ཧེ་ལུང་ཅང་སྤྱི་བདེ་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་ལུང་ཅང་སྤྱི་བདེ་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།
ཧེ་ལུང་ཅང་སྤྱི་བདེ་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་ནི་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གནས་ཤིང་སྔོན་མའི་ཧེ་ལུང་ཅང་སློབ་ཆེན་ཉེན་རྟོག་དཔོན་སློབ་གླིང་ཞེས་པ་དེ་ཡིན་ལ། སློབ་གྲྭ་དེ་སྤྱི་ལོ1946ལོར་བཙུགས་པ་དང་སྤྱི་ལོ2003ལོའི་ཟླ3པར་ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧེ་ལུང་ཅང་སྤྱི་བདེ་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江公安警官职业学院
རིགས་དབྱེ།
སྲིད་ཁྲིམས་རིགས།
དབྱིན་ཡིག་གི་མིང་།
Heilongjiang Police College
གཙོ་གཉེར་ཚན་པ།
ཧེ་ལུང་ཅང་ཞིང་ཆེན།
བཙུགས་ལོ།
སྤྱི་ལོ1946ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
1 སློབ་གླིང་ངོ་སྤྲོད་མདོར་བསྡུས།

ཧེ་ལུང་ཅང་སྤྱི་བདེ་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་ནི་ཧེ་ལུང་ཅང་སློབ་ཆེན་ཉེན་རྟོག་དཔོན་པོའི་སློབ་གླིང་དེ་ཡིན་ལ། དེ་རྗེས་རང་བཙན་བྱས་པ་བརྒྱུད་ཧེ་ལུང་ཅང་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་སློབ་གྲྭ་དང་ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭ་ཟླ་སྒྲིལ་བཏང་ནས་གྲུབ། 

སྤྱི་ལོ1946ལོར་སློབ་གྲྭ་བཙུགས་ནས་སྤྱི་བདེ་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་གསོ་སྦྱོང་བྱས། སྤྱི་ལོ1978ལོ་ནས་བཟུང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ནང་སྤྱི་ལོ1984ལོ་ནས་སྤྱི་ལོ1989ལོའི་བར་ཆེད་སྦྱོང་ཚན་ཁག་གི་འཛིན་གྲྭ་ལོ6ལ་གཉེར།

སྤྱི་ལོ1998ལོ་ནས་སྤྱི་ལོ2003ལོ་བར་ཧེ་ལུང་ཅང་སློབ་ཆེན་དང་མཉམ་ལས་སློབ་གཉེར་གནང་སྟེ། ཧེ་ལུང་ཅང་སློབ་ཆེན་ཉེན་རྟོག་སློབ་གླིང་བཙུགས་ནས་གྲ་སྒྲིག་ཉེན་རྟོག་དཔོན་གསོ་སྐྱོང་བྱེད་འགོ་ཚུགས། 

སྤྱི་ལོ2003ལོའི་ཟླ3པར་ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧེ་ལུང་ཅང་ཞིང་ཆེན་སྤྱི་བདེ་ཉེན་རྟོག་དཔོན་པོའི་ལས་རིགས་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་བཀོད་དེ། ཧེ་ལུང་ཅང་ཞིང་ཆེན་གྱི་སྤྱི་བདེའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན། 

