ཧྥུའུ་ཏན་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཏན་སློབ་ཆེན།
ཧྥུའུ་ཏན་སློབ་ཆེན་ནི་སྤྱི་ལོ1905ལོར་བཙུགས་པའི་ཧྥུའུ་ཏན་གཞུང་གཉེར་སློབ་ཆེན་དེ་ཡིན་ལ། ཀྲུང་གོའི་དམངས་ཁྲོད་དུ་རང་བདག་གིས་བཙུགས་པའི་མཐོ་རིམ་སློབ་གྲྭ་སྔ་ཤོས་ཀྱི་གྲས་ཤིག་ཡིན། སྤྱི་ལོ1952ལོར་སློབ་གླིང་དང་ཚན་ཁག་ལེགས་སྒྲིག་བྱས་རྗེས་སློབ་གྲྭ་དེ་ཉིད་རིག་གནས་ཚན་ཁག་གི་རྨང་གཞིའི་སློབ་ཁྲིད་དང་ཞིབ་འཇུག་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་གྱུར། ཧྲང་ཧའེ་གསོ་རིག་སློབ་ཆེན་ནི་སྤྱི་ལོ1927ལོར་བཙུགས་པའི་རྒྱལ་བཙུགས་ཀྲུང་ཧྲན་སློབ་ཆེན་གསོ་རིག་སློབ་གླིང་བཞི་པ་དེ་ཡིན་ལ། ཀྲུང་གོ་བས་རང་ཚུགས་ངང་བཙུགས་པའི་གཞུང་བཙུགས་མཐོ་རིམ་གསོ་རིག་ཚན་ཁག་གི་སློབ་གླིང་དང་པོ་ཡིན། སྤྱི་ལོ2000ལོར་ཧྥུའུ་ཏན་སློབ་ཆེན་དང་ཧྲང་ཧའེ་གསོ་རིག་ཚན་རིག་སློབ་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧྥུའུ་ཏན་སློབ་ཆེན་གསར་པ་བཙུགས། སྤྱི་ལོ2019ལོའི་ཟླ9པའི་བར་སློབ་གྲྭར་ཧན་ཏན་སློབ་ཁུལ་དང་། ཧྥེང་ལིན་སློབ་ཁུལ་ཅང་ཝན་སློབ་ཁུལ་ཀྲང་ཅང་སློབ་ཁུལ་བཅས་སློབ་ཁུལ་བཞི་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི243.91ཟིན། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་ཁྲི་བཞི་མ198.22ཟིན། ཐད་གཏོགས་སྨན་ཁང(ཚན་ཁག)35དང་ཞོར་གཏོགས་སྨན་ཁང17 སློབ་གྲྭར་ཡོད་པའི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་དཀྱུས་མའི་སློབ་མ13623ཡོད། ཞིབ་འཇུག་སློབ་མ22610དང་ཕྱི་འགྲིམས་སློབ་མ3672བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
复旦大学
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན11དང་རིམ་པ་གཉིས་པའི་རིག་ཚན19འདུས།
དབྱིན་ཡིག་གི་མིང་།
Fudan University
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང26དང་ཐད་གཏོགས་སློབ་གླིང12ཡོད།
བསྡུས་མིང་།
FUDAN ཧྥུ་ཏན།
སློབ་གླུ།
ཧྥུ་ཏན་སློབ་ཆེན་གྱི་སློབ་གླུ།
བཙུགས་ལོ།
སྤྱི་ལོ1905ལོར།
སློབ་བཙུགས་དུས་ཆེན།
ཟླ5པའི་ཚེས27ཉིན།
གསར་གཏོད་མཁན།
མ་ཞང་པོ།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྣ་འཛོམས།
དངོས་གཞིའི་ཆེད་ལས།
76
སློབ་གྲྭའི་ཚབ་ཨང་།
10246
གཙོ་གཉེར་ཚན་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
ད་ལྟའི་འགོ་ཁྲིད།
ཅའོ་དབྱང་། ཞུས་ཉིང་ཧྲེང་།
གཞུང་ཕྱོགས་དྲ་གནས།
http://www.fudan.edu.cn
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
37
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
43
འབུམ་རམས་ཕྱི་ཚར།
ཞིབ་འཇུག་བྱེད་གནས35
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2009ལོར་རྒྱལ་ཁབ་ཀྱི“ཇོ་མོ་གླང་མའི་འཆར་གཞིའི”ནང་བདམས་པ་རེད།.jpg

