ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་ནི་ཧོ་པེ་ཞིང་ཆེན་སྤྱི་བདེ་ཐིང་གི་ཁོངས་སུ་གཏོགས་ཤིང་། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་ཆེད་སྦྱོང་སློབ་གླིང་ཞིག་ཡིན། སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་ནི་སྤྱི་ལོ1978ལོར་བཙུགས་པའི་ཧོ་པེ་ཞིང་ཆེན་གྱི་སྤྱི་བདེ་སློབ་གྲྭ་ཞིག་ཡིན། སྤྱི་ལོ1982ལོར་ཞིང་ཆེན་གྱི་ལྟེ་གནས་ཧྲི་ཅཱ་ཀྲོང་དུ་གནས་སྤོར་བྱས། སྤྱི་ལོ1991ལོར་ཧོ་པེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ་དེ་ཧོ་པེ་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭར་བསྒྱུར། སྤྱི་ལོ1998ལོར་ཧོ་པེ་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭ་དང་ཧོ་པེ་ཚན་རྩལ་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སློབ་གཉེར་གྱི་རྣམ་པ་སྤྱད་དེ་ཧོ་པེ་ཚན་རྩལ་སློབ་ཆེན་མི་དམངས་ཉེན་རྟོག་པའི་སློབ་གླིང་བཙུགས། སྤྱི་ལོ2003ལོའི་ཟླ4པའི་ཚེས28ཉིན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ། ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་དངོས་སུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河北公安警察职业学院
ཕྱི་ཡིག་གི་མིང་།
Hebei Public Security Police Vocational College
བསྡུས་མིང་།
ཧོ་པེ་སྤྱི་བདེ་ཉེན་རྟོག་སློབ་གླིང་།
རྣམ་པ།
སྲིད་ཁྲིམས།
བཙུགས་ལོ།
སྤྱི་ལོ1978ལོ།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གླིང་དཀྱུས་མ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་གྲོང་ཁྱེར་ཆའོ་ཞི་ཁུལ་པིན་ཧོ་སྲང་ལམ་ཨང1པོ།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཀྲོའུ་ཞང་ཧྲི།
1 སློབ་གླིང་ངོ་སྤྲོད།

ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་དེ་ཧོ་པེ་ཞིང་ཆེན་སྤྱི་བདེ་ཐིང་གི་ཁོངས་སུ་གཏོགས་ཤིང་། ཧོ་པེ་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་ཆེད་སྦྱོང་ཚན་ཁག་གི་སྤྱི་བདེ་སློབ་གླིང་ཞིག་ཡིན། གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཁྲིད་ཡིན། སློབ་ཡུན་ལོ་གསུམ་ཡིན། ཧོ་པེ་སྤྱི་བདེའི་སློབ་གསོའི་སློབ་གྲྭ་མཐོ་ཤོས་དང་ཧོ་པེ་སྤྱི་བདེའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ། “ཁྲིམས་ལྟར་ཉེན་རྟོག་པ་སྐྱོང་བ་དང་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི”བྱེད་ཕྱོགས་ད་ལྟའི་བར་རྒྱུན་འཁྱོངས་བྱས་ཡོད། 

2 རྨང་གཞིའི་སྒྲིག་བཀོད།

སློབ་གླིང་དེ་སྤྱི་ལོ1987ལོའི་ཟླ10པར་བཙུགས། ཧོ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་གྲོང་ཁྱེར་ལྷོ་ནུབ་མཐོ་རིམ་སློབ་ཁུལ་དུ་ཆགས་ཡོད། སློབ་གླིང་དུ་ད་ལྟ་ས་རྒྱ་མུའུ275ཡོད་པ་དང་། ད་ལྟའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.6ཡོད། དཔེ་དེབ་ཁྲི58ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་དེབ1000ལྷག་ཙམ་ཡོད། དགེ་རྒན་གྱི་དཔུང་ཁག་དང་དོ་དམ་ལས་དོན་མི་སྣ465ཡོད། དེའི་ནང་མཐོ་རིམ་ལས་རིགས་གཞོན་པ་ཡན་གྱི་གོ་མིང178ཡོད་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ2000ལྷག་ཙམ་ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི400ཡོད། དཔེ་མཛོད་ཁང་དུ་སྤྱི་བདེའི་དཔེ་དེབ་དཔྱད་གཞི་ཕུན་སུམ་ཚོགས་པོ་ཡིན་ལ། སློབ་ཁྲིད་དང་། ལུས་རྩལ། འཚོ་བའི་སྒྲིག་བཀོད་ཆ་ཚང་ཞིང་། གཞུང་ལས་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། སློབ་མའི་ཉལ་ཁང་ཐོག་ཁང་། གསོ་སྦྱོང་ཐོག་ཁང་། ཚད་ལྡན་ལུས་རྩལ་ར་བ་དང་འབེན་ར་སོགས་ཆ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཡོད་པ་མ་ཟད། ཉེས་དོན་ལག་རྩལ་ཚོད་ལྟ་ཁང་དང་། འཛིན་བཤེར་འཐབ་རྩལ་སྦྱོང་བརྡར་བྱེད་ས། འཕྲུལ་འཁོར་ཁང་། སྐད་གདངས་ཁང་། གློག་རྡུལ་ལྟ་ཀློག་ཁང་། སྨྱན་མང་སློབ་ཁང་སོགས་ཀྱི་སྒྲིག་བཀོད་དང་རྒྱུན་གཏན་གྱི་སློབ་ཁྲིད་ཀྱི་ལེ་ལག་ཚང་སྒྲིག་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་པ196ཡོད། དེའི་ནང་ཆེད་བསྐོས་དགེ་རྒན103ཡོད་། དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི25%བཟུང་ཡོད། 

