ཧྲན་ཞི་ལུས་རྩལ་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཞི་ལུས་རྩལ་ལས་རིགས་སློབ་གླིང་།
ཧྲན་ཞི་ལུས་རྩལ་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད་པ་དང་། དེ་སྔ་ཧྲན་ཞི་ལུས་རྩལ་སློབ་གྲྭ་ཡིན། ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡིན་ལ་སྤྱི་ལོ1956ལོར་བཙུགས་པ་རེད། སློབ་གླིང་གིས་རྩལ་འགྲན་ལུས་རྩལ་གྱི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་ལུས་རྩལ་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། སློབ་གཉེར་མཛུབ་སྟོན་བསམ་བློ་ནི་ཚོང་ར་ཕྱོགས་སྟོན་དུ་འཛིན་པ་དང་ལས་ཞུགས་དམིགས་ཡུལ་དུ་འཛིན་པ། ཕུལ་བྱུང་གི་ལུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྱད་ཡོན་ལྡན་པའི་རྩལ་འགྲན་རྣམ་གྲངས་འཛུགས་སྐྲུན་གྱི་འགག་གནད་སྒྲོལ་བ། ལུས་རྩལ་གྱི་ཁྱད་ཆོས་ལ་མཐོང་ཆེན་དང་། རྩལ་འགྲན་གྱི་དགེ་མཚན་ཆེ་རུ་བཏང་བ། སློབ་ཁྲིད་སྦྱོང་བརྡར་ལྟེ་བར་བཟུང་བ། ལུས་རྩལ་རྩལ་ནུས་ཅན་གྱི་ལས་རིགས་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱས་པ། ཧྲན་ཞི་ཞིང་ཆེན་གྱི་ལུས་རྩལ་ལས་རིགས་སློབ་གསོའི་སྣེ་འདྲེན་གོ་གནས་གཏན་འཁེལ་བཅས་བྱས་ཏེ། སློབ་གླིང་དེ་རིམ་བཞིན་སློབ་ཁྲིད་དང་། སྦྱོང་བརྡར། ཚན་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལུས་རྩལ་སློབ་གླིང་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西体育职业学院
དབྱིན་ཡིག་གི་མིང་།
shanxi sports vocational school
བཙུགས་ལོ།
སྤྱི་ལོ1956ལོར།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རྣམ་པ།
ལུས་རྩལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཅིན་དབྱང་སྲང་ལམ་ཨང100པ།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1958ལོར་ཧྲན་ཞི་ལུས་རྩལ་སློབ་གླིང་བཙུགས།

སྤྱི་ལོ1956ལོར་ཐའེ་ཡོན་ལུས་རྩལ་སློབ་གྲྭ་བཙུགས།

སྤྱི་ལོ1958ལོར་ཐའེ་ཡོན་ལུས་རྩལ་སློབ་གྲྭའི་མིང་ཧྲན་ཞི་ལུས་རྩལ་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1959ལོར་ཧྲན་ཞི་ལུས་རྩལ་སློབ་གྲྭ་ཧྲན་ཞི་ལུས་རྩལ་སློབ་གླིང་དང་ཟླ་སྒྲིལ་བཏང་།

སྤྱི་ལོ1959ལོར་ཧྲན་ཞི་ལུས་རྩལ་སློབ་གླིང་གིས་ཧྲན་ཞི་ལུས་རྩལ་ཆེད་ཚན་སློབ་གྲྭར་བསྐྱར་སྐྲུན་བྱས་པ།

སྤྱི་ལོ1961ལོར་ཧྲན་ཞི་ལུས་རྩལ་ཆེད་སྦྱོང་སློབ་གྲྭ་དང་ཧྲན་ཞིའི་དགེ་འོས་སློབ་གླིང(ལུས་རྩལ་སྡེ་ཁག)ཟླ་སྒྲིལ་བཏང་ནས་ཧྲན་ཞི་ལུས་རྩལ་སློབ་གླིང་བཙུགས།