སྤྱི་ལོ2011ལོའི་ཟླ5པར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་རིམ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་ཅན་གྱི་མཐོ་རིམ་སློབ་གྲྭ་ལ་བདམས།

སྤྱི་ལོ2012ལོའི་ཟླ11པར་རྒྱལ་ཁབ་ཀྱི་ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཁག་དང་པོའི་ཚོད་ལྟའི་མཐོ་རིམ་སློབ་གྲྭ་དང་ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་རྟེན་གཞི་ཁག་དང་པོར་བདམས།

སྤྱི་ལོ2013ལོའི་ཟླ4པར་སློབ་གྲྭས་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་ཡན་ལག་ཁང་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཅིང་། ཟླ5པར་དམངས་སྲིད་པུའུ་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས།

སྤྱི་ལོ2016ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་ཅན་གྱི་མཐོ་རིམ་སློབ་གྲྭ་ལ་བདམས་ཤིང་། ཟླ9པར་ཧྥུའུ་ཏན་སློབ་ཆེན་ཆིང་ཏའོ་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ།

2 འཛུགས་སྐྲུན་གྱི་གྲུབ་འབྲས།

ཧྥུའུ་ཏན་སློབ་ཆེན་དུ་ཀྲུང་གོའི་སྤུས་རྡུལ་ཞི་གློག་མགྱོགས་གཏོང་འཕྲུལ་ཆས་དང་པོ་དང་། གློག་རྡུལ་ལད་ཟློས་རྩིས་འཁོར་དང་པོ། ALGOL-60རྩོམ་སྒྱུར་ཆས་དང་པོ་བཅས་བྱུང་ཡོད། X.25རྟགས་ཅན་གྱི་བརྗེ་རེས་འཕྲུལ་འཁོར་དང་པོ་དང་དབྱིན་སྦྲེལ་དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས། ཁག་དང་པོའི་ཨང་ཀིའི་གློག་རྡུལ་རྩིས་འཁོར་བཅས་ཡིན། མིའི་རིགས་ཀྱི་གཞི་རྒྱུའི་གྲུབ་ཆ་རིག་པ་དང་། རྨང་གཞིའི་གསོ་རིག ནད་ཐོག་གསོ་རིག་སོགས་ཁྱབ་ཁོངས་ཚང་མར་ཚན་རྩལ་འཕེལ་རྒྱས་གལ་ཆེན་བྱུང་ཡོད། གསོ་རིག་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དང་རྣམ་གྲངས། སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་མ་ཐག་པའི་དུས་ཀྱི25%ཡས་མས་ནས་སློབ་གྲྭ་ཡོངས་ཀྱི་བསྡོམས་འབོར་གྱི་ཕྱེད་ཀ་བར་འཕར་ཡོད། 

3 རིག་གཞུང་ཐོན་ཁུངས།

ཧྥུའུ་ཏན་སློབ་ཆེན་གྱི་དཔེ་མཛོད་ཁང་དེ་སྤྱི་ལོ1922ལོར་དངོས་སུ་བསྐྲུན་ཡོད་ཅིང་། རིག་གནས་ཚན་ཁག་ཁང་དང་། རང་བྱུང་ཚན་རིག་ཁང་། གསོ་རིག་ཚན་ཁག་ཁང་། ཀྲང་ཅང་ཁང་། ཅང་ཝན་ཁང་། (ལི་ཀྲའོ་ཅི་དཔེ་མཛོད་ཁང)གནའ་དཔེ་པུའུ(རྒྱལ་ཁབ་ཀྱི་གནའ་གཞུང་གཙོ་གནད་སྲུང་སྐྱོབ་ཚན་པ)བཅས་ལས་གྲུབ་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཉར་ཚགས་བྱས་པའི་ཤོག་བུའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཁྲི559.9(དཔེ་དེབ་དང་དུས་དེབ་ཀྱི་མཉམ་དེབ་ཚུད)ཡོད་པའི་ནང་རྒྱ་ཡིག་དེབ་ཁྲི436.3(དཔེ་རྙིང་ཁྲི37ཚུད་ཡོད་ཅིང་དེབ་ལེགས་པོ་ཁྲི6ཚུད། མིན་གོའི་དུས་སྐབས་ཀྱི་དཔེ་དེབ་ཁྲི10)ཕྱི་ཡིག་ཁྲི123.6ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གཞི་གྲངས་མཛོད599མངག་ཉོ་བྱས་ཤིང་། ལོ་དེར་དཔེ་དེབ93042ཉོས་ལ་ཕྱི་ཡིག་གི་དཔེ་དེབ13581དང་རྒྱ་ཡིག་གི་ཚགས་པར་དང་དུས་དེབ1743ཡོད། ཕྱི་ཡིག་གི་ཚགས་པར་དང་དུས་དེབ་རིགས580ཡོད་པ་དང་གཞི་གྲངས་མཛོད30གསར་སྣོན་བྱས། ཁྱད་ལྡན་རྟེན་རྫས་བཤམས་མཛོད་ཁང་ནང་གནའ་དཔེ་དང་། མི་རིགས་རྒྱལ་ཁབ་ཀྱི་དུས་སྐབས་ཀྱི་ཚད་ལྡན་ཡིག་ཆ། ཕྱི་ཡིག་གི་དཔེ་དེབ། ཧྥུའུ་ཏན་བའི་གསུང་རྩོམ་དང་དེ་བཞིན་རིགས་ཁག་གི་ཆེད་དོན་འབུལ་དེབ66བཅས་ཚུད་ཡོད།