3 སློབ་ཁྲིད་དངོས་ཤུགས།

སློབ་གླིང་གི་དགེ་རྒན་གྱིས་སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ400ལྷག་ཙམ་སྤེལ་ཡོད། དཔེ་སྐྲུན་བརྩམས་ཆོས་དང་སློབ་དེབ100ལྷག་ཙམ་ཡོད་པ་དང་དགེ་རྒན4ལ་སྤྱི་བདེ་པུའུ་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ཐོབ། མིག་སྔར་བཙུགས་པའི་མྱུལ་ཞིབ་དང་བདེ་སྐྱོང་ཆེད་ལས་གཉིས་ཀྱི་རྨང་གཞིའི་ཐོག སློབ་གླིང་གིས་ཆེད་ལས་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ནས་ཁྲིམས་ལུགས་རིག་པའི་ཆེད་ལས་དང་། དཔལ་འབྱོར་མྱུལ་ཞིབ་ཆེད་ལས། འགྲིམ་འགྲུལ་དོ་དམ། རྩིས་འཁོར། བདེ་སྲུང་དོ་དམ་སོགས་ཀྱི་ཆེད་ལས་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད། སྤྱི་བདེའི་ལས་དོན་གྱི་ལག་ལེན་ལ་ཁ་ཕྱོགས་པའི་དགོས་མཁོ། རིག་གནས་ཤེས་བྱའི་སློབ་གསོ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ། ཀུན་སྤྱོད་ཀྱི་སློབ་གསོ། སྒྲིག་ཁྲིམས་ཀྱི་སློབ་གསོ། བཅའ་ཁྲིམས་ཀྱི་སློབ་གསོ་སོགས་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་སློབ་ཁྲིད་ཀྱི་ནང་ཞིབ་ཚགས་སུ་བཏང་ནས་སྤྱི་བདེ་སློབ་གླིང་གི་སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པོ་ཡིན། སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་ལས་ཐོག་སློབ་གསོ་གཉིས་མཉམ་དུ་སྤེལ་བའི་རྩ་དོན་ལྟར། སྤྱི་བདེ་སློབ་རྒྱུས་སློབ་གསོ་སྤེལ་བའི་དུས་མཚུངས་སུ་སློབ་གླིང་གིས་ལས་ཐོག་གསོ་སྦྱོང་སློབ་གསོ་ཧུར་ཐག་སྤེལ། མིག་སྔར་རང་རེའི་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་རིགས་ཁག་དང་རིམ་པ་ཁག་གི་ལས་ཐོག་མི་དམངས་ཉེན་རྟོག་པ་གསོ་སྦྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

4 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར་ཧོ་པེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ་བཙུགས། 

སྤྱི་ལོ1991ལོར་ཧོ་པེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ་དེ་ཧོ་པེ་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1998ལོར་ཧོ་པེ་ཚན་རྩལ་སློབ་ཆེན་བཙུགས།

སྤྱི་ལོ2003ལོར་ཧོ་པེ་ཚན་རྩལ་སློབ་ཆེན་དང་ཧོ་པེ་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་ལས་རིགས་སློབ་གླིང་བཙུགས།

5 ལས་ཐོག་འགོ་ཁྲིད།

སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི། ལི་ཀྲན་ཡིང་།

སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ། ལི་ཧུང་ཙེ།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཏིན་ཝུན་ཡོའུ།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཧོ་དབྱི་ཁྲེང་།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ལི་ཀྲན་ཡིང་།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། མྱུལ་ཞིབ་ཚན་ཁག་གི་ཀྲུའུ་རེན།དབྱང་ལན་སུའོ།

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། རིན་ཁའེ་ཡོན།

ཏང་ཨུའི་ཨུ་ཡོན་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཝུའུ་ཀུའེ་ཡུས།

ཏང་ཨུའི་ཨུ་ཡོན་དང་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་། ཧྲེན་ཝེ་ཧུང་།

ཏང་ཨུའི་ཨུ་ཡོན་དང་བཅའ་ཁྲིམས་པུའུ་ཡི་ཀྲུའུ་རེན། ཀྲའོ་ཞིན་རུའེ།

6 སློབ་གླིང་གི་ད་ལྟའི་གནས་ཚུལ།

གཅིག སློབ་གྲྭའི་མིང་། ཧོ་པེ་སྤྱི་བདེ་ཉེན་རྟོག་པའི་ལས་རིགས་སློབ་གླིང་། (སློབ་གྲྭའི་ཚབ་ཨང13398)

གཉིས། སློབ་གྲྭ་གཉེར་བའི་རྣམ་པ། གཞུང་བཙུགས་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གྲྭ།

གསུམ། སློབ་གྲྭ་གཉེར་བའི་རིམ་པ། སློབ་གྲྭ་ཆེན་མོའི་ཆེད་སྦྱོང་ཚན་ཁག་དང་སློབ་ཡུན་ལོ3ཡིན།

བཞི། སློབ་སྦྱོང་གི་རྣམ་པ། ཉིན་ཧྲིལ་བོའི་ལམ་ལུགས།

ལྔ། སློབ་གྲྭའི་ས་གནས། ཧོ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་གྲོང་ཁྱེར་ཆའོ་ཞི་ཁུལ་པིན་ཧོ་སྲང་ལམ་ཨང1པོ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-24

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།