ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་སྤྱི་ལོ1953ལོའི་ཟླ8པར་བཙུགས། སྤྱི་ལོ2018ལོའི་ཟླ5པར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་སྤྲད་ཅིང་། སློབ་གསོ་པུའུ་ཡིས“ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང”དུ་བསྒྱུར། ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ1953ལོར་བཙུགས། མིག་སྔར་ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དང་ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་གཉིས་ནི་སློབ་གྲྭ་གཉིས་དང་། སྒོ་རྟགས་གཉིས། ལས་ཁུངས་གཅིག་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西卫生健康职业学院
ཕྱི་ཡིག་གི་མིང་།
Shanxi Health Vocational College
བསྡུས་མིང་།
འཕྲོད་བསྟེན་བདེ་ཐང་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1953ལོར།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
ངོ་བོ།
མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གྲྭ།
གཙོ་གཉེར་ལས་ཁུངས།
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
མཐོ་རིམ་ལས་རིགས་ཆེད་ལས།
9
གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་ཡུས་ཚི་ཆུས་ཝུན་ཅིན་སྲང་ལམ་ཨང100པ།ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཧྲོང་ཐ་སི་སྲང་ལམ་ཨང22པ།
སློབ་གྲྭའི་ཚབ་ཨང་།
4214050166
1 སློབ་གླིང་གི་གནས་ཚུལ་མདོར་བསྡུས།

ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་སྤྱི་ལོ1953ལོའི་ཟླ8པར་བཙུགས། སྤྱི་ལོ2018ལོའི་ཟླ5པར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་སྤྲད་ཅིང་། སློབ་གསོ་པུའུ་ཡིས“ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང”དུ་བསྒྱུར། ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ1953ལོར་བཙུགས། མིག་སྔར་ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དང་ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་གཉིས་ནི་སློབ་གྲྭ་གཉིས་དང་། སྒོ་རྟགས་གཉིས། ལས་ཁུངས་གཅིག་ཡིན་པ་རེད། སློབ་གྲྭ་བཙུགས་པ་ནས་ད་བར་ལོ་ངོ་དྲུག་བཅུ་ལྷག་ཙམ་སོང་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག་སློབ་གླིང(སློབ་གྲྭ)གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད། མཐོ་རིམ་ལས་རིགས་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོ་གཞི་གཅིག་ཏུ་འདུས་པའི་རང་ཚུགས་སུ་བཙུགས་པའི་མཐོ་རིམ་གསོ་རིག་ལས་རིགས་སློབ་གླིང་ཞིག་ཏུ་གྱུར་ཡོད།

