ཧོ་ཅིང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ཅིང་རྫོང་།
ཧོ་ཅིང་རྫོང་ནི་ཐེན་ཧྲན་རི་བོའི་དཀྱིལ་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཡོད། ཞིན་ཅང་པ་དབྱིན་ཀུའོ་ལེན་སོག་རིགས་རང་སྐྱོང་ཁུལ(བསྡུས་མིང་ལ་པ་ཀྲོའུ་ཟེར)གྱི་ནུབ་བྱང་རྒྱུད་དང་ཞིན་ཅང་ལྷོ་བྱང་རྒྱུད་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། ཉེ་འཁོར་ནི་དབྱི་ལི་དང་། ཁྲང་ཅི། ཨ་ཁེ་སུའུ་སོགས་ས་ཁུལ་མང་པོ་ཞིག་གི་རྫོང་དང་གྲོང་ཁྱེར17དང་འབྲེལ་ཡོད། ཤར་དུ་ཐུའུ་ལུའུ་ཧྥན་གཞོང་ས་དང་། ལྷོ་རུ་ཁུའུ་ཨེར་ལེ་གྲོང་ཁྱེར། ནུབ་ཏུ་དབྱི་ལི་གྲོག་རོང་དང་། བྱང་གི་རི་བོ་ཐེན་ཧྲན་དང་ཝུའུ་ལུའུ་མུའུ་ཆིའི་སོགས་ཕན་ཚུན་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
和静县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
ཧོ་ཅིང་གྲོང་རྡལ་དང་པ་ལིང་ཐའེ་གྲོང་རྡལ།
སྲིད་གཞུང་སྡོད་གནས།
ཧོ་ཅིང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0996
སྦྲག་སྲིད་ཨང་རྟགས།
841300
ས་གནས།
པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད།
མི་གྲངས།
ཁྲི22.83
རྒྱ་ཁྱོན།
སྤྱི་ལེ་མ་གྲུ་བཞི39686
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞིན(新)M
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
652827
GDP
སྒོར་དུང་ཕྱུར74.92
1 ​ལོ་རྒྱུས་འཕེལ་རིམ།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1939ལོར)ཧོ་ཐུང་རྫོང་བཙུགས་པ་དང་། རྗེས་སུ་མིང་ཧོ་ཅིང་རྫོང་ཞེས་པར་མིང་བསྒྱུར།

སྤྱི་ལོ1950ལོའི་ཟླ4པར་ཅིང་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས།

སྤྱི་ལོ1954ལོའི་རྗེས་སུ་པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1965ལོའི་ཟླ11པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་ཅིན་རྫོང་གི་མིང་དེ་ཧོ་ཅིང་རྫོང་དུ་བསྒྱུར་རྒྱུའི་ཐག་བཅད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧོ་ཅིང་རྫོང་ཁོངས་ཀྱི་གྲོང་རྡལ8དང་ཤང4ཡོད་པ་སྟེ། ཧོ་ཅིང་གྲོང་རྡལ་དང་། པ་ལུན་ཐའེ་གྲོང་རྡལ། པ་རུན་ཧར་མོ་ཏུན་གྲོང་རྡལ། ཧར་མོ་ཏུན་གྲོང་རྡལ། པ་དབྱིན་པུའུ་ལུའུ་ཁེ་གྲོང་རྡལ། ཀུང་ནེ་སི་གྲོང་རྡལ། ནེ་མེན་མོ་ཏུན་གྲོང་རྡལ། ཞེ་པི་ནེར་པུའུ་ཧུའུ་གྲོང་རྡལ། ཁེར་ཀུ་ཐི་ཡུལ་ཚོ། ཨ་ལ་ཀོའུ་ཡུལ་ཚོ། ཨེ་ལེ་ཙའེ་ཐེ་ཝུའུ་ལུའུ་ཡུལ་ཚོ། པ་དབྱིན་ཀུའོ་ལེང་ཡུལ་ཚོ་བཅས་རེད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2012ལོར་ཧོ་ཅིང་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི22.83ལ་སླེབས་པ་དང་། དེའི་ནང་ཐེམ་ཐོའི་མི་གྲངས་ཁྲི19.77ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མི་ཁྲི0.35འཕར་ནས1.8%འཕར། ཧོ་ཅིང་རྫོང་གི་མི་གྲངས་སྐྱེ་ཚད18.79‰ལ་སླེབས་པ་དང་ཤི་ཚད8.11‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད10.68‰ཡིན་པས་སྲིད་ཇུས་དང་མཐུན།