སྤྱི་ལོ1962ལོར་ཧྲན་ཞི་ལུས་རྩལ་སློབ་གླིང་ཕྱིར་འཐེན་བྱས།

སྤྱི་ལོ1962ལོར་ཧྲན་ཞི་ལུས་རྩལ་སློབ་གླིང(ཆེད་ཚན་སློབ་གྲྭ་ཆེ་མོ)ཧྲན་ཞི་སློབ་ཆེན་དུ་ཞུགས།

སྤྱི་ལོ1975ལོར་ཧྲན་ཞི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭ་སླར་གསོ་བྱས།

སྤྱི་ལོ1977ལོར་ཧྲན་ཞི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭའི་མིང་ཧྲན་ཞི་ཞིང་ཆེན་ལུས་རྩལ་སློབ་གྲྭ་ཞེས་པར་བསྒྱུར།

སྤྱི་ལོ1980ལོར་ཧྲན་ཞི་སློབ་གྲྭ་ཆེན་མོ(ལུས་རྩལ་ཆེད་སྦྱོང་ཚན་ཁག་གི་འཛིན་གྲ)གསར་འཛུགས་བྱས།

སྤྱི་ལོ1991ལོར་ཧྲན་ཞི་སློབ་གྲྭ་ཆེན་མོ(ལུས་རྩལ་ཆེད་སྦྱོང་ཚན་ཁག་གི་འཛིན་གྲྭ)ལ་ཧྲན་ཞི་སློབ་གྲྭ་ཆེན་མོ(ལུས་རྩལ་སྦྱོང་བརྡར་ཆེད་སྦྱོང་ཚན་ཁག་གི་འཛིན་གྲྭ)ཞེས་པར་མིང་བསྒྱུར།

སྤྱི་ལོ2003ལོར་ཧྲན་ཞི་ཞིང་ཆེན་ལུས་རྩལ་སློབ་གྲྭ་དང་། ཧྲན་ཞི་སློབ་ཆེན།(ལུས་རྩལ་སྦྱོང་བརྡར་གྱི་ཆེད་སྦྱོང་འཛིན་གྲྭ) ཧྲན་ཞི་ལུས་རྩལ་ལས་རིགས་སློབ་གླིང་དུ་རིམ་སྤར་བྱས།

