ཨ་ཁུ་ཐའོ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཁུ་ཐའོ་རྫོང་།
ཨ་ཁུ་ཐའོ་རྫོང་ནི་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཕ་སྨིར་མཐོ་སྒང་གི་ཤར་རྒྱུད། ཐ་ལི་མུའུ་གཤོང་སའི་ནུབ་རྒྱུད་མཐའ་མཚམས། ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་སོ་སོར་ཁེར་གྷི་སི་ཐན་དང་ཐ་ཇིག་སི་ཐན་དང་ས་མཚམས་འབྲེལ་ཞིང་། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ380ལྷག་ཡོད། དེའི་ནང་རྒྱལ་མཚམས་སྤྱི་ལེ170ལྷག་གཏན་འཁེལ་བྱས་མེད། རྫོང་ཁོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ283.2ཡོད། ལྷོ་བྱང་ཞེང་ལ་སྤྱི་ལེ216ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ24555.06ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿克陶县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཁུ་ཙི་ལུ་སུའུ་ཁུ་ཨེར་ཁུ་ཙི་རང་སྐྱོང་ཁུལ།
མངའ་ཁོངས།
ཡུལ་ཚོ10དང་གྲོང་རྡལ2ཡོད།
སྲིད་གཞུང་སྡོད་གནས།
ཨ་ཁུ་ཐའོ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0908
སྦྲག་སྲིད་ཨང་རྟགས།
845550
ས་གནས།
ཀྲུང་གོའི་ནུབ་བྱང་།
མི་གྲངས།
མི221526
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ24176
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
653022
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1954ལོའི་ཟླ8པར། ཨ་ཁུ་ཐའོ་ཡིས་རྫོང་བཙུགས། ཁ་ཧྲི་ཀྲོན་ཆུས་ཀྱི་དབྱིན་ཅི་ཧྲ་རྫོང་དང་། ཧྲུའུ་ཧྥུ་རྫོང་། ཕུའུ་ལི་རྫོང་། ཝུའུ་ཆ་རྫོང་བཅས་བགོས་ནས་གྲུབ་པ་དང་། ཁུ་ཙི་ལུ་སུའུ་ཁུ་ཨེར་ཁུ་ཙི་རང་སྐྱོང་ཆུས(སྤྱི་ལོ1955ལོའི་ཟླ10པར། ཁུ་ཙི་ལུ་སུའུ་ཁུ་ཨེར་ཁུ་ཙི་རང་སྐྱོང་ཁུལ་ཞེས་པར་བསྒྱུར) 

སྤྱི་ལོ1956ལོའི་ཟླ2པར། དབྱིན་ཅི་ཧྲ་རྫོང་པ་རེན་ཆུས་བདུན་ཡང་ཨ་ཁུ་ཐའོ་རྫོང་གི་མངའ་འོག་ཏུ་བཅུག

སྤྱི་ལོ1977ལོའི་ཟླ་1པར། ཨ་ཁུ་ཐའོ་རྫོང་དེ་ཁ་ཧྲི་ས་ཁུལ་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས།

སྤྱི་ལོ1980ལོའི་ཟླ7པར་ཡང་དེ་སྔའི་སྲིད་འཛིན་ཁོངས་གཏོགས་སླར་གསོ་བྱས།

སྤྱི་ལོ2018ལོའི་ཟླ8པའི་ཚེས27ཉིན། ཨ་ཁུ་ཐའོ་རྫོང་གིས་ཁུའུ་སི་ལྭ་ཕུའུ་ཤང་གི་སྒྲིག་གཞི་མེད་པ་བཟོས་པ་དང་དེ་སྔའི་ཁུའུ་སི་ལ་ཕུའུ་ཤང་ཧྲིལ་པོ་ཁ་ཧྲི་ས་ཁུལ་ཙེ་ཕུའུ་རྫོང་ཏ་ཡྭ་སི་ཏུན་ས་ཁོངས་སུ་གནས་སྤོ་བྱ་རྒྱུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མོས་མཐུན་ཆོག་མཆན་ཐོབ་པ་རེད། དེ་སྔའི་ཁུའུ་སི་ལཱ་ཕུའུ་ཤང་གི་སྲིད་འཛིན་ས་ཁོངས་ཨ་ཁ་ཐའོ་རྫོང་ཆ་ལུང་ཤང་གི་དོ་དམ་ཁོངས་སུ་དབྱེ་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོར་ཨ་ཁུ་ཐའོ་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ2དང་། ཤང10 ར་བ2 སྡེ་དམངས་ཨུ་ཡོན་ལྷན་ཁང119 སྡེ་དམངས་ཚོགས་ཆུང556 གཞིས་ཁུལ་དོ་དམ་ཨུ་ལྷན1 གཞིས་ཁུལ་ཨུ་ཡོན་ལྷན་ཁང9བཅས་ཡོད་པ་རེད།

