ཧྭ་ཏུང་དགེ་འོས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྭ་ཏུང་དགེ་འོས་སློབ་ཆེན།
ཧྭ་ཏུང་དགེ་འོས་སློབ་ཆེན་ནི་སྤྱི་ལོ1951ལོའི་ཟླ10པའི་ཚེས16ཉིན་བཙུགས་ཤིང་ཏ་ཞ་སློབ་ཆེན(སྤྱི་ལོ1924ལོ)དང་ཀོང་ཧྭ་སློབ་ཆེན(སྤྱི་ལོ1925ལོ)རྨང་གཞིར་བྱས་པ་དང་ཆབས་ཅིག་ཧྥུའུ་ཏན་སློབ་ཆེན། ཐུང་ཅི་སློབ་ཆེན། ཀྲེ་ཅང་སློབ་ཆེན་སོགས་མཐོ་རིམ་སློབ་ཚན་ཁག་སྐོང་འཐེན་བྱས་ཏེ། ཏ་ཞ་སློབ་གྲྭ་ཆེན་མོའི་དེ་སྔའི་གནས་ཡུལ་དུ་གསར་འཛུགས་བྱས་ཤིང་། སྤྱི་ལོ1972ལོར་ཧྲང་ཧའེ་དགེ་འོས་སློབ་གླིང་དང་ཧྲང་ཧའེ་ལུས་རྩལ་སློབ་གླིང་སོགས་ཟླ་སྒྲིལ་བཏང་ནས་ཧྲང་ཧའེ་དགེ་འོས་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ1980ལོར་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་མིང་སླར་གསོ་བྱས་ཤིང་སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར་ཧྲང་ཧའེ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་ཧྲང་ཧའེ་སློབ་གསོའི་སློབ་གླིང་གཉིས་སྔ་རྗེས་སུ་ཟླ་སྒྲིལ་བཏང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华东师范大学
འབུམ་རམས་པའི་ཐོབ་ཐབ་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན29རིམ་པ་གཉིས་པའི་རིག་ཚན122
དབྱིན་ཡིག་གི་མིང་།
East China Normal University
འབུམ་རམས་ཕྱི་ཚར།
ཕྱི་ཚར་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས26
བཙུགས་ལོ།
སྤྱི་ལོ1951ལོར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
ཁྱད་ཆོས།
985 ལས་གཞི། 211ལས་གཞི།
སློབ་བཙུགས་དུས་ཆེན།
ཟླ10པའི་ཚེས16ཉིན།
དངོས་གཞིའི་ཆེད་ལས།ཨ
83
སློབ་གྲྭའི་ཚབ་ཨང་།
10269
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར་སློབ་གྲྭ་སླར་ཡང་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་དུ་གཏན་འཁེལ་བྱས་པ་རེད། 

སྤྱི་ལོ1978ལོར་ཧྲང་ཧའེ་དགེ་འོས་སློབ་གླིང་དང་ཧྲང་ཧའེ་སློབ་གསོ་སློབ་གླིང་། ཧྲང་ཧའེ་ལུས་རྩལ་སློབ་གླིང་བཅས་སུ་སྔ་རྗེས་སུ་སླར་གསོ་བྱས། 

སྤྱི་ལོ1980ལོའི་ཟླ7པར་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་མིང་སླར་གསོ་བྱས།

སྤྱི་ལོ1980ལོའི་ཟླ8པའི་ཚེས8ཉིན་ཧྭ་ཏུང་དགེ་འོས་སློབ་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་གཙོ་གནད་སློབ་ཆེན20གྲས་སུ་བཞག

