ཧྲན་ཞི་བཟོ་སྐྲུན་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཞི་བཟོ་སྐྲུན་ལས་རིགས་སློབ་གླིང་།
ཧྲན་ཞི་བཟོ་སྐྲུན་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་ཁོངས་གཏོགས་ཡིན། སྤྱི་ལོ2019ལོའི་ཟླ4པར“རྒྱལ་ཁབ་དཔེ་སྟོན་སློབ་གྲྭ”ཧྲན་ཞི་ལས་གྲྭའི་ལས་རིགས་ལག་རྩལ་སློབ་གླིང་དང“རྒྱལ་ཁབ་རྐང་འཛིན་སློབ་གྲྭ”ཧྲན་ཞི་རྡོ་སོལ་ལས་རིགས་ལག་རྩལ་སློབ་གླིང་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་རེད། སློབ་གླིང་ནི་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་རྒྱལ་ཁབ་ཀྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གསོ་པུའུ་ཡི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ལས་ཁུངས་དང་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་སློབ་གསོའི་དཔེ་སྟོན་མཐོ་སློབ། ཧྲན་ཞི་ཞིང་ཆེན་གྱི“ཀྲུང་གོའི་ཁྱད་ཆོས་ཀྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞིའི”འོས་སྦྱོར་སློབ་གྲྭའི་གྲས་ཤིག་རེད། སློབ་གླིང་འདི་ནི་དེ་སྔར་སྤྱི་ལོ1952ལོར་བཙུགས་པའི་ཐའེ་ཡོན་ངར་ལྕགས་སློབ་གྲྭ་དང་ཧྲན་ཞི་གཏེར་འདོན་སློབ་གྲྭ་ཡིན། དེ་ནི་ཧྲན་ཞི་ཞིང་ཆེན་གྱིས་ཆེས་ཐོག་མར་བཙུགས་པའི་ལས་རིགས་སློབ་གྲྭ་ལྔའི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西工程职业学院
ཕྱི་ཡིག་གི་མིང་།
shanxi enginerring vocational college
བཙུགས་ལོ།
སྤྱི་ལོ1952ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཁྱད་ཆོས།
རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ(སྤྱི་ལོ2010ལོར) ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞི།
གཙོ་གཉེར་ལས་ཁུངས།
ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་།
མཐོ་རིམ་ལས་རིགས་ཆེད་ལས།
77
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་ཁུལ་གཉིས་ལ་ཁྱོན་སློབ་གླིང་དང་སྡེ་ཁག14ཡོད།
སློབ་གྲྭའི་དམ་ཚིག
སློབ་སྦྱོང་ལ་བརྩོན་པ་དང་ལག་ལེན་ལ་མཐོང་ཆེན་བྱེད་པ།
གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་གྱི་གསར་སྐྲུན་ལམ་ཨང131
སློབ་གྲྭའི་ཚབ་ཨང་།
4114014681
1 སློབ་གཉེར་གྱི་ངེས་གནས།

སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་བ་བརྒྱུད། སློབ་གླིང་གིས་ཞབས་ཞུའི་སྒྲིག་ཆས་བཟོ་སྐྲུན་དང་། དེང་རབས་རྫས་འགྱུར་བཟོ་ལས། རིག་ནུས་ལྕགས་བཞུ། ཆ་འཕྲིན་ལག་རྩལ། ནུས་རྒྱུ་གསར་པའི་ཐོན་ལས་སོགས་ཁྱད་ཆོས་གཙོ་བོར་བྱས་པའི་ལག་རྩལ་དང་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བསྐྲུན་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་རྩེ་གྲ། རྒྱལ་ནང་དུ་སྐད་གྲགས་ཆེ་བ། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་བཅས་ཀྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་དང་། ཧྲན་ཞི་ལས་རིགས་སློབ་གསོའི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་པ། དཔལ་འབྱོར་དང་སྤྱི་ཚོགས་ཚུལ་སྒྱུར་གོང་སྤེལ་གྱི་ཞབས་ཞུའི་དགོས་མཁོ་སྣེ་ཁྲིད་མཁན། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གསར་འབྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭའི་གྲས་སུ་གང་མགྱོགས་སུ་འཇུག་དགོས།