2 སློབ་སྒྲུབ་སྒྲིག་ཆས།

སྤྱི་ལོ2001ལོར་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར་ན། སློབ་གྲྭས་ཧར་པིན་དམངས་ཕན་གསར་སྤེལ་ཁུལ་ནས་ས་ཞིང་མུའུ960(ས་ཞིང་བཟུང་བའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་སྤྱི་བདེ་སློབ་གླིང་གི་མདུན་གྲལ་དུ་སླེབས་ཡོད) སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ106410.65ཟིན་པའི་ནང་སློབ་ཁྲིད་ཐོག་ཁང་སྨི་གྲུ་བཞི་མ20000ཟིན། སྨྱན་མང་གཟུགས་སྐས་རིམ་སློབ་ཁྲིད་ཐོག་ཁང་སྨི་གྲུ་བཞི་མ6464དང་ཚོད་ལྟའི་ཐོག་ཁང་སྨི་གྲུ་བཞི་མ6018 དཔེ་མཛོད་ཁང་ལ་སྨི་གྲུ་བཞི་མ6628དང་ལུས་རྩལ་ཁང་ལ་སྨི་གྲུ་བཞི་མ6000ཡོད། མདའ་ཁང་སྨི་གྲུ་བཞི་མ་1926ཟིན་པ་དང་གཞུང་ལས་ཐོག་ཁང་སྨི་གྲུ་བཞི་མ4123.80ཟིན། སྦྱོང་བརྡར་ཐོག་ཁང་སྨི་གྲུ་བཞི་མ9814དང་སློབ་མའི་ཉལ་ཁང་སྨི་གྲུ་བཞི་མ31419.05ཟིན་ཡོད། སློབ་མའི་ཟ་ཁང་སྨི་གྲུ་བཞི་མ6020ཟིན། སྨན་ཁང་སྨི་གྲུ་བཞི་མ1368ཟིན་པ་ལས་གཞན་ད་རུང་ཁེར་རྐྱང་ཉལ་ཁང་དང་། ཞབས་ཞུ་ལྟེ་གནས། རླངས་འཁོར། གློག་སྒྱུར་ཁང་སོགས་སྨི་གྲུ་བཞི་མ5266.24ཡོད། མཐོངས་ཡངས་ར་སྨི་ངོས་གྲུ96936ཟིན་ཡོད་ལ། དེའི་ནང་མཆོང་རྒྱུག་འཕེན་གསུམ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ30000དང་སྤོ་ལོའི་རིགས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ13300ཟིན། ཡོ་བྱད་ལ་སྨི་གྲུ་བཞི་མ1416ཟིན་ནས་སྨི་གྲུ་བཞི་མ800ཟིན། རླངས་འཁོར་སྦྱོང་བརྡར་བྱ་ཡུལ་སྨི་གྲུ་བཞི་མ50000དང་མཐོངས་ཡངས་རོལ་དབྱངས་ཐང་ཆེན་སྨི་གྲུ་བཞི་མ2500ཡོད་པ་རེད། སློབ་གླིང་ལ་ད་ལྟ་རྒྱལ་ནང་གི་ཆུ་ཚད་མཐོ་བའི་མདའ་ཁང2ཡོད། གཅིག་ནི་མེ་མདའ་དངོས་ཀྱི་སྦྱོང་བརྡར་དང་གཅིག་ནི་དངོས་འཐབ་དངོས་ཀྱི་འདྲ་བཟོ་དང་མདེའུ་དངོས་ཀྱི་སྦྱོང་བརྡར་བྱས་ཏེ་ཆེད་ལས་འགྲན་བསྡུར་ཆེ་གྲས་ལ་སྤྱད་ཆོག་པ་དང་། ལུས་རྩལ་སྦྱོང་བརྡར་ཁང2དང་ཤང་ཀང་ཉེན་རྟོག་སློབ་གྲྭའི་དཔེ་རིས་ལྟར་ཇུས་འགོད་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་བདེའི་རྩེར་སོན་གྱི་འདྲ་བཟོ་འཛིན་བཟུང་འཐབ་རྩལ་སྦྱོང་བརྡར་ཁང་། ཁང་པའི་ཕྱི་རོལ་གྱི་ལན་ཆིའུ་སྤོ་ལོའི་ཐང16བཅས་ཡོད། 