ཞིང་ཁུལ་གྱི་ཤང་དང་གྲོང་རྡལ7ཡོད་པ་སྟེ། ཡུལ་སྨད་ཤང་དང་། ཨ་ཁུ་ཐོའུ་གྲོང་རྡལ། ཕི་ལ་ལེ་ཤང་། པ་རེན་ཤང་། ཅ་མ་ཐེ་རེ་ཁུ་ཤང་། ཁ་རེ་ཁའེ་ཆི་ཁུ་ཤང་། ཐོ་ཐ་དབྱི་ཞིང་ར་བཅས་དང་། འབྲོག་ཁུལ་གྱི་ཤང་དང་གྲོང་རྡལ་ལ་ཨའོ་དབྱི་ཐ་ཁུ་གྲོང་རྡལ་དང་། ཁུ་ཙེ་ལེ་ཐའོ་ཤང་། པུའུ་ལུན་ཁོའུ་ཤང་། ཆར་ལུང་ཤང་། མུ་ཅི་ཤང་། ཐར་ཐ་ཅི་ཁུ་མི་རིགས་ཤང་། ཨ་ཁུ་ཐྭ་ལ་འབྲོག་ར་བཅས7ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

ཨ་ཁུ་ཐའོ་རྫོང་ནི་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཕ་སྨིར་མཐོ་སྒང་གི་ཤར་རྒྱུད། ཐ་ལི་མུའུ་གཤོང་སའི་ནུབ་རྒྱུད་མཐའ་མཚམས། ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་སོ་སོར་ཁེར་གྷི་སི་ཐན་དང་ཐ་ཇིག་སི་ཐན་དང་ས་མཚམས་འབྲེལ་ཞིང་། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ380ལྷག་ཡོད། དེའི་ནང་རྒྱལ་མཚམས་སྤྱི་ལེ170ལྷག་གཏན་འཁེལ་བྱས་མེད། རྫོང་ཁོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ283.2ཡོད། ལྷོ་བྱང་ཞེང་ལ་སྤྱི་ལེ216ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ24555.06ཡོད།

3_2 ས་དབྱིབས།

ཨ་ཁུ་ཐོའུ་རྫོང་གི་མངའ་ཁོངས་སུ་རི་བོ་མང་པོ་ཡོད་པ་དང་། རི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ23364ཡོད་པ་དེས་ཨ་ཁུ་ཐོའུ་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི96.4%བཟུང་ཡོད།

རྫོང་མངའ་ཁོངས་ཀྱི་བྱང་ཤར་དམའ་ཞིང་ལྷོ་ནུབ་མཐོ་ལ། རི་ཁུལ་སྤྱིར་བཏང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000~སྨི5000ཡས་མས་ཡོད།

3_3 ཆུ་དཔྱད།

ཨ་ཁུ་ཐོའུ་རྫོང་ལ་མུའུ་ཅི་གཙང་པོ་དང་། དབྱི་ཀེ་ཙི་ཡ། ཁང་ཞི་ཝ་ཆུ། ཁ་ལ་ཐ་ཧྲི་གཙང་པོ་སོགས་ཡོད། ཨ་ཁུ་ཐའོ་རྫོང་ཁོངས་ཀྱི་ཆུ་རྒྱུན་ནི་ཐ་ལི་མུའུ་ཆུ་བོའི་འབབ་རྒྱུད། ཁུ་ནུ་རི་རྒྱུད་དང་ཕ་སྨིར་མཐོ་སྒང་དུ་བྱུང་བ་དང་། ལྷོ་ནུབ་རི་ཁུལ་ནས་བྱང་ཤར་བདེ་ཐང་དུ་བཞུར་གྱིན་ཡོད།

