ཅིན་ཀྲོའུ་གསོ་རིག་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཀྲོའུ་གསོ་རིག་སློབ་ཆེན།
ཅིན་ཀྲོའུ་གསོ་རིག་སློབ་ཆེན་ནི་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་བཙུགས་པ་དང་། སློབ་གྲྭ་སྔ་མ་ནི་སྤྱི་ལོ1946ལོར་ཅི་ལིན་ཞིང་ཆེན་ཐའོ་ནན་གྲོང་ཁྱེར་དུ་བཙུགས་པའི་ལིའོ་ཅི་དམག་ཁུལ་གྱི་འཕྲོད་བསྟེན་སློབ་གྲྭ་ཡིན། སྤྱི་ལོ1949ལོར་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་དུ་གནས་སྤོ་བྱས། སྤྱི་ལོ1958ལོར་ཅིན་ཀྲོའུ་གསོ་རིག་སློབ་གླིང་བཙུགས་པ་དང་སྤྱི་ལོ2006ལོར་ལེའོ་ཉིང་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2007ལོར་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་སློབ་གསོ་པུའུ་ཡི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས་པ་བརྒྱུད། སྤྱི་ལོ2016ལོའི་ཟླ3པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཅིན་ཀྲོའུ་གསོ་རིག་ཚན་རིག་སློབ་ཆེན་དུ་དངོས་སུ་མིང་བསྒྱུར། སྤྱི་ལོ1984ལོར་སློབ་གྲྭ་དེ་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ལས་ཁུངས་སུ་གྱུར། སྤྱི་ལོ2003ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་གསོ་རིག་སློབ་ཆེན་དང་མཉམ་དུ་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
锦州医科大学
ཕྱི་ཡིག་གི་མིང་།
Jinzhou Medical University
བཙུགས་ལོ།
སྤྱི་ལོ1946ལོར།
སློབ་གཉེར་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྨན་གྱི་སྐོར།
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན8ཡོད།
སློབ་གླིང་དང་སྡེ་ཁག་གི་བཀོད་སྒྲིག
གསོ་རིག་སློབ་གླིང་། ཁ་ནད་གསོ་རིག་སློབ་གླིང་། སྨན་རྫས་སློབ་གླིང་། སྨན་བཅོས་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་དོ་དམ་སློབ་གླིང་། ནད་སྐྱོང་སློབ་གླིང་སོགས།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་བློ་སྦྱོང་།
སློབ་གླིང་ཚབ་ཨང་།
10160
གཞུང་ཕྱོགས་དྲ་གནས།
http://www.jzmu.edu.cn
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2006ལོར་ཅིན་ཀྲོའུ་གསོ་རིག་སློབ་གླིང་ལེའོ་ཉིང་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ2007ལོར་སློབ་གྲྭས་རྒྱལ་ཁབ་སློབ་གསོ་པུའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས་པ་བརྒྱུད་ཕུལ་བྱུང་གི་རིམ་པའི་གོ་མིང་ཐོབ།     

སྤྱི་ལོ2012ལོར་སློབ་གསོ་པུས“ཀྲུང་གོར་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་དབྱིན་ཡིག་སློབ་ཚན་འཁྲིད་པའི་འོས་བབ་སློབ་གྲྭར” ཆོག་མཆན་སྤྲད་པ་རེད།     

སྤྱི་ལོ2013ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་ནད་ཐོག་སྨན་བཅོས་གསོ་རིག་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་ནང་བདམས་པ་རེད།       

 སྤྱི་ལོ2016ལོའི་ཟླ3པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ལེའོ་ཉིང་གསོ་རིག་སློབ་གླིང་དེ་ཅིན་ཀྲོའུ་གསོ་རིག་སྡེ་ཁག་སློབ་ཆེན་ཞེས་པར་མིང་བསྒྱུར།

2 སློབ་སྒྲུབ་གཞི་ཁྱོན།
2_1 སློབ་གླིང་དང་སྡེ་ཁག་གི་བཀོད་སྒྲིག     

སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་སློབ་གླིང(པུའུ་དང་ཚན་ཁག)22དང་ཐད་གཏོགས་ཞོར་གཏོགས་སྨན་ཁང3བཙུགས་ཡོད། ཐད་གཏོགས་མིན་པའི་ཞོར་གཏོགས་སྨན་ཁང7ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས20དང་མཐོ་རིམ་ལས་རིགས་ཆེད་ལས8གཉེར་ཡོད།     

2_2 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་རིགས་ཀྱི་སྨན་དོན་མི་སྣ3550ཡོད་པ་དེའི་ཁྲོད་ནས་མཐོ་རིམ་དགེ་རྒན302ཡོད། མཐོ་རིམ་གཞོན་པ525དང་། འབུམ་རམས་པ199དང་རབ་འབྱམས་པ1037ཡོད། རྒྱལ་ཁབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་བྱ་དགའ་ཐོབ་མཁན1ཡོད། སློབ་གསོ་པུའུ་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་མི4ལས་འགན་འཁུར་རྒྱུ་དང་། དུས་རབས་གསར་པའི་ཤེས་ལྡན་མི་སྣ་ས་ཡ་ལྷག་གི་ལས་གྲྭའི་རྒྱལ་ཁབ་རིམ་པའི་འོས་མི1སྔ་ཕྱིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་གྱི་དགེ་རྒན24ཡོད། འཕྲོད་བསྟེན་པུའུ་ལ་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་མཁས་པ1ཡོད་པ་དང་། ལིའོ་ཉིན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ3ཡོད། ལེའོ་ཉིང་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ4ཡོད། ལིའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན་གྱི་བྱ་དགའ་ཐོབ་མཁན་མི7ཡོད་པ་དང་། མི20ཞིང་ཆེན་གྱི“ཤེས་ལྡན་མི་སྣ་ས་ཡ་མང་པོའི་ལས་གྲྭའི”མི་བརྒྱའི་རིམ་པའི་ནང་ཚུད་ཡོད། མི21ཞིང་ཆེན་གྱི“བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད”མི་སྟོང་གི་རིམ་པ་ནང་ཚུད་པ་དང་མི16ཞིང་ཆེན་གྱི“བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད”མི་ཁྲི་ཡི་རིམ་པའི་ནང་ཚུད། མི7ཅིན་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་རིག་གཞུང་དང་ལག་རྩལ་གྱི་སྣེ་ཁྲིད་དམག་མིར་བདམས་པ་རེད། མི8ཅིན་ཀྲོའུ་གྲོང་ཁྱེར་རིམ་པའི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པར་བདམས་པ་དང་མི16ཅིན་ཀྲོའུ་གྲོང་ཁྱེར་རིམ་པའི་རྗེས་གྲབས་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པར་བདམས་པ་རེད།

3 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས1དང་། རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཆེད་ལས1 ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས3དང་། ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས2 ཞིང་ཆེན་རིམ་པའི་སྤུས་རྟགས་ཆེད་ལས3དང་། ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས3ཞིང་ཆེན་རིམ་པའི་ལས་གྲྭའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1བཅས་ཡོད་པ་དང་། ཞིང་ཆེན་རིམ་པའི་སྐད་གཉིས་དཔེ་སྟོན་སློབ་ཚན1དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན14ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན3དང་ཞིང་ཆེན་རིམ་པའི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན1 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6བཅས་བཙུགས་ཡོད། ཞིང་ཆེན་རིམ་པའི་རྟོག་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3དང་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་ལག་ལེན་སློབ་གསོའི་རྟེན་གཞི3ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-17

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།