབ་གླིང་དང་། དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས། ཀྲུང་གོའི་རྐང་རྫུན་བཅོས་བསྲང་གསོ་སྦྱོང་ལྟེ་གནས། པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་བཅས་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་དུ་བསྡུ་སྒྲིལ་བྱས་པ་མ་ཟད། དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་ཡང་བཀལ།    

སྤྱི་ལོ2015ལོར་སློབ་གསོ་པུའི་རྒན་རྒོན་ཞབས་ཞུ་དང་དོ་དམ་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་སྐྲུན་ཚན་པ་དང་ཁག་དང་པོའི་རྒྱལ་ཡོངས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ལས་རིགས་ཀྱི་ཚོད་ལྟའི་ཚན་པར་ཆོག་མཆན་ཐོབ།

3 རིག་གཞུང་ཞིབ་འཇུག    
3_1 ཚན་ཞིབ་སྟེགས་བུ།    

སྤྱི་ལོ2020ལོའི་ཟླ4བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་ཞིབ་འཇུག་སྒྲིག་གཞི2ཡོད་པ་དང་། ཞིབ་འཇུག་སྒྲིག་གཞི་ལ་དམངས་སྲིད་སྲིད་ཇུས་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང་དང་སྤྱི་ཚོགས་ལས་དོན་ཞིབ་འཇུག་ཁང་བཅས་ཡོད།

3_2 ཚན་ཞིབ་གྲུབ་འབྲས།    

སྤྱི་ལོ2020ལོའི་ཟླ4བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། དམངས་སྲིད་སྲིད་ཇུས་རིགས་པའི་གཞུང་ལུགས་ཞིབ་འཇུག་སུའོ་ཡིས་སྤྱི་ལོ2015ལོར་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི5དང་། ཐིང(ཅུའུ)རིམ་པ་དང་དེ་བཞིན་འབྲེལ་ཡོད་ཞིབ་འཇུག་བྱ་གཞི5སློབ་གླིང་གི་གཙོ་གནད་ཞིབ་འཇུག་བྱ་གཞི1 བྱ་དགའ4བཅས་ཀྱི་འགན་འཁུར་བ་དང་ལེགས་སྒྲུབ་བྱས། སྤྱི་ཚོགས་ལས་དོན་ཞིབ་འཇུག་ཁང་གིས་དམངས་སྲིད་པུའུ་ཡིས་མངག་བཅོལ་བྱས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་རྣམ་གྲངས་ཁ་ཤས་ལེགས་གྲུབ་བྱུང་། 《ཀྲུང་གོའི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྐོར་གྱི་སྙན་ཞུ(སྤྱི་ལོ2009ལོ་ནས་སྤྱི་ལོ2010ལོའི་བར)》རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀ་ལེགས་འགྲུབ་བྱ་དགོས་པ་དང་། བྱིས་པའི་སྤྱི་ཚོགས་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཞིབ་འཇུག་དང་སྤྱི་ཚོགས་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གོང་སྤེལ་འཆར་འགོད་ཞིབ་འཇུག་བྱས།

4 རིག་གཞུང་ཐོན་ཁུངས།    

སྤྱི་ལོ2020ལོའི་ཟླ4བའི་སློབ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི23ལྷག་ཙམ་ཡོད་པ་དང་ལོ་རེའི་ཆ་སྙོམས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དཔེ་དེབ9000ལྷག་ཙམ་འཚོལ་བསྡུ་བྱས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་ཚགས་པར་དང་དུས་དེབ523ལྷག་ཙམ་ཉོ་སྒྲུབ་བྱས་ཡོད། དཔེ་མཛོད་ཁང་གི་གློག་རྡུལ་ལྟ་ཀློག་ཁང་གིསCNKIཀྲུང་གོའི་ཤེས་རྟོགས་དྲ་བ་དང་། ཝན་ཧྥང་ཤེས་བྱའི་གྲངས་གཞིའི་ཞབས་ཞུའི་ལས་སྟེགས། ཁྲའོ་ཞིང་གློག་རྡུལ་དཔེ་དེབ་སོགས་རྒྱ་ཡིག་གྲངས་གཞིའི་ཐོན་ཁུངས་ཉོས་ཡོད།

5 སློབ་སྒྲུབ་ཆ་རྐྱེན།    
5_1 ཆེད་ལས།

སྤྱི་ལོ2020ལོའི་ཟླ4བའི་སློབ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང6ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་ལས18བཙུགས་ཡོད།

5_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ4བའི་སློབ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ325ཡོད་པའི་ནང་མཐོ་རིམ་གོ་མིང་དགེ་རྒན་གྱིས26%ཡན་བཟུང་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་པའམ་རབ་འབྱམས་པའི་མིང་བཏགས་ཡོད་མཁན་གྱིས་བརྒྱ་ཆའི95ཟིན། དགེ་རྒན་གཉིས་ཀྱི་བསྡུར་ཚད་ཀྱི68%ཡན་ཟིན་པ་དང་རྒྱལ་ཁབ་རིམ་པའི་ལས་རིགས་སློབ་གསོའི་དགེ་རྒན་གྱི་སློབ་ཁྲིད་གསར་གཏོད་ཚོགས་པ1ཡོད་པ་དང་། རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པ1ཡོད། པེ་ཅིན་གྲོང་ཁྱེར་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་ཕུལ་བྱུང་དགེ་རྒན7 པེ་ཅིང་གྲོང་ཁྱེར་གྱི་ལས་རིགས་སློབ་གསོའི་དགེ་རྒན་གྲགས་ཅན2 པེ་ཅིང་གྲོང་ཁྱེར་གྱི་ན་གཞོན་ཤེས་ལྡན་པ5 པེ་ཅིང་གྲོང་ཁྱེར་རིམ་པའི་ཆེད་ལས་སྣེ་ཁྲིད་པ3དང་། ཆེད་ལས་གསར་གཏོད་ལས་གཏོད་ཚོགས་པ2 པེ་ཅིང་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན10 དམངས་སྲིད་ལས་རིགས་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ1བཅས་ཡོད།

5_3 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2020ལོའི་ཟླ4བའི་སློབ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་དུ་དཔེ་མཛོད་ཁང་དང་དངོས་སྦྱོང་ལྟེ་གནས10ལྷག་ཙམ་དང་དམར་སྦྱོང་ཁང60ལྷག་ཙམ་ཡོད་པའི་ནང་པུའུ་རིམ་པའི་གཙོ་གནད་དམར་སྦྱོང་ཁང2ཡོད་པ་དང་། སློབ་གསོ་པུའུ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱད་ལྡན་ཆེད་ལས་གཙོ་གནད་ཐོག་འཛུགས་སྐྲུན་བྱེད་པ་དང་། 《མཐོ་རིམ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་བྱ་སྤྱོད་འཆར་གཞི(སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོའི་བར)》རྣམ་གྲངས་གཏན་འཁེལ་གྱི་རྐང་འཛིན་ཆེད་ལས8ཡོད།

6 ལས་ཐོག་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་། ཀྲོའུ་ཝུན་ཁའེ།

རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཁྲེང་ཝེ།

ཡོན་ཀྲང་གཞོན་པ། ཅ་ཡན་པིང་། མེ་ཡུའུ་པའོ། ཀྲའོ་ཧུང་ཀང་། དབྱང་ཧྥེང་ཞིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-09

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།