2 སློབ་གླིང་དང་སྡེ་ཁག ཆེད་ལས།

སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཆེད་སྦྱོང་ཆེད་ལས77བཙུགས་པའི་ནང་ལུང་ཐན་སློབ་ཁུལ་གྱི་ཆེད་སྦྱོང་ཆེད་ལས43དང་ཐང་ཧོའེ་སློབ་ཁུལ་གྱི་ཆེད་སྦྱོང་ཆེད་ལས34ཡོད་པ་རེད།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ715ཡོད་པ་རེད། དེའི་ནང་ཆེད་བསྐོས་དགེ་རྒན570ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་དགེ་རྒན189ཡོད་པ་དང་རབ་འབྱམས་པ་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན350ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ2དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1 “ཧོང་ཡན་ཕེ་ལས་རིགས་སློབ་གསོའི་བྱ་དགའི་ཕུལ་བྱུང་དགེ་རྒན”2 ཞིང་ཆེན་རིམ་པའི་རིག་གཞུང་སྣེ་ཁྲིད་པ་དང་ཞིང་ཆེན་རིམ་པའི“ཉིས་འཇོན་རྣམ་པའི”སློབ་ཁྲིད་དགེ་རྒན་གྲགས་ཅན་སོགས་མི35ཡོད། “སན་ཅིན་མཛངས་མི”ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་མི18ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་སྤུས་ལེགས་འཛུགས་སྐྲུན་ཆེད་ལས1ཡོད་པ་རེད། རྒྱལ་ཁབ་ཀྱི་དཔེ་སྟོན་སློབ་གླིང་དང་སློབ་གྲྭའི་གཙོ་གནད་ཆེད་ལས6དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས4 ས་གནས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས2 ཧྲན་ཞི་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་གཙོ་གནད་འཛུགས་སྐྲུན་ཆེད་ལས2 རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་གི་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི2 ཧྲན་ཞི་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གསོའི་གཙོ་གནད་སྦྱོང་བརྡར་རྟེན་གཞི2 རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན18 རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན2 སློབ་གླིང་རིམ་པའི་སྤུས་ལེགས་སློབ་ཚན39བཅས་ཡོད་པ་རེད།

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོར་སློབ་གླིང་གིས་རིགས་ཁག་གི་རིག་གཞུང་དཔྱད་རྩོམ45སྤེལ་བའི་ནང་ལྟེ་བའི་དུས་དེབ་ཏུ7སྤེལ་ཡོད། ཧྲན་ཞི་ཞིང་ཆེན་ལྕགས་རིགས་སློབ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ཧྲན་ཞི་ཞིང་ཆེན་ལྕགས་རིགས་སློབ་ཚོགས་ཀྱི་ཕུལ་བྱུང་རིག་གཞུང་དཔྱད་རྩོམ(སྤྱི་ལོ2011ལོ་ནས་སྤྱི་ལོ2012ལོའི་བར)དཔྱད་འདེམས་ལས་དོན་ཁྲོད། སློབ་གླིང་དུ་དཔྱད་རྩོམ9ལ་བྱ་དགའ་ཐོབ་པ་དང་དེའི་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ་པའི་དཔྱད་རྩོམ1ཡོད། བྱ་དགའ་རིམ་པ་གསུམ་པའི་དཔྱད་རྩོམ2 ཕུལ་བྱུང་བྱ་དགའ་བྱ་དགའ6བཅས་ཐོབ་པ་རེད། སྨན་ཁང་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི22དང་ཞིང་ཆེན་རིམ་པ་ཡན་གྱིས་ཚན་ཞིབ་ཞིབ་འཇུག་བྱ་གཞི15ཞིབ་འཇུག་བྱས་པ་རེད།

སྤྱི་ལོ2015ལོར། སློབ་གླིང་གིས“དྲག་ཚད་མཐོ་བའི་དབྱིབས་འགྱུར་མཱེ་བསྲེས་ལྕགས་བཙིར་གནོན་རྣམ་པའི་གཤིས་ནུས་ཞིབ་འཇུག”སོགས་རྣམ་གྲངས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཞབས་ཞུའི་ནང་ཞུགས་པ་དང་སློབ་གླིང་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི14ཡོད་པ་རེད། ཞིང་ཆེན་རིམ་པ་ཡན་གྱིས་ཞིབ་འཇུག་དང་ཚན་རིག་ཞིབ་འཇུག་བྱ་གཞི་ཁག14ཡོད། རིག་གཞུང་དཔྱད་རྩོམ་སྣ་ཚོགས་ཁྱོན་བསྡོམས51འགྲེམས་སྤེལ་བྱས་པའི་ནང་ལྟེ་བའི་དུས་དེབ་ཏུ་དཔྱད་རྩོམ6འགྲེམས་སྤེལ་བྱས་ཡོད། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་རིང“གནམ་གཤིས་གྲང་ངར་ཆེ་བའི་གནས་ཚུལ་འོག་ཆུའི་མདོང་ལམ་ལ་སྣུམ་དྲེག་ཆགས་པའི་མདོང་ལམ་འགག་པའི་ཁྲོ་སྣོན་རྣམ་གྲངས”གཙོ་སྐྱོང་བྱས་པ་དང་། ཐའེ་ཡོན་འཕྲུལ་ཆས་ཆེ་གྲས་ཚོགས་པ་ཀུང་སིའི“ངར་ཁུག་དྲོད་ཚད་ཚད་ལེན་རང་འགུལ་ཚོད་འཛིན་མ་ལག་གི་ཇུས་འགོད”ནང་ཞུགས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-17

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།