4 རིག་གཞུང་དུས་དེབ།

《ཧྥུའུ་ཏན་རིག་གཞུང་དུས་དེབ(སྤྱི་ཚོགས་ཚན་རིག་གི་པར་གཞི)》ཞེས་པའི་ནང་གཙོ་བོ་རྩོམ་ཡིག་དང་། ལོ་རྒྱུས། མཚན་ཉིད་རིག་པ། དཔལ་འབྱོར། ཁྲིམས་ལུགས་སོགས་རིག་ཚན་གྱི་དཔྱད་རྩོམ་བཀོད་ཡོད། .jpg

《ཧྥུའུ་ཏན་རིག་གཞུང་ཚགས་པར(རང་བྱུང་ཚན་རིག་གི་པར་གཞི)》(རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞི་བསྲེས་མ) གཙོ་བོ་རྩིས་རིག་དང་། རྫས་འགྱུར། ཚེ་སྲོག་ཚན་རིག ལག་རྩལ་ཚན་རིག ཆ་འཕྲིན་ཚན་རིག དོ་དམ་ཚན་རིག གསོ་རིག་ཚན་རིག་སོགས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ཐད་ཀྱི་རིག་གཞུང་དཔྱད་རྩོམ་དང་། ཞིབ་འཇུག་མྱུར་ཞུ། ཞིབ་འཇུག་གསར་འགྱུར་གནད་བསྡུས་སོགས་འདུས། 

《ཧྥུའུ་ཏན་རིག་གཞུང་ཚགས་པར(གསོ་རིག་པར་གཞི)》 དེ་ནི《ཧྲང་ཧའེ་གསོ་རིག་སློབ་ཆེན་གྱི་རིག་གཞུང་ཚགས་པར》ཡིན། སྤྱི་ལོ1956ལོའི་ཟླ་6པར་གསར་དུ་བཏོན། རྨང་གཞིའི་གསོ་རིག་དང་། ནད་ཐོག་སྨན་བཅོས་ཀྱི་གསོ་རིག སྨན་རྫས་རིག་པ། སྔོན་འགོག་གསོ་རིག་སོགས་ཁྱབ་ཁོངས་སུ་ཐོག་མའི་གསར་གཏོད་རང་བཞིན་གྱི་དཔྱད་རྩོམ་བཀོད་ཡོད།

《རྩིས་རིག་གི་ལོ་རེའི་དུས་དེབ》 དུས་དེབ་འདིས《རྩིས་རིག་གི་ལོ་རེའི་དུས་དེབA》ཞེས་པ(རྒྱ་ཡིག་གི་པར་གཞི)དེབ6དང་། 《རྩིས་རིག་གི་ལོ་རེའི་དུས་དེབB》(དབྱིན་ཡིག་གི་པར་གཞི)དེབ6པར་བསྐྲུན་ཡོད།(དབྱིན་ཡིག་པར་གཞི་)དེབ4Chinese Journal of Contemporary Mathematics 《ཀྲུང་གོའི་དེང་རབས་རྩིས་རིག》 ཨ་རིའི་ཨ་ལུན་ཏུན་དཔེ་སྐྲུན་ཀུང་སིས་ཨ་རིར་དཔེ་སྐྲུན་འགྲེམས་སྤེལ་བྱས།