སྤྱི་ལོ2013ལོའི་ཟླ1པོའི་ཚེས5ཉིན་གྱི་སྔ་དྲོ་ཧྲན་ཞི་ལུས་རྩལ་ལས་རིགས་སློབ་གླིང་ལེའོ་ཡོན་རྟ་རྩལ་སློབ་ཁྲིད་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཅིན་ཀྲུང་མིང་ལེ་གཞིས་ཀའི་ཧྲན་ཞི་ལེའོ་ཡོན་རྟ་རྩལ་སྤྲོ་སྐྱིད་ཁང་དུ་འཚོགས།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སློབ་གླིང་འདིར་སློབ་ཁྲིད་སྡེ་ཁག་བཞི་དང་ཚན་པ་གསུམ་བཙུགས་ཡོད། སོ་སོར་རྩལ་འགྲན་ལུས་རྩལ་སྡེ་ཁག་དང་། ལུས་རྩལ་སྦྱོང་བརྡར་སྡེ་ཁག་དང་པོ། ལུས་རྩལ་སྦྱོང་བརྡར་སྡེ་ཁག་གཉིས་པ། སྤྱི་ཚོགས་ལུས་རྩལ་སྡེ་ཁག སློབ་ཆེན་དངོས་གཞིའི་ཚན་པ། དར་མའི་སློབ་གསོ་ཚན་པ། ཟུར་གཏོགས་སློབ་འབྲིང་དང་སློབ་ཆུང་པུའུ་བཅས་ཡིན། དེའི་ནང་རྩལ་འགྲན་ལུས་རྩལ་དང་། ལུས་རྩལ་སྦྱོང་བརྡར། སྤྱི་ཚོགས་ལུས་རྩལ། ལུས་རྩལ་ཞབས་ཞུ་དང་དོ་དམ། ལུས་རྩལ་བདེ་སྲུང་སོགས་ཆེད་ལས8ཚུད་ཡོད། རྩལ་འགྲན་ལུས་རྩལ་ཆེད་ལས་ཀྱི་ལུས་རྩལ་རྣམ་གྲངས12ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་ལྡན་མི་སྣ་འདེམས་པའི་ལས་འགན་འཁུར་བཞིན་ཡོད། དེའི་ནང་བྱེ་ཐང་ཕའེ་ཆིའུ་སྤོ་ལོ་དང་། ལག་རྩེད་སྤོ་ལོ། སྦེ་ག ཕིང་ཕང་སྤོ་ལོ། ལུས་རྩལ་ཞབས་བྲོ། ཁ་ཕྱོགས་གཏན་འཁེལ་གྱི་བྱེས་བགྲོད་བཅས་ནི་སློབ་གླིང་དེའི་སྲོལ་རྒྱུན་དང་འཕེལ་རྒྱས་ཁྲོད་ཀྱི་ལེགས་ཆ་ལྡན་པའི་རྣམ་གྲངས་ཤིག་ཡིན། སློབ་གླིང་གིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བ་དང་སྤྱི་ལོ2012ལོར་སློབ་གྲྭར་ཡོད་པའི་སློབ་མ2200ཙམ་ཡོད། ཆེད་སྦྱོང་ཚན་ཁག་གི་སློབ་མ་གཙོ་བོར་བཟུང་ནས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མར་རམ་འདེགས་བྱེད་པ་ཡིན།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ནས་མངོན་པར་གཞིགས་ན་སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གླིང་གིས་ཏང་སྲིད་དོ་དམ་ཚན་པ8དང་། མང་ཚོགས་ཚོགས་པའི་རྩ་འཛུགས2 སློབ་ཁྲིད་སྡེ་ཁག5 སློབ་ཁྲིད་ཚན་པ2 སློབ་ཁྲིད་ཟུར་ཁྲིད་ལྟེ་གནས3བཅས་བཙུགས་ཡོད། སློབ་གླིང་ཡོངས་སུ་འགོ་ཁྲིད་ཁྱོན་མི6ཡོད། ཁྱོན་བསྡོམས་ལས་ཐོག་འབྲིང་རིམ་གྱི་ལས་བྱེད་པ(ཁྲུའུ་རིམ་པ་གཞོན་པ)22དང་འབྲིང་རིམ་གྱི་གོ་གནས་གཞོན་པའི་ལས་བྱེད་པ(ཁོའོ་རིམ་པ)26བཀོད་སྒྲིག་བྱས་ཡོད། སློབ་གླིང་དེ་ཡོངས་ཀྱི་ད་ཡོད་ལས་གནས་ཐོག་ཡོད་པའི་ལས་བཟོ་བ197ཡོད་པ་རེད། ཆེད་བསྐོས་དགེ་རྒན་དང་རྩལ་ཁྲིད་པ141དང་དགེ་རྒན་ཆེན་མོ3 དགེ་རྒན་ཆེན་མོ་གཞོན་པ27ཡོད། མཐོ་རིམ་རྩལ་ཁྲིད་པ9དང་མཐོ་རིམ་རྩལ་ཁྲིད་པ་གཞོན་པ2བཅས་ཡོད། འབྲིང་རིམ་གོ་མིང་ཡོད་པའི་དགེ་རྒན72དང་དམའ་རིམ་གོ་མིང་ཡོད་པའི་དགེ་རྒན32ཡོད། ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་མཁན76ཡོད། རྒྱལ་སྤྱིའི་རིམ་པའི་ཤན་འབྱེད་པ་མི2 རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་མི9བཅས་ཡོད།

4 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཁྲེན་ཅེ།

གླིང་གཙོ། ཚའོ་ཅིང་ཁྲོན།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུའེ་ཅན་མིན།

གླིང་གཙོ་གཞོན་པ། ཧོ་དབྱང་།

གླིང་གཙོ་གཞོན་པ། ཝང་ཀྲི་ཡུང་།

གླིང་གཙོ་གཞོན་པ། ཀྲང་ཝུན་མེ།

5 སློབ་གྲྭའི་ཁོར་ཡུག

སློབ་གླིང་གི་རྒྱ་ཁྱོན་ལ་མུའུ276.22ཡོད་པ་དང་སློབ་གྲྭའི་ནང་གི་འཛུགས་སྐྲུན་སྣ་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ29200ཙམ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-05

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།