3_2 མི་རིགས།

ཧོ་ཅིང་རྫོང་དུ་སོག་རིགས་དང་། རྒྱ་རིགས། ཡུ་གུར་རིགས། ཧུའེ་རིགས་སོགས་མི་རིགས29ཡོད།

4 ས་ཁམས་ཆ་རྐྱེན།
4_1 གནས་ས།

ཧོ་ཅིང་རྫོང་ནི་ཐེན་ཧྲན་རི་བོའི་དཀྱིལ་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཡོད། ཞིན་ཅང་པ་དབྱིན་ཀུའོ་ལེན་སོག་རིགས་རང་སྐྱོང་ཁུལ(བསྡུས་མིང་ལ་པ་ཀྲོའུ་ཟེར)གྱི་ནུབ་བྱང་རྒྱུད་དང་ཞིན་ཅང་ལྷོ་བྱང་རྒྱུད་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། ཉེ་འཁོར་ནི་དབྱི་ལི་དང་། ཁྲང་ཅི། ཨ་ཁེ་སུའུ་སོགས་ས་ཁུལ་མང་པོ་ཞིག་གི་རྫོང་དང་གྲོང་ཁྱེར17དང་འབྲེལ་ཡོད། ཤར་དུ་ཐུའུ་ལུའུ་ཧྥན་གཞོང་ས་དང་། ལྷོ་རུ་ཁུའུ་ཨེར་ལེ་གྲོང་ཁྱེར། ནུབ་ཏུ་དབྱི་ལི་གྲོག་རོང་དང་། བྱང་གི་རི་བོ་ཐེན་ཧྲན་དང་ཝུའུ་ལུའུ་མུའུ་ཆིའི་སོགས་ཕན་ཚུན་འབྲེལ་ཡོད།

4_2 ས་དབྱིབས།

ཧོ་ཅིང་རྫོང་གི་རྫོང་ཁོངས་ཀྱི་ས་དབྱིབས་ནི་ཤར་ནུབ་དོག་ལྷོ་བྱང་ཡངས། ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ། རི་ཁྲོད། གཞོང་ས། རི་ཁུལ་གྲོག་རོང་། བདེ་ཐང་བཅས་དུམ་བུ་གསུམ་གྱིས་གྲུབ་ཡོད།

4_3 ནམ་ཟླ།

ཧོ་ཅིང་རྫོང་གི་གནམ་གཤིས་རིགས་ནི་སྐམ་སའི་དབུས་ཁུལ་གྱི་སྐམ་པའི་གནམ་གཤིས་ལ་གཏོགས། དུས་བཞི་གསལ་བ་དང་སྐམ་ཤས་ཆེ་ལ་ཆར་ཆུ་ཇེ་ཉུང་བ། འོད་དྲོད་ཀྱི་ཆ་རྐྱེན་འཛོམས་པས་སད་མེད་པའི་དུས་ཡུན་རིང་། ལོ་རེའི་ཆ་སྙོམས་དྲོད་ཚད8.8℃ཡིན། ལོ་རེར་ཆར་པ་འབབ་ཚད་ཧའོ་སྨི68ལ་སླེབས། ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི2100ལ་སླེབས། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2942ཡིན། ལོ་ཧྲིལ་པོར་སད་མེད་དུས་ཉིན183ཡིན།   

5 རང་བྱུང་ཐོན་ཁུངས།
5_1 གཏེར་རྫས་ཐོན་ཁུངས།

ཧོ་ཅིང་ནི་ཤར་ནུབ་ཐེན་ཧྲན་འབྲེལ་མཚམས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་གཏེར་གྲུབ་ཁུལ་དུ་གནས་ཡོད་པ་དང་། མངའ་ཁོངས་སུ་གཙོ་བོ་དབྱི་ལེན་ཧ་པི་ཀ་ཟངས་ཀྱི་གཏེར་གྲུབ་རྒྱུད་དང་། ཐེན་ཀེར་གྱི་གསེར་ཟངས་ལྕགས་ཀྱི་གཏེར་གྲུབ་རྒྱུད། པ་ལུན་ཐའེ་ཐའེ་ལྕགས་མཱན་གསེར་ཟངས་ཀྱི་ཞ་ཉེ་ཏི་ཚ་གཏེར་གྲུབ་རྒྱུད། ས་ཨར་མིང་ཟངས་ཀྱི་ཏི་ཚ་གཏེར་གྲུབ་རྒྱུད། ཧུའུ་ལ་ཀོའུ་ཡི་ལིས་ཕི་ཙན་ལྕགས་རིགས་གཏེར་གྲུབ་རྒྱུད་བཅས་གཏེར་གྲུབ་ས་རྒྱུད་ཆེ་གྲས་ལྔ་ཡོད། གཏེར་ཁ་རིགས26གསར་རྙེད་བྱུང་བ་དང་། ལྕགས་དང་། གསེར། ཟངས། ