ཀྲང་ཏིང་ཡུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཏིང་ཡུས།
ཁོང་ནི་སྤྱི་ལོ1963ལོའི་ཟླ12པར་ཧོ་ནན་ཆུའེ་ཧྲན་ནས་སྐྱེས་ཤིང་། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས། ཀྲུང་གུང་ཏང་ཡོན། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། གསོ་རིག་འབུམ་རམས་པའི་བསླབ་གནས་ཡོད། སྤྱི་ལོ2020ལོའི་ཟླ8པའི་ཚེས11ཉིན་ཀྲང་ཏིང་ཡུས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་། ད་ལྟ་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张定宇
སྐྱེས་ཡུལ།
ཧུའུ་པེ་ཝུའུ་ཧན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཧྭ་ཀྲུང་ཚན་རྩལ་སློབ་ཆེན།
ཕ་ཡུལ།
ཧོ་ནན་ཆུའེ་ཧྲན།
ཆབ་སྲིད་ཀྱི་ངོ་བོ།
ཀྲུང་གུང་ཏང་ཡོན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ཐུང་ཅི་གསོ་རིག་སློབ་ཆེན་གྱི་གསོ་རིག་ཆེད་ལས་སུ་སློབ་སྦྱོང་བྱས། 

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ8པའི་བར་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བཞི་པའི་སྦྲིད་སྨན་ཚན་ཁག་གི་སྨན་པ་དཀའ་བཅུ་པ་དང་། གཙོ་བཅོས་སྨན་པ་དཀའ་བཅུ་པ། ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ7པའི་བར་ཝུའུ་ཧན་གྲོང་ཁྱེར་སྨན་ཁང་བཞི་པའི་སྨན་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་སྨན་པ་གཞོན་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2003ལོའི་ཟླ7པ་ནས་སྤྱི་ལོ2007ལོའི་ཟླ8པའི་བར་ཝུའུ་ཧན་གྲོང་ཁྱེར་ཕུའུ་ཨའེ་སྨན་ཁང་གི་ཡོན་ཀྲང་ལས་རོགས་པ་དང་སྤྱི་ལོ2006ལོའི་ཟླ11པར་ཀྲུའུ་རེན་སྨན་པ་དཀའ་བཅུ་པའི་འགན་བཞེས།     

སྤྱི་ལོ2007ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ9པའི་བར་ཝུའུ་ཧན་གྲོང་ཁྱེར་ཕུའུ་ཨའེ་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། ཏང་ཨུའི་ཨུ་ཡོན་ཡིན། 

སྤྱི་ལོ2012ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ12པའི་བར་ཝུའུ་ཧན་གྲོང་ཁྱེར་ཁྲག་རྒྱུན་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ12པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2020ལོའི་ཟླ4པའི་བར་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་བཞེས། 

སྤྱི་ལོ2020ལོའི་ཟླ4པ་ནས་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

2 གཟི་བརྗིད་མཚན་སྙན།

སྤྱི་ལོ2008ལོར་དེ་སྔའི་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ས་འགུལ་གྱི་ གནོད་སྐྱོན་སེལ་བའི་སྨན་བཅོས་འཕྲོད་བསྟེན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་གནང་།.jpgསྤྱི་ལོ2017ལོར་དེ་སྔའི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ2016ལོ་ནས་སྤྱི་ལོ2017ལོའི་བར་དར་སོ་ཆེ་བའིH7N9སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2020ལོའི་ཟླ1པའི་ཚེས31ཉིན་ཧུའུ་པེ་ཞིང་ཨུའི《བློ་མཐུན་ཀྲང་ཏིང་ཡུས་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས། 

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན། ཝུའུ་ཧན་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བློ་མཐུན་ཀྲང་ཏིང་ཡུས་ཀྱི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་བྱ་ཆེད། བློ་མཐུན་ཀྲང་ཏིང་ཡུས་ལ་བྱས་རྗེས་ཆེན་པོ་འགོད།

སྤྱི་ལོ2020ལོའི་ཟླ2པའི་ཚེས4ཉིན་ཧུའུ་པེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཀྲང་ཏིང་ཡུས་ལ་བྱས་རྗེས་ཆེན་པོ་འགོད་པའི་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས།

སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན་སྤྱི་ལོ2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་འོས་མི་འོས་སྦྱོར་བྱས་ཡོད། 

སྤྱི་ལོ2020ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2020ལོའི་ཟླ5པར་ཧུའུ་པེའི་ཀྲང་ཏིང་ཡུས་ཀྱི་ཁྱིམ་ཚང་ལ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་པའི་ཁྱིམ་ཚང་ཡག་ཤོས་ཀྱི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2020ལོའི་ཟླ8པའི་ཚེས11ཉིན་ཀྲང་ཏིང་ཡུས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། རྒྱལ་ནང་། ཀྲང་ཏིང་ཡུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-24

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།