5 དགེ་རྒན་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཧྥུའུ་ཏན་སློབ་ཆེན་དུ་སློབ་ཁྲིད་ཚན་ཞིབ་མི་སྣ2871དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་འཛིན་མཁན2523ཡོད་པ་རེད། དགེ་རྒན་གྱི་གྲས་སུ་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི47(གཉིས་འཇོན་གདན་ཞུས་ཚུད་པ)ཡོད། རིག་གནས་ཚན་ཁག་གི་ཕུལ་བྱུང་དགེ་རྒན་ཆེན་མོ1ཡོད། དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ13ཡོད་པ་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ119ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན5 ཧྲང་ཧའེ་གྲོང་ཁྱེར་གྱི་དགེ་རྒན་གྲགས་ཅན27དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ11 ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་ཁྲིད་ཚོགས་པ7བཅས་ཡོད། 

སློབ་གླིང་དང་སྡེ་ཁག་གི་གནས་ཚུལ་མདོར་བསྡུས། 

སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭར་ཐད་གཏོགས་ཁང(ཚན་ཁག)32ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས74བཙུགས་ཤིང་། ཞོར་གཏོགས་སྨན་ཁང17 གཞན་ཡང་སློབ་གྲྭ་དེར་ཧྥུའུ་ཏན་སློབ་གླིང(དངོས་གཞིའི་ཚན་ཁག་གི་སློབ་མའི་སློབ་གླིང)བཙུགས་ཡོད་པ་དང་། སློབ་གྲྭ་དེའི་འོག་ཏུ་ཀྲི་ཏེ་སློབ་གླིང་དང་། ཐེང་ཧྥེ་དཔེ་ཁང་། ཁེ་ཆིང་དེབ་ཁང་། རེན་ཀྲུང་དེབ་ཁང་། ཤིས་ཏེ་དེབ་ཁང་བཅས་དངོས་གཞིའི་ཚན་ཁག་གི་སློབ་གསོའི་དུས་མཚམས་ཡོངས་སུ་ཁྱབ་པའི་ཞག་སྡོད་དེབ་ཁང5བཙུགས་ཤིང་ཐད་གཏོགས་ཁོངས་གཏོགས་སྨན་ཁང11བཙུགས་ཡོད། 

6 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭར་དངོས་གཞིའི་ཚན་ཁག་གི་ཆེད་ལས74བཙུགས་ཡོད། རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཁུལ37རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཁུལ43བཅས་ཡོད། འབུམ་རམས་པའི་ཆེད་ལས་བསླབ་གནས་སྤྲོད་དབང2ཡོད་པ་རེད། རབ་འབྱམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་ཁུལ27ལ་འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་འཁོར་རྒྱུད་ས་ཚིགས35ཡོད། “རྩེ་གྲ་གཉིས”ཀྱི་འཛུགས་སྐྲུན་རིག་ཚན17ཡོད་པ་རེད། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན11དང་རིམ་པ་གཉིས་པའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན19བཅས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་ཚན3དང་ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་རིག་ཚན20ཧྲང་ཧའེ་གྲོང་ཁྱེར་གྱི་གསོ་རིག་གཙོ་གནད་རིག་ཚན9བཅས་ཡོད། སྤྱི་ལོ2018ལོའི་ཟླ10པའི་བར་རིག་ཚན13ཧྲང་ཧའེ་གྲོང་ཁྱེར་གྱི་རྩེར་སོན་རིག་ཚན་འཛུགས་སྐྱོང་ནང་བཅུག་ཡོད། 

