ནང་སོག་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནང་སོག་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
ནང་སོག་ཉེན་རྟོག་པའི་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་སྲིད་ཁྲིམས་རིགས་ཀྱི་ཆེད་སྦྱོང་ཚན་ཁག་རིམ་པའི་མཐོ་རིམ་ལས་རིགས་སློབ་གླིང་གཅིག་པུ་དེ་ཡིན་པ་དང་། ལྗོངས་ཡོངས་ཀྱི་སྤྱི་བདེ་དང་སྲིད་ཁྲིམས་ཁོངས་གཏོགས་ལ་ཁ་ཕྱོགས་ནས་ཆེད་སྦྱོང་ཚན་ཁག་གི་སློབ་རྒྱུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། སློབ་ཡུན་ལོ་གསུམ་ཡིན། དེ་དང་ཆབས་ཅིག་ནང་སོག་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་སློབ་གླིང་གི་སྒོ་བྱང་བཀལ་ནས་ལྗོངས་ཡོངས་ཀྱི་སྤྱི་བདེ་དང་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མུ་མཐུད་སློབ་གསོ་དང་ལས་ཐོག་གསོ་སྦྱོང་གི་ལས་འགན་འཁུར་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古警察职业学院
ཕྱི་ཡིག་གི་མིང་།
Inner Mongolia Police Professional College
བཙུགས་ལོ།
སྤྱི་ལོ1948ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་ལས་ཁུངས།
ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་།
རིགས་དབྱེ།
སྲིད་ཁྲིམས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ•ཧུའུ་ཧོ་ཧའོ་ཐེ།
སློབ་གྲྭའི་གཞུང་ཕྱོགས་དྲ་གནས།
www.imppc.cn
1 སློབ་སྒྲུབ་ལོ་རྒྱུས།

སྤྱི་ལོ1948ལོའི་ཟླ3པར་སློབ་གླིང་གི་དེ་སྔའི་ནང་སོག་སྤྱི་བདེ་པུའུ་ཡི་ཐད་གཏོགས་སྦྱོང་བརྡར་ཁོའོ་དེ་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་དུ་བཙུགས་པ་རེད།

སྤྱི་ལོ1953ལོར་ནང་སོག་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ་བཙུགས།

སྤྱི་ལོ1959ལོར་ནང་སོག་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1980ལོར་ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་བྱེད་སློབ་གྲྭ་བཙུགས་པ་དང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་ཉེན་རྟོག་པའི་སློབ་གྲྭ་བཙུགས།

སྤྱི་ལོ2001ལོའི་ཟླ4པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ནང་སོག་ཉེན་རྟོག་པའི་ལས་རིགས་སློབ་གླིང་བཙུགས་པ་རེད།

སྤྱི་ལོ2002ལོའི་ཟླ9པར། ནང་སོག་ཁྲིམས་འཛིན་སློབ་གྲྭ་ནང་སོག་ཉེན་རྟོག་པའི་ལས་རིགས་སློབ་གླིང་དུ་ཞུགས། ལོ་ལྔའི་རིང་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པ་བརྒྱུད་སློབ་གླིང་དེ་ཚད་ལྡན་གྱི་མཐོ་རིམ་སློབ་གསོ་དཀྱུས་མའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད།

2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་མཐོ་རིམ་དང་འབྲིང་རིམ་དགེ་རྒན་རྐང་འཛིན་དུ་བྱེད་པ་དང་། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སློབ་ཁྲིད་ཀྱི་ཆུ་ཚད་མཐོ་བ་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ཆགས་ཡོད། དགེ་རྒན་དང་ལས་བཟོ་པ308དང་། ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་དགེ་རྒན180བཅས་ཡོད། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་སོགས་མཐོ་རིམ་ཡན་གྱི་གོ་མིང་ཡོད་མཁན68དང་རབ་འབྱམས་པའི་བསླབ་གནས་ཡོད་མཁན16ཡོད། ལས་ཐོག་རབ་འབྱམས་པའི་ཞིབ་འཇུག་སློབ་མ19ཡོད།