3_4 ནམ་ཟླ།

ཨ་ཁུ་ཐའོ་རྫོང་གི་གནམ་གཤིས་ནི་ལངས་གཟུགས་དྲང་འཕྱང་དུ་ཁྱབ་ཡོད་པ་དང་། སྐམ་སའི་དབུས་ཁུལ་གྱི་སྐམ་སའི་གནམ་གཤིས་ཇེ་དྲོ་རུ་འགྲོ་བཞིན་ཡོད། ལོ་ཧྲིལ་པོར་ཐན་པ་དང་ཆར་པ་ཉུང་ཞིང་། དཔྱིད་ཀར་དྲོད་སླེབས། རླུང་མང་བ་དང་ཐལ་རྡུལ་མང་བ། སྟོན་ཀའི་དུས་སུ་ནམ་མཁའ་དྭངས། ཆ་སྙོམས་དྲོད་ཚད11.3℃དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི60ལ་སླེབས། སད་མེད་དུས་ཉིན221ལ་སླེབས་ཤིང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པས་ལོ་ཏོག་དང་སིལ་སྡོང་མང་པོ་སྐྱེས་པར་འཚམ།

4 རང་བྱུང་ཐོན་ཁུངས།
4_1 རྩི་ཤིང་ཐོན་ཁུངས།

སྤྱི་ལོ2012ལོར་ཨ་ཁུ་ཐའོ་རྫོང་གི་ཞིང་ལས་སྐྱེ་དངོས་གཙོ་བོའི་གྲས་སུ་ཆུ་འབྲས་དང་། གྲོ། མ་རྨོས་ལོ་ཏོག སྲིང་བལ། པད་ཁ། ཚེར་མའི་གུར་གུམ་དང་པད་ཁ་སོགས་ཡོད་པ་དང་། སྨན་སྤྱོད་རྩི་ཤིང་གཙོ་བོ་ནི་རྩྭ་སྨན་སྨུག་པོ་དང་། མཚེ་ལྡུམ་སོགས་ཡོད། ནགས་ཤིང་གཙོ་བོ། གངས་རིའི་ཡུན་ཧྲན་གསོམ་ཤིང་དང་། གསོམ་སྡོང་། ཤུག་པ། སྦྱར་དཀར། ཐན་དབྱང་། ཤིན་ཅང་དབྱང་། ལིའུ་ཧའེ། ཧོའེ་རིགས། ཡུས་ཡུས། ཕའོ་ཐུང་སོགས་ཡོད། ཀྭ་རིགས་གཙོ་བོ་ལ་ཞི་ཀྭ་དང་། ཀྭ་མངར་མོ། ཁམ་བུ། ཀུ་ཤུ། ཁམ་བུ། སུར་པན་སོགས་ཡོད།

4_2 སྲོག་ཆགས་ཐོན་ཁུངས།

སྤྱི་ལོ2012ལོར་ཨ་ཁུ་ཐའོ་རྫོང་གི་སྲོག་ཆགས་གཙོ་བོའི་གྲས་སུ་ལུག་དང་། ར་མ། ནོར་གནག བོང་བུ། རྟ། རྔ་མོང་། ཕག་པ། རི་བོང་། ཁྱི། བྱ་དེ། ངང་པ་སོགས་ཡོད་པ་དང་། ཉ་རིགས་གཙོ་བོ་ནི་ཐ་ལི་མུའུ་ཡི་ཉ་དཀར་པོ་དང་། ཅི་ཉ། ལི་ཉ། ཏའེ་ཉ། རྩྭ་ཉ་སོགས་ཡིན། རི་སྐྱེས་སྲོག་ཆགས་གཙོ་བོ་ནི་དོམ་དང་། གསའ། གངས་འཕྱག སྤྱང་ཀི། ཝ་མོ། དགོ་བ། སྲ། རི་བོང་། ཞིང་བྱི་སོགས་ཡིན། འདབ་ཆགས་རིགས་ལ་ངང་པ་དང་། བྱ་རྒོད། བྱ་གླག བྱ་རྒོད། རྡོ་བྱ། བྱ་གླག་སོགས་ཡོད།

4_3 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2012ལོར་ཨ་ཁུ་ཐའོ་རྫོང་གིས་ཐོག་མའི་རྩད་ཞིབ་བྱས་འབྲས་གཞིར་བཟུང་། ལྕགས་དང་། ཞ་ཉེ། ཏི་ཚ། ཟངས། ཅིན། ཁོབ་སོགས་ལྕགས་རིགས་དང་། རྡོ་སོལ། ཆུ་ཤེལ། འཁྱགས་རྡོ། རྡོ་བལ། སྤྲིན་མ་སོགས་ལྕགས་རིགས་མ་ཡིན་པའི་གཏེར་ཁ་རིགས16ཡོད་པ་དང་། གཏེར་གནས171ལྷག་ཡོད། 