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གི་སྒྲིག་ཁོངས་ནང་མི་གྲངས360ཡོད་པ་དང་ད་ལྟ་ཆེད་བསྐོས་དགེ་རྒན186དང་གཅིག་ལྕོགས་དགེ་རྒན59ཡོད། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གོ་མིང་ཡོད་མཁན53ཡོད། འབྲིང་རིམ་གོ་མིང་ཡོད་མཁན31དང་རབ་འབྱམས་པ་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་མཁན31གཉིས་འཇོན་ཅན་གྱི་དགེ་རྒན49བཅས་མཐོ་རིམ་དང་འབྲིང་རིམ་དགེ་རྒན་རྐང་འཛིན་དུ་གྱུར། དགེ་རྒན་དར་གཞོན་གཙོ་བོ་ཡིན་པའི་རིག་ཚན་མང་བ་དང་རིགས་སྣ་མང་བ། སྤྱི་ཡོངས་ཀྱི་བྱང་ཚད་མཐོ་ལ་གྲུབ་ཚུལ་ཉིན་རེ་བཞིན་ལུགས་དང་མཐུན་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཆགས་ཡོད། སློབ་གླིང་དུ་མྱུལ་ཞིབ་ཚན་ཁག་དང་བདེ་འཇགས་དོ་དམ་ཚན་ཁག སྤྱི་བདེ་ཚན་རྩལ་ཚན་ཁག ཉེན་རྟོག་ལས་དོན་སྦྱོང་བརྡར་ཚན་ཁག བཅའ་ཁྲིམས་ཚན་ཁག སྤྱི་བདེའི་རྨང་གཞིའི་སློབ་དཔྱོད་ཁང་། མར་ལེ་རིང་ལུགས་སློབ་དཔྱོད་ཁང་། དེང་རབས་སློབ་གསོ་ལྟེ་གནས་བཅས་སློབ་ཁྲིད་སྒྲིག་གཞི8བཙུགས་ཡོད། ཉེས་དོན་མྱུལ་ཞིབ་དང་ཉེས་དོན་ལག་རྩལ། འགྲིམ་འགྲུལ་དོ་དམ། བདེ་འཇགས་དོ་དམ། ཉེན་རྟོག་པའི་བཀོད་འདོམས་དང་འཐབ་རྩལ(སྤྱི་བདེའི་དམིགས་བསལ་ཉེན་རྟོག་པ)ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་བཅས6བཙུགས་ནས་སྤྱི་བདེའི་ཆེད་ལས་དང་རྩིས་འཁོར་ཉེར་སྤྱོད་ལག་རྩལ། སྤྱི་ཚོགས་ལས་དོན། བཅའ་ཁྲིམས་ལས་དོན། བདེ་འཇགས་དོ་དམ་དང་དེང་རབས་ཀྱི་དྲུང་ཡིག་པ། སྤྱི་པའི་བདེ་འཇགས་དོ་དམ(བདེ་སྲུང་བ)རྩིས་འཁོར་དྲ་རྒྱའི་ལག་རྩལ་བཅས་སྤྱི་བདེའི་ཆེད་ལས་མིན་པ6ཡོད་པ་རེད། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དང་ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་གིས་ད་དུང་སློབ་གླིང་དུ་ཡིག་སྤྲིངས་ས་ཚིགས་བཙུགས། སློབ་མ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་རྒྱུས་སློབ་གསོ་མཁོ་འདོན་བྱས། སློབ་གླིང་དུ་བྱང་ཚད་མཐོ་བ་དང་། གྲུབ་ཚུལ་ལུགས་མཐུན། ལས་བཀུར། འབད་འཐབ་ཡར་བརྩོན་བཅས་ཀྱི་དགེ་རྒན་དཔུང་ཁག་ཁག་གཅིག་ཡོད། ད་ལྟ་ཆེད་བསྐོས་དགེ་རྒན186ཡོད་པའི་ནང་དར་གཞོན་དགེ་རྒན་གྱིས་བརྒྱ་ཆའི60ཟིན་པ་དང་། དངོས་གཞིའི་ཚན་ཁག་དང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན184ཡོད། དེའི་ནང་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན41ཡོད་པ་དེས་ཆེད་བསྐོས་དགེ་རྒན22%བཟུང་ཡོད། ལས་ཐོག་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན33ཡོད། གོ་མིང་མི་སྣ53ཡོད་པ་དེས་ཆེད་བསྐོས་དགེ་རྒན28.5%བཟུང་ཡོད།