3 ལས་ཁུངས་ཀྱི་སྒྲིག་གཞི།

སློབ་གླིང་དུ་ཁྲུའུ་རིམ་པའི་སྒྲིག་གཞི17བཙུགས་པའི་ནང་སྲིད་འཛིན་དོ་དམ་སྒྲིག་གཞི6དང་སློབ་ཁྲིད་དང་སློབ་ཁྲིད་གཞོགས་འདེགས་སྒྲིག་གཞི11ཡོད། མྱུལ་ཞིབ་དང་། བདེ་འཇགས། འགྲིམ་འགྲུལ་དོ་དམ། བཅའ་ཁྲིམས། སྤྱི་བདེའི་དྲུང་ཡིག རྩིས་འཁོར་གྱི་ཉེས་གསོག་མྱུལ་ཞིབ། སྡེ་ཁུལ་དོ་དམ་དང་ཞབས་ཞུ་སོགས་ཀྱི་ཆེད་ལས་བཙུགས་ཡོད། མྱུལ་ཞིབ་དང་། བདེ་འཇགས། འགྲིམ་འགྲུལ་དོ་དམ་སོགས་ཆེད་ལས་གཙོ་བོར་སོག་སྐད་སློབ་ཁྲིད་འཛིན་གྲྭ་བཙུགས་ཡོད། སློབ་གླིང་གིས་ད་དུང་ནང་སོག་དང་། ཞིན་ཅང་། ཀན་སུའུ། མཚོ་སྔོན། ཧེ་ལུང་ཅང་། ཅི་ལིན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྤྱི་བདེའི་དཔུང་ཁག་ལ་སོག་རིགས་དང་རྒྱ་རིགས་གཉིས་ཤེས་ཀྱི་སྤྱི་བདེའི་ཆེད་ལས་ཤེས་ལྡན་པ་བཏང་ཡོད།

4 དོ་དམ་ལས་ཁུངས།

ཆབ་སྲིད་པུའུ།

སྒྲིག་བཤེར་གཞུང་དོན་ཁང་།

གཞུང་ལས་ཁང་།

སློབ་དོན་ཁྲུའུ།

དར་མའི་སློབ་གསོ་ཁྲུའུ།

སློབ་མའི་ཁྲུའུ།

རྒྱབ་ཕྱོགས་མཁོ་སྒྲུབ་ཁྲུའུ།

5 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

མྱུལ་ཞིབ་སྡེ་ཁག

བདེ་སྐྱོང་སྡེ་ཁག

འགྲིམ་འགྲུལ་དོ་དམ་སྡེ་ཁག

སྤྱི་བདེའི་དོ་དམ་སྡེ་ཁག

ཁྲིམས་ལུགས་སྡེ་ཁག།

ལྟ་སྐུལ་དོ་དམ་སྡེ་ཁག

ཆབ་སྲིད་གཞུང་ལུགས་པུའུ།

སོག་སྐད་སློབ་ཁྲིད་པུའུ།

6 ཁྱད་ལྡན་ཆེད་ལས།

ནང་སོག་ཉེན་རྟོག་ཁང་གི་ཆེད་ལས་གཙོ་བོར་སོག་པོ་དང་རྒྱ་སྐད་ཀྱི་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་འཛིན་གྲྭ་བཙུགས་ཡོད། ད་ལྟ་མྱུལ་ཞིབ་དང་། བདེ་འཇགས། བགྲོད་ལམ་འགྲིམ་འགྲུལ་དོ་དམ། བཅའ་ཁྲིམས། སྤྱི་བདེའི་དྲུང་ཡིག་སོགས་ཀྱི་ཆེད་ལས་བཙུགས་ཡོད། དེའི་ནང་མྱུལ་ཞིབ་དང་། བདེ་འཇགས། གཞུང་ལམ་འགྲིམ་འགྲུལ་དོ་དམ། སྤྱི་བདེའི་དྲུང་ཡིག་ཆེད་ལས་བཅས་ལ་ཉེན་རྟོག་པའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་པས་ནང་སོག་གི་མཐོ་རིམ་སློབ་གསོའི་སྟོང་ཆ་བསྐངས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-26

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།