2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ3པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ4394ཡོད་པའི་ནང་ཆེད་བསྐོས་དགེ་རྒན2352ཡོད་པ་རེད། དགེ་རྒན་ཆེ་མོ་བ་བཅས་དང་དེ་བཞིན་མཐོ་རིམ་གོ་མིང་དགེ་རྒན་གཞན་དག1969ཡོད། དེའི་ནང་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི་(ཉིས་ཞུས་ཡོན་ཧྲི་ཚུད)14དང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན36ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་མི10འདེམས་བསྐོ་བྱ་རྒྱུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི“དུས་རབས་གསར་པའི་ཤེས་ལྡན་མི་སྣ་ས་ཡ་མང་པོའི་འདུ་འགོད”རྒྱལ་ཁབ་རིམ་པའི་འོས་མི12 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན་མི26ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི“ན་གཞོན་ཤེས་ལྡན་པ་རྩེ་གྲ”10འདེམས་བསྐོ་དང་ཧྲང་ཧའེ་གྲོང་ཁྱེར“ཤར་ཕྱོགས་ཀྱི་མཁས་དབང”འདེམས་བསྐོ་བྱེད་མཁན37ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་རྗེས་གྲབས་འདེམས་སྒུག་པ27ཡོད། “ཤེས་ལྡན་མི་སྣ”འདེམས་བསྐོ་ནང་ཞུགས་མཁན་མི་ཐེངས216ཡོད།

3 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2020ལོའི་ཟླ3པའི་བར་སློབ་གྲྭར་རིག་གཞུང་པུའུ4(སའི་གོ་ལའི་ཚན་རིག་པུའུ་དང་སློབ་གསོ་རིག་པ། དཔལ་འབྱོར་དང་དོ་དམ་རིག་པ། ཆ་འཕྲིན་རིག་པའི་པུའུ་བཅས)ཡོད་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གླིང30ཡོད། དངོས་ཚན་ཞིབ་འཇུག་ཁང8དོ་དམ་རྣམ་པའི་སློབ་གླིང2བཅས་ཡོད་པ་རེད། དེ་མིན་སློབ་གྲྭ་རུ་བཙུགས་ཡོད་པའི་སློབ་གསོ་པུའུ་ཡི་འབྲིང་རིམ་སློབ་གྲྭའི་འགོ་འཛིན་གསོ་སྐྱོང་སྦྱོང་བརྡར་ལྟེ་གནས་ཀྱང་ཡོད་ལ་དངོས་གཞིའི་ཆེད་ལས84གཉེར་ཡོད།སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་རྒྱལ་ཁབ་ཀྱི་རིག་གནས་ཚན་ཁག་གི་རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་གི་རྟེན་གཞི2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་རྨང་གཞིའི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི4 རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས15བཅས་ཡོད། རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན23རྒྱལ་ཁབ་རིམ་པའི་སྐད་གཉིས་སློབ་ཚན5བཅས་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ5དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2 རྒྱལ་ཁབ་རིམ་པའི་རྟོག་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1དང་ཧྲང་ཧའེ་གྲོང་ཁྱེར་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས7ཡོད། 

3_1 རབ་འབྱམས་པའི་ཆེད་ལས།

མཚན་ཉིད་རིག་པ་དང་ཉེར་སྤྱོད་དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། སྤྱི་ཚོགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། སློབ་གསོ་རིག་པ། སེམས་ཁམས་རིག་པ། ལུས་རྩལ་རིག་པ། ཀྲུང་གོའི་སྐད་ཡིག་རྩོམ་རིགཀྲུང་གོའི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། རྩིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། རྫས་འགྱུར་རིག་པ། རྒྱ་མཚོའི་ཚན་རིག སྐྱེ་དངོས་རིག་པ། བསྡོམས་རྩིས་རིག་པ། གློག་རྡུལ་ཚན་རིག་དང་ལག་རྩལ། རྩིས་འཁོར་ཚན་རིག་དང་ལག་རྩལ། ཁོར་ཡུག་ཚན་རིག་དང་ལས་གཞི། མཉེན་ཆས་ལས་གཞི། སྤྱི་པའི་དོ་དམ། མཛེས་རིས་རིག་པ་བཅས་ཡོད།

3_2 འབུམ་རམས་པའི་ཆེད་ལས།

མཚན་ཉིད་རིག་པ་དང་། རིགས་པའི་གཞུང་ལུགས་ཀྱི་དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། སྤྱི་ཚོགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། སློབ་གསོ་རིག་པ། སེམས་ཁམས་རིག་པ། ལུས་རྩལ་རིག་པ། ཀྲུང་གོའི་སྐད་ཡིག་རྩོམ་རིག གསར་འགྱུར་རིག་པ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། རྩིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། རྫས་འགྱུར་རིག་པ། ས་ཁམས་རིག་པ། རྒྱ་མཚོའི་ཚན་རིག སྐྱེ་དངོས་རིག་པ། བསྡོམས་རྩིས་རིག་པ། གློག་རྡུལ་ཚན་རིག་དང་ལག་རྩལ། ཆ་འཕྲིན་ཚན་རིག་དང་ལག་རྩལ། ཁོར་ཡུག་ཚན་རིག་དང་ལས་གཞི། མཉེན་ཆས་ལས་གཞི། སྤྱི་པའི་དོ་དམ་བཅས་ཡོད།