5 མི་གྲངས་གནས་ཚུལ།
5_1 མི་གྲངས།

སྤྱི་ལོ2015ལོར་ཨ་ཁུ་ཐའོ་རྫོང་གི་མི་གྲངས་བསྡོམས་འབོར221526ལ་སླེབས་པའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས9065ཡོད་པ་དང་། གྲོང་གསེབ་ཀྱི་མི་གྲངས212461ཡོད།

5_2 མི་རིགས།

ཨུ་ཁུ་ཐའོ་རྫོང་ཁོངས་སུ་ཁོར་ཁུ་ཙི་རིགས། ཡུ་གུར་རིགས། རྒྱ་རིགས། ཐ་ཅི་ཁུ་རིགས་སོགས་རྒྱུན་སྡོད་མི་དམངས་10ཡོད། སྤྱི་ལོ2015ལོར་ཡུ་གུར་རིགས་ཀྱི་མི་གྲངས161687དང་རྒྱ་རིགས8347ཡོད། ཁོར་ཁུ་ཙི་རིགས་ཀྱི་མི45279དང་། ཐ་ཅི་ཁུ་རིགས5759ཡོད། མི་རིགས་གཞན་དག454ཡོད། སྐྱེས་པའི་མི་གྲངས113027ཡོད་པ་དང་། བུད་མེད་ཀྱི་མི་གྲངས108499ཡོད།

6 ཆབ་སྲིད་འགོ་ཁྲིད།

རྫོང་ཨུའི་ཧྲུའུ་ཅི། ལིའུ་ཅན་ཧྲེང་།

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། ཧ་ལི་པའེ་ཐི•མའེ་མའེ་ཐི་ཐུའུ་ཨེར་ཀན། ལི་ཞའོ་ལིན། པུའུ་ཕ་ཐི་མན•མའེ་མའེ་ཐི་དབྱི་པུའུ་ལ་དབྱིན། ཝང་ཀྲི་ཅན།

རྒྱུན་ལས་ཨུ་ཡོན།  དབྱང་ཧྥུ་ཆོན། མུའུ་ཁའེ•ཨ་པུའུ་ལི་ཙི། དབྱང་ཀྲུང་ནེང་། ཝང་ཅུན་ཕིང་། ཏོན་ཨེན་ཞུང་། ཆིན་ཀང་།

མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན། ཨ་རི་ཧྥུ་ཅང•ཐུར་ཀན་།

མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། པའེ་ཁུ་ཅའོ་ལི•ཁུའུ་ཐི་མའེ་ཐི་དང་། མའེ་མའེ་ཐི་ཨའེ་ལི•ཞིར་ཨའེ་ལི། ཧྲི་ཡན་ལིན།

རྫོང་དཔོན། ཧ་ལི་པའེ་ཐི•མའེ་མའེ་ཐི་ཐུའུ་ཨེར་ཀན།

རྫོང་དཔོན་གཞོན་པ། དབྱང་ཀྲུང་ནེང་། ཏོན་ཨེན་ཞུང་། དབྱང་ཞིན། མུ་ཧོ་ཐའར•ཞ་ཁེར། ཀྲུའུ་ཅིན་ལིན། རུའུ་ཙེ་ཧན•ཐུའོ་ཧོ་ཐུའོ་ཞུན། ཨའེ་ལི་ཅང•ཨ་ཅི། ཧན་ཡུས་ཀང་། ཆོན་ལེང་ཀྲི།

སྲིད་གྲོས་ཀྲུའུ་ཞི། ཨ་པུའུ་ཏུའུ་ཁུ་ཡིའུ་མུའུ•ཧྲ་ཏེར།

སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཧ་ལི་སྨིར་ཀྲ•ཐུའུ་རེ་དང་། ལིའུ་ཙུའོ་ཞིན། རུའུ་ཀྲ་ཧུང•ཁ་ར།

7 དཔལ་འབྱོར་རགས་བཤད།

སྤྱི་ལོ2012ལོར། ཨ་ཁུ་ཐའོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར16.02ལ་སླེབས། སྤྱི་ལོ2011ལོ་ལས15.1%འཕར་བ་དེའི་ནང་། ཐོན་ལས་དང་པོར་སྒོར་དུང་ཕྱུར4.3བཏང་ནས8%འཕར། ཐོན་ལས་གཉིས་པར་སྒོར་དུང་ཕྱུར6.2བཏང་ནས34.7%འཕར། ཐོན་ལས་གསུམ་པར་སྒོར་དུང་ཕྱུར5.51བཏང་ནས8.3%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར23.9ལ་སླེབས་ནས66.4%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.6ལ་སླེབས་ནས49%འཕར། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར2.17ལ་སླེབས་ནས42%འཕར། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁུ་གཙང་སྒོར3081ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས39.3%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15780ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས13.6%འཕར། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད26.84:38.77:34.39ལ་སླེབས།

7_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཨ་ཁུ་ཐོའུ་རྫོང་གི་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.68ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས14.98%འཕར། འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་འཕར། སྤྱིའི་ཐོན་འབོར་ཏུན་ཁྲི17.98ལ་སླེབས་ནས7%འཕར། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ། དྲོད་ཁང་ཆེ་མོ10855མུའུ8203བསྐྲུན་པ་དང་དྲོད་ཁང་གི་ཆ་སྙོམས་ཕན་འབྲས་སྒོར་ཁྲི་ཡན་ལ་སླེབས། ཨ་ཁུ་ཐོའུ་རྫོང་གི་ནགས་ཚལ་དང་ཤིང་འབྲས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི33.18ལ་སླེབས་ནས་ཁ་སུར་དམར་པོའི་རྒྱ་ཁྱོན་མུའུ་ཁྲི7.9མང་དུ་ཕྱིན། ཕྱུགས་རིགས་མགོ་གྲངས་ཁྲི52.44ཡོད་པ་རེད། ཚོང་ཟོག་འཚོང་ཚད59.9%ལ་སླེབས་པ་དང་བྱ་རིགས་གསོ་ཚགས་གཞི་ཁྱོན་སྒོར་ཁྲི150ལ་སླེབས། ངལ་ནུས་ཕྱིར་གཏོང་མི་ཐེངས་ཁྲི་5བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར2.3བྱུང་བ། དུད་ཚང2400དང་མི་ཁྲི1དབུལ་སྒྲོལ་བྱུང་།

7_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཨ་ཁུ་ཐའོ་རྫོང་གིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.02ལེགས་སྒྲུབ་བྱས་པ་དང་། དུས་མཚུངས་ལས78.86%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁུ་ལས་ཀྱིས་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.5ལེགས་གྲུབ་བྱུང་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན171%འཕར་སྣོན་བྱུང་། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར3.71ལ་སླེབས་པ་དེ་དུས་མཚུངས་ལས118.2%འཕར། བཟོ་ལས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་ནོར་སྲིད་ཡོང་འབབ་ལ་ལེགས་སྐྱེས་འབུལ་ཚད་སོ་སོར60.2%དང63%ལ་སླེབས། ཚོང་འགུགས་མ་འདྲེན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས16དོན་འཁྱོལ་བྱས་པ་རེད། མ་དངུལ་སྒོར་དུང་ཕྱུར15.61ནང་འདྲེན་བྱས་པ་དེ་སྤྱི་ལོ2011ལོ་ལས16.5%འཕར།

7_3 ​ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཐོན་ལས་གསུམ་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.51ལ་སླེབས་ནས8.3%འཕར། སྤྱི་ལོ2012ལོར། 《མ་ན་སི》ཞེས་པའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་དང་ཞིན་ཅང་རྒྱལ་སྤྱིའི་ཡུལ་སྐོར་པར་ལེན་དུས་ཆེན་སྐབས་བཞི་པ་བདེ་བླག་ངང་གཉེར་བས“དུས་ཆེན་ཐོག་ནས་ཨ་ཁུ་ཐའོ་དྲིལ་བསྒྲགས་བྱེད་པ་དང་། དུས་ཆེན་ཐོག་ནས་ཨ་ཁུ་ཐའོ་འོས་སྦྱོར་བྱེད་པ། དུས་ཆེན་ཐོག་ནས་ཨ་ཁུ་ཐའོ་འགྲེམས་སྟོན་བྱེད་པ”བཅས་ཀྱི་དམིགས་ཡུལ་གྲུབ་ཡོད། སྤྱི་ལོ2012ལོར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི1119.5ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས11.13%འཕར།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-30

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།