7 ཤེས་ལྡན་མི་སྣ་གསོ་སྐྱོང་། 

དངོས་གཞིའི་ཚན་ཁག་དུས་མཚམས་ཀྱི་སློབ་ཚན་གྲུབ་ཆ་དེ་ཀུན་ཤེས་སློབ་གསོ་དང་། རིག་གནས་དང་རང་བྱུང་ཚན་རིག་གི་རྨང་གཞི། ཆེད་ལས་སློབ་གསོ་བཅས་ཁག་ཆེན་པོ་གསུམ་ལས་གྲུབ་པ་ཞིག་རེད། ཀུན་ཤེས་སློབ་གསོའི་སློབ་ཚན་ལ་ལྟེ་བའི་སློབ་ཚན་དང་། ཆེད་དོན་སློབ་གསོའི་སློབ་ཚན། འདེམས་སྦྱོང་སློབ་ཚན་བཅས་ཚུད་ཡོད། རིག་གནས་དང་རང་བྱུང་ཚན་རིག་གི་རྨང་གཞིའི་སློབ་ཚན་ཁོངས་སུ་མི་ཆོས་དང་། སྤྱི་ཚོགས་ཚན་རིག དཔལ་འབྱོར་དོ་དམ། རྩིས་རིག རང་བྱུང་ཚན་རིག ལག་རྩལ་ཚན་རིག གསོ་རིག་བཅས་ཚན་ཁག་བདུན་འཛུགས་རྒྱུ་དང་། སློབ་མར་རྨང་གཞིའི་རང་བཞིན་དང་སྤྱི་པའི་རང་བཞིན། རིག་གཞུང་གི་རང་བཞིན་བཅས་ལྡན་པའི་ཆེད་ལས་སློབ་གསོ་འདོན་སྤྲོད་བྱ་དགོས། ཆེད་ལས་སློབ་གསོའི་སློབ་ཚན་ནི་ཆེད་ལས་ངེས་པར་དུ་སྦྱོང་དགོས་པ་དང་བདམས་སྦྱོང་སློབ་ཚན་ལས་གྲུབ་པ་ཞིག་ཡིན། དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལོར་སློབ་ཁྲིད་སྣ་ཁ3100ལྷག་ཙམ་དང་སློབ་ཁྲིད་བྱེད་ཚད་ཐེངས5650ཟིན་པ་དང་སློབ་མ་རེར་སློབ་ཚན་ཐེངས0.46ཡོད་པ་རེད། འཛིན་གྲྭའི་གཞི་ཁྱོན་ནི་མི30མན་གྱི་སློབ་ཚན་བསྡོམས་འབོར་གྱི54%ཡན་ཟིན་ནས་དབྱིན་ཡིག་སློབ་ཚན་ཡོངས180ལས་བརྒལ་ཡོད།

8 མཉམ་ལས་ལྟེ་གནས།

སྤྱི་ལོ2014ལོའི་སློབ་གྲྭ10རུ་བཙུགས་པའི་མཉམ་ལས་ལྟེ་གནས་སུ་ཧྥུའུ་ཏན—པེ་ཁ་འབྲེལ་གཏུག་གཞུང་དོན་ཁང་དང་། ཡོ་རོབ་བྱང་མའི་ལྟེ་གནས། ཨོ་སི་ཁྲུ་རི་ཡའི་ལྟེ་གནས། ཧྥུའུ་ཏན—ཡེ་ལུའུ་སློབ་གསོ་མཉམ་ལས་ལྟེ་གནས། ཧྥུའུ་ཏན—BIའབྲེལ་གཏུག་གཞུང་དོན་ཁང་། ཀྲུང་གོ་དང་སུའེ་ཙེར་ཧྥུའུ་ཏན་སློབ་གླིང་སོགས་སྒྲིག་གཞི་ཡོད། 

9 རྒྱལ་སྤྱིའི་ཨང་རིམ།

སྤྱི་ལོ2019ལོའི་ཟླ་8པར་མཉེན་ཆས་ཚན་ཁག་གི་འཛམ་གླིང་སློབ་ཆེན་གྱི་རིག་གཞུང་མིང་རིམ་ཨང101-150ལ་སླེབས་ཡོད། 

སྤྱི་ལོ2020ལོའི་ཟླ6པརQSའཛམ་གླིང་སློབ་ཁག་ལས་ཨང་རིམ34པར་སླེབས་ཡོད།

སྤྱི་ལོ2020ལོའི་ཟླ7པར་ཐའེ་ཝུའུ་ཧྲིའི་མཐོ་རིམ་སློབ་གསོའི་འཛམ་གླིང་སློབ་ཆེན་གྱི་ཨང་རིམ109པར་སླེབས་ཡོད།

སྤྱི་ལོ2020ལོའི་ཟླ7པར་འཛམ་གླིང་སློབ་ཆེན་ཁག་ལས་ཨང་རིམ171པར་སླེབས་ཡོད། 

སྤྱི་ལོ2020ལོའི་ཟླ8པར་མཉེན་ཆས་ཚན་ཁག་གི་འཛམ་གླིང་སློབ་ཆེན་གྱི་རིག་གཞུང་མིང་རིམ་ཨང100པར་སླེབས་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-24

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།