སློབ་གླིང(སློབ་གྲྭ)གི་ས་ཁྱོན་ལ་མུའུ285.77ཡོད། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི20.96ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི3829.9ཡིན་པ་དང་དཔེ་དེབ་དཔྱད་ཡིག་ཁྲི26.02ཡོད། སློབ་གླིང་དུ་ད་ལྟ་དགེ་རྒན481ཡོད། དེའི་ནང་ཆེད་བསྐོས་དགེ་རྒན366ཡོད། དགེ་རྒན་ཆེན་མོ12(ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཚུད)དང་དགེ་རྒན་ཆེན་མོ་གཞོན་པ(ཀྲུའུ་རེན་སྨན་པ་གཞོན་པ་ཚུད)91ཡོད། འབྲིང་རིམ་གོ་མིང་ཡོད་མཁན་མི154ཡོད་པ་དང་། དགེ་རྒན་དཔུང་ཁག་ཁྲོད་དུ་འབུམ་རམས་པ6ཡོད། རབ་འབྱམས་པའི་སློབ་གནས་ཡོད་མཁན152དང་། གཉིས་འཇོན་ཅན་གྱི་དགེ་རྒན72 ཕྱི་རྒྱལ་དུ་གདན་དྲངས་པའི་སློབ་ཁྲིད་སྨན་ཁང་གི་དགེ་རྒན་ཆེན་མོ་བ་གཞོན་པ160བཅས་ཡོད་པ་རེད། སློབ་གླིང(སློབ་གྲྭ)དུ་ད་ཡོད་སློབ་ཁྲིད་སྲིད་འཛིན་འགན་ནུས་ཁྲུའུ14ཡོད། སློབ་ཁྲིད་རྩ་འཛུགས་ལ་སྡེ་ཁག་ལྔ་དང་པུའུ་གསུམ་ལྟེ་བ་གཅིག་ཡོད་པ་སྟེ། གསོ་རིག་རྨང་གཞི་པུའུ་དང་། གསོ་རིག་སྡེ་ཁག ཁ་སྦུག་སྡེ་ཁག ནད་གཡོག་སྡེ་ཁག སྨན་རྫས་རིག་པའི་སྡེ་ཁག འཕྲོད་བསྟེན་དོ་དམ་སྡེ་ཁག མི་ཚུལ་སྤྱི་ཚོགས་ཚན་རིག་པུའུ། ཆ་འཕྲིན་ལྟེ་གནས། གསོ་སྦྱོང་པུའུ་བཅས་ཡིན། དེའི་ཁོངས་སུ་སློབ་དཔྱོད་ཁང39དང་། ཚོད་ལྟ་ཁང26 ཚད་ལྡན་དཔེ་དེབ་ཁང5 སྐད་གདངས་ཁང4 གློག་ཀླད་སློབ་ཁང་། རྩིས་འཁོར་ཁང་བཅས་ཡོད། ད་དུང་ནད་སྐྱོང་དང་སྐྱེ་གཡོག་ལག་རྩལ། གསོ་རིག་ཞིབ་བཤེར་ལག་རྩལ། ཁ་སྦུག་གསོ་རིག སྨན་རྫས་རིག་པ་སོགས་སློབ་གྲྭའི་ནང་དུ་དངོས་སྦྱོང་རྟེན་གཞི་བཙུགས་ཡོད། ནད་ཐོག་སྨན་བཅོས་ཀྱི་གསོ་རིག(སྤྱི་ལོ2019ལོའི་ཆེད་ལས་གསར་སྣོན་བྱས་པ)དང་། ནད་གཡོག་རིག་པ། སྨན་རྫས་རིག་པ། གསོ་རིག་ཞིབ་དཔྱད་ལག་རྩལ། མཐོ་རིམ་སྐྱེ་རོགས། ཀྲུང་ལུགས་གསོ་རིགm གསོ་རིག་བརྙན་པར་སོགས་ཆེད་ལས8བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ་དགུ་སྟོང་ལྷག་ཙམ་ཡོད། སློབ་གླིང་དུ་ཞོར་གཏོགས་སྨན་ཁང3(ཧྲན་ཞི་ཞིང་ཆེན་བཤང་ལམ་སྨན་ཁང་དང་། ཐའེ་ཡོན་གྲོང་ཁྱེར་མི་དམངས་སྨན་ཁང་། ཅིན་ཀྲུང་གྲོང་ཁྱེར་ཡུས་ཚེ་ཆུས་ཀྲུང་ལུགས་སྨན་ཁང)བཙུགས་ཡོད། ཧྲན་ཞི་ཞིང་ཆེན་མི་དམངས་སྨན་ཁང་དང་། ཞིང་ཆེན་སྐྲན་ནད་སྨན་ཁང་། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་སོགས་ཞིང་ཆེན་རིམ་པའི་སྨན་ཁང་ཚུད་པའི་སློབ་ཁྲིད་དངོས་སྦྱོང་རྟེན་གཞི35ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག301དང་། 304 306སོགས་ལས་ཁོངས་དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་སྤྱི་ལོ1953ལོའི་ཟླ8པར་བཙུགས། ད་བར་ལོ60ལྷག་ཙམ་གྱི་སློབ་གཉེར་ལོ་རྒྱུས་ལྡན། སྤྱི་ལོ1958ལོར“ཐའེ་ཡོན་གསོ་རིག་སློབ་གླིང”དང“ཧྲན་ཞི་གསོ་རིག་སློབ་གླིང་གཉིས་པ”ཞེས་པར་བསྒྱུར། དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་གསོ་ལོ6ལ་གཉེར། སྤྱི་ལོ1981ལོར་ཧྲན་ཞི་སྨན་བཅོས་འཕྲོད་བསྟེན་ལས་བཟོའི་ཆེད་སྦྱོང་སློབ་གྲྭ་ཞེས་མིང་བསྒྱུར། དེའི་རིང“ཧྲན་ཞི་གསོ་རིག་སློབ་གླིང་ཀྲུང་ལུགས་གསོ་རིག་སློབ་ཆེན་འཛིན་གྲྭའི”མིང་ཐོག་ནས་དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་གསོ་ལོ10གཉེར་བ་དང་། སྤྱི་ལོ1986ལོར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཐོ་འགོད་བྱས། མིང་ལ“ཧྲན་ཞི་ལས་བཟོའི་གསོ་རིག་སློབ་གླིང”ཞེས་པར་བསྒྱུར། སྤྱི་ལོ1993ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། དར་མའི་ཆེད་སྦྱོང་ཚན་ཁག་གི་སློབ་གསོ་འཛུགས་གཉེར་བྱས། སྤྱི་ལོ2001ལོར་ཁ་གཏད་སློབ་རིམ་འཕར་བའི་མཐོ་རིམ་ལས་རིགས་སློབ་གསོ་སྤེལ་བ་དང་སྤྱི་ལོ2003ལོ་ནས་ད་བར་དུ་མཐོ་རིམ་ལས་རིགས་སློབ་གསོ་དཀྱུས་མ་གཉེར། སྤྱི་ལོ2018ལོའི་ཟླ5པར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་སྤྲད་ཅིང་། སློབ་གསོ་པུའུ་ཡིས“ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང”དུ་བསྒྱུར། ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ1953ལོར་བཙུགས། མིག་སྔར་ཧྲན་ཞི་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དང་ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་གཉིས་ནི་སློབ་གྲྭ་གཉིས་དང་། སྒོ་རྟགས་གཉིས། ལས་ཁུངས་གཅིག་ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-18

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།