4 མཉམ་ལས་སྤེལ་རེས། 

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭས་སྔ་རྗེས་སུ་ཧྥ་རན་སེའི་མཐོ་རིམ་དགེ་རྒན་ཚོགས་པ་དང་། ཨ་རིའི་ཉིའུ་ཡུའེ་སློབ་ཆེན། ཧྥུ་ཅི་ཉི་ཡ་སློབ་ཆེན། ཁ་ན་ཏ་པུའུ་ལེ་ཏེན་ཀོ་ལུན་པི་ཡ་སློབ་ཆེན། ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་སློབ་ཆེན། རི་པིན་ཏུང་ཅིང་སློབ་ཆེན་སོགས་འཛམ་གླིང་གི་གྲགས་ཅན་སློབ་ཆེན་གྱིས་འཐབ་ཇུས་མཉམ་འབྲེལ་རོགས་ཟླའི་འབྲེལ་བ་བཙུགས་པ་དང་འཛམ་གླིང་གི་མཐོ་རིམ་ཚན་ཞིབ་སྒྲིག་གཞི250ལྷག་ཙམ་དང་རིག་གཞུང་མཉམ་འབྲེལ་དང་སྤེལ་རེས་ཀྱི་གྲོས་མཐུན་བཞག་པ་རེད། ཧྥ་རན་སེའི་ཀའོ་ཧྲི་ཚོགས་པ་དང་མཉམ་འབྲེལ་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས་ཤིང་། ཧྥ་རན་སེའི་ལི་ཨང་མཐོ་རིམ་ཧྲི་དང་ཧྥ་རན་སེའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་དང་ཀྲུང་ཧྥ་ཚན་རིག་དང་སྤྱི་ཚོགས་མཉམ་འབྲེལ་ཞིབ་འཇུག་ཁང་བཙུགས། ཨ་རིའི་ཉིའུ་ཡོག་སློབ་ཆེན་དང་མཉམ་འབྲེལ་ཐོག་བཙུགས་པའི་ཧྲང་ཧའེ་ཉིའུ་ཡོག་སློབ་ཆེན་རང་ཚུགས་ཁྲིམས་མིའི་ཐོབ་ཐང་ཡོད་པའི་ཀྲུང་ཨའི་མཉམ་ལས་ཐོག་བཙུགས་པའི་སློབ་ཆེན་དང་པོ་དེ་ཡིན་པ་དང་། ཧྥ་རན་སེའི་ལི་ཨང་ཚོང་ལས་སློབ་གླིང་དང་མཉམ་འབྲེལ་བྱས་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོང་ལས་སློབ་གླིང་བསྐྲུན། དབྱི་སི་རལ་གྱི་ཧའེ་ཧྥ་སློབ་ཆེན་དང་མཉམ་ལས་བྱས་ནས་གཞན་སྒྱུར་ཚན་རིག་དང་ལག་རྩལ་མཉམ་འབྲེལ་ཞིབ་འཇུག་ཁང་བཙུགས་ཤིང་། ཁ་ན་ཏའི་ཨར་པོ་ཐ་སློབ་ཆེན་དང་མཉམ་དུ་སྔོན་ཐོན་ཚན་རིག་དང་ལག་རྩལ་མཉམ་འབྲེལ་ཞིབ་འཇུག་ཁང་བཙུགས། སློབ་གྲྭར་རྒྱལ་ཁབ་རྒྱ་ཡིག་གཞུང་ལས་ཁང་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་ཞིབ་འཇུག་ཟབ་སྦྱོང་རྟེན་གཞི་བཙུགས་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་སློབ་གླིང་ཡིན་པའི་ཁུང་ཙི་སློབ་གླིང8བསྐྲུན་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-13

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།