4 ཆེད་ལས་སྒྲིག་བཀོད།

སློབ་གླིང་དུ་མྱུལ་ཞིབ་ཚན་ཁག་དང་། བདེ་འཇགས་དོ་དམ་ཚན་ཁག སྤྱི་བདེ་ཚན་རྩལ་ཚན་ཁག ཉེན་རྟོག་ལས་དོན་སྦྱོང་བརྡར་ཚན་ཁག བཅའ་ཁྲིམས་ཚན་ཁག སྤྱི་བདེའི་རྨང་གཞིའི་སློབ་དཔྱོད་ཁང་། མར་ལེ་རིང་ལུགས་སློབ་དཔྱོད་ཁང་། དེང་རབས་སློབ་གསོ་ལྟེ་གནས་བཅས་སློབ་ཁྲིད་སྒྲིག་གཞི8བཙུགས་ཡོད། ཉེས་དོན་མྱུལ་ཞིབ་དང་། ཉེས་དོན་ལག་རྩལ། འགྲིམ་འགྲུལ་དོ་དམ། བདེ་འཇགས་དོ་དམ། ཉེན་རྟོག་པའི་བཀོད་འདོམས་དང་འཐབ་རྩལ(སྤྱི་བདེ་དམིགས་བསལ་ཉེན་རྟོག)དང་རྩིས་འཁོར་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་བཅས6བཙུགས་ནས་སྤྱི་བདེ་ཆེད་ལས་དང་རྩིས་འཁོར་ཉེར་སྤྱོད་ལག་རྩལ། སྤྱི་ཚོགས་ལས་དོན། བཅའ་ཁྲིམས་ལས་དོན། བདེ་འཇགས་དོ་དམ་དང་དེང་རབས་ཀྱི་དྲུང་ཡིག་པ། སྤྱི་པའི་བདེ་འཇགས་དོ་དམ། རྩིས་འཁོར་དྲ་རྒྱའི་ལག་རྩལ་བཅས་སྤྱི་བདེ་མིན་པའི་ཆེད་ལས6ཡོད་པ་རེད། དེ་མིན། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དང་ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་གིས་ད་དུང་སློབ་གླིང་དུ་སྦྲག་ཁྲིད་ས་ཚིགས་བཙུགས་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་དངོས་གཞིའི་ཚན་ཁག་དང་ཆེད་ཚན་གྱི་སློབ་རྒྱུས་སློབ་གསོ་མཁོ་འདོན་བྱས་པ་རེད། སློབ་གླིང་གི་སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པ་དང་ཆེད་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། བདེ་འཇགས་དོ་དམ་དང་། ཉེས་དོན་མྱུལ་ཞིབ། སྤྱི་བདེ་དམིགས་བསལ་ཉེན་རྟོག་པ། ཉེས་དོན་ཚན་རྩལ། བཅའ་ཁྲིམས་ལས་དོན། རྩིས་འཁོར་བཀོལ་སྤྱོད་ལག་རྩལ་བཅས་རྐང་འཛིན་དུ་བྱས་ཏེ་ཁང་ཡོངས་ཀྱི་ཆེད་ལས་ཁག་མཉམ་དུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད། སློབ་གླིང་གིས་རྒྱལ་སྤྱིའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་མཐོང་ཆེན་བྱས་ནས་ཨུ་རུ་སུ་དང་ཨ་རི་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གླིང་དང་མཉམ་དུ་སློབ་གཉེར་མཉམ་ལས་དང་རིག་གཞུང་སྤེལ་རེས་བྱས་ཤིང་། སློབ་ཚན་མ་ལག་གི་བཀོད་སྒྲིག་ཐོག སློབ་གླིང་གིས་ཆེད་ལས་མི་འདྲ་བའི་གསོ་སྐྱོང་དམིགས་ཚད་དང་དེར་མཁོ་བའི་ཤེས་བྱ་དང་། ནུས་པ། བྱང་ཚད་བཅས་ཀྱི་གྲུབ་ཆའི་བླང་བྱ་གཞིར་བཟུང་འཐུས་ཚང་དང་། དམ་ཚགས། འཁོར་སྐྱོད་ཡག་པོ་བཅས་ཀྱི་སློབ་ཚན་མ་ལག་ཆ་ཚང་ཞིག་བཙུགས་ཡོད། 

5 ཤེས་ལྡན་པ་གསོ་སྐྱོང་།

སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་གཙོ་བོར་འཛིན་པ་དང་། སློབ་མ་གཙོ་བོར་འཛིན་པ། དུས་བབ་གསར་པའི་འོག་སྤྱི་བདེ་ལས་དོན་དང་འཚམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ལྟེ་བར་བྱས་ཏེ་བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ད་ལྟའི་བར་དུ་སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་ལས་ཐོག་གསོ་སྦྱོང་གལ་ཆེ་མཉམ་བརྩི་བྱས་ཡོད། སློབ་གསོ་དཀྱུས་མ་དང་དར་མའི་སློབ་གསོ་གཉིས་མཉམ་དུ་སྤེལ་ཞིང་སློབ་ཁྲིད་དང་། ཚན་ཞིབ། དངོས་འཐབ་བཅས་གཞི་གཅིག་ཏུ་གྱུར། སྤྱི་བདེའི་ཁྱད་ཆོས་མངོན་གསལ་ལྡན་པའི་སློབ་གཉེར་རྣམ་པ་ཞིག་ཆགས། སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོ་གཉེར་བ་ནས་བཟུང་། སློབ་གླིང་གིས་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཉིན་གང་ལམ་ལུགས་ཀྱི་ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་ཁྱོན་ཁྲི1དང2000ལྷག་ཙམ་གསོ་སྐྱོང་བྱས་པ་དང་ཞིང་ཆེན་ཕྱིའི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་མཐའ་སྲུང་དཔུང་སྡེར་སློབ་ཐོན་སློབ་མ1500ལྷག་ཙམ་བཏང་ཡོད། སློབ་ཐོན་སློབ་མའི་ཁྲོད་ནས་སྤྱི་བདེ་པུའུ་ཡི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་ཅན་ཀྲུའུ་ཧུང་ཧྥུ་ཡིས་འཐུས་ཚབ་གནང་བའི་སྔོན་གཤེགས་དཔའ་བོ་མ་དབྱི་ཡུང་དང་། སྔོན་གཤེགས་དཔའ་བོ་ཁྲེན་ཅུན་ལན། སྔོན་གཤེགས་དཔའ་བོ་ཧྲི་ཁྲང་ཝུའུ། རྒྱལ་ཡོངས་ཀྱི“ལྔ་གཅིག་”བྱ་དགའི་གཟེངས་རྟགས་ཐོབ་མཁན། རྒྱལ་ཡོངས་ཀྱི་ཉེན་རྟོག་པའི་ལས་རིགས་ཀྱི་བུད་མེད“སྐྱེས་པ་བཅུ་”དང་། རྒྱལ་ཡོངས་ཀྱི་སྤྱི་བདེའི་ཉེས་དོན་མྱུལ་ཞིབ་རིགས་གཅིག་མཁས་ཅན། རྒྱལ་ཡོངས་ཀྱི“མྱུལ་ཞིབ་པ་བཅུ་སོགས་དཔའ་བོ་དཔེ་བཟང་མི་སྣ་ཕུལ་བྱུང་བཅུ། གཞན་ཡང་ད་དུང་སློབ་ཐོན་སློབ་མ3000ལྷག་ཙམ་གྱིས་གཞི་རིམ་སྤྱི་བདེ་ལས་ཁུངས་སུ་འགོ་ཁྲིད་ཀྱི་ལས་འགན་འཁུར་གྱིན་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-21

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།