ཁྲང་ཀྲི་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

སྤྱི་ལོ2020ལོའི་ཟླ4པར་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་སློབ་སྔོན་སློབ་གསོ་དང་། རོལ་དབྱངས་སློབ་གསོ། མཛེས་རྩལ་སློབ་གསོ། ཞབས་བྲོའི་སློབ་གསོ་བཅས་ལོ་བཞི་ལྔ་བསྟུད་མར་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ཆེད་ལས་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།
སློབ་གྲྭ་དེའི་དགེ་རྒན་གྱི་སྟོབས་ཤུགས་ཀྱིས་ད་ཡོད་སློབ་གྲྭ་བཞིའི་དགེ་རྒན་གྱི་རྨང་གཞིའི་ཐོག་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་ལ་བརྟེན་ནས་སློབ་གཉེར་གྱི་སྤུས་ཚད་མཐོ་རུ་བཏང་ཡོད། སློབ་གྲྭ་བཞིར་ད་ལྟ་དགེ་རྒན་དང་ལས་བཟོ་བ508ཡོད། དེའི་ནང་། ཆེད་བསྐོས་དགེ་རྒན367(དེའི་བསྡུར་ཚད72.2%ཟིན་པ)ཚང་མ་སློབ་ཆེན་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་གཞོན་པ་ཡན་གྱི་མི85(བརྒྱ་ཆའི23.2ཟིན)དང་། རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་མམ་བསླབ་གནས་ཡན་གྱི་ཆེད་བསྐོས་དགེ་རྒན136(དེའི་བསྡུར་ཚད་བརྒྱ་ཆའི37.1ཟིན)ཡོད། ཆེད་བསྐོས་དགེ་རྒན་གྱི་དམིགས་ཚད་ཁག་ཚང་མ་སློབ་གཉེར་ཆ་རྐྱེན་ཁྲོད་དགེ་རྒན་དཔུང་ཁག་གི་གྲུབ་ཆའི་ཚད་གཞིར་སླེབས་ཡོད་པ་རེད།
གཞན་ཡང་སློབ་གྲྭ་དེས་མི་སྣ་ཡོངས་ལ་གཅིག་སྡུད་གསོ་སྦྱོང་དང་ཁག་བགོས་གསོ་སྦྱོང་བྱས་པ་རེད། “ནང་དུ་གདན་འདྲེན་ཞུ་བ་དང་ཕྱི་རུ་སྐྱོད་པའི”བྱེད་ཐབས་སྤྱད་དེ་དགེ་རྒན་ཁ་ཤས་ཀྱི་ཆེད་ལས་ཁ་གཏད་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། སློབ་གྲྭ་དེས་འབྲེལ་ཡོད་ཆེད་ལས་དགེ་རྒན་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་པའི་མི་གྲངས་རིམ་རྩིས་བྱས་ན་མི་ཐེངས500ལས་བརྒལ་ཡོད།
སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རིམ་པ་གཙོ་བོ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ཡིན། ད་ཡོད་ཀྱི་གསོ་སྐྱོང་གཞི་སྒྲོམ་གྱི་རྨང་གཞིའི་ཐོག སློབ་གྲྭས་སློབ་གཉེར་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་སློབ་གཉེར་གྱི་གསོན་ཤུགས་ཆེ་རུ་བཏང་ནས“སློབ་གཉེར་བརྒྱུད་རིམ་སློབ་གསོ+སློབ་གཉེར་བརྒྱུད་རིམ་མིན་པའི་སློབ་གསོ”དང“ལས་ཞུགས་སྔོན་གྱི་སློབ་གསོ+ལས་ཞུགས་རྗེས་ཀྱི་གསོ་སྦྱོང་ཟུང་འབྲེལ”གྱི་སློབ་གསོ་གསོ་སྦྱོང་མ་ལག་རིམ་བཞིན་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་སློབ་གྲྭས་ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་དང་མཉམ་ལས་སློབ་གཉེར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་རེད།
སློབ་གཉེར་རིམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆེད་སྦྱོང་ཚན་ཁག་གི་རིམ་པ་འཛུགས་པ། མཐོ་རིམ་སློབ་འབྲིང་གི་འགོ་འཛུགས་སའི་ལོ་གསུམ་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་དང་དམའ་རིམ་སློབ་འབྲིང་གི་འགོ་འཛུགས་སའི་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་དང་དེ་བཞིན“3+2”དུམ་མཚམས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་ཚུད་ཡོད་པ་དང་། དར་མ་དང་ལས་ཞུགས་རྗེས་ཀྱི་རྒྱུན་མཐུད་སློབ་གསོར་རམ་འདེགས་བྱེད་པ་དང་། སློབ་གྲྭ་མ་ཞུགས་གོང་གི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་མ་ལག་གཞི་གཅིག་ཏུ་གྱུར་ཡོད།
སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་པ་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། སྔར་ཡོད་སློབ་གྲྭ4ཡི་སྤྱོད་གོ་ཆོད་པའི་སྒྲིག་ཆས་ཀྱི་རྨང་གཞིའི་ཐོག་རིག་ལྡན་ནག་པང་དང་། སློབ་ཁྲིད་རྣོ་སྦྲེང་། གློག་ཀླད་སོགས་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་བསྐྱར་དུ་ཉོས་པ་རེད། སྤྱིའི་རིན་ཐང་སྒོར་ཁྲི5700ལྷག་ཙམ་ཡིན་པ་རེད།
དུས་མཚུངས་སུ། སློབ་གྲྭར་ད་དུང་སྒྲིག་ཆས་སྔོན་ཐོན་གྱི་ཞབས་བྲོ་སློབ་ཁང་དང་། མཛེས་རྩལ་སློབ་ཁང་། རོལ་ཆས་སློབ་ཁང་སྣ་ཚོགས་བཅས་ཡོད་པ་དང་། བྱིས་པའི་སྒྲ་གཟུགས་མཛེས་གསུམ་གྱི་སློབ་གསོ་དང་། རིག་ཕན་རོལ་རྩེད། ཚན་རིག་སློབ་གསོ། ཚོད་ལྟ་ཁང་སྣ་ཚོགས་སོགས་རྨང་གཞིའི་རྩལ་ནུས་དངོས་སྦྱོང་ཁང་དང་། སློབ་ཞུགས་གོང་གི་སློབ་གསོའི་རྩལ་ནུས་དངོས་སྦྱོང་ཁང་། སློབ་ཞུགས་གོང་གི་སློབ་གསོའི་སློབ་ཐབས་དངོས་སྦྱོང་ཁང་བཅས་ཁྱོན་ཁང་མིག1000ལྷག་ཙམ་ཡོད་པ་རེད། རྣོ་སྦྲེང་སྣ་ཚོགས550ལྷག་ཙམ་དང་རྩིས་འཁོར750ལྷག་ཙམ་ཡོད། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་ཆ་ཁྲི58.1མཐོ་རིམ་ལས་རིགས་སློབ་གྲྭའི་སྒྲིག་བཀོད་ཀྱི་ཚད་གཞིར་སླེབས་ཡོད། དགེ་འོས་སློབ་མའི་ལས་རིགས་ཀྱི་རྩལ་ནུས་དང་ལག་ལེན་གྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཐུབ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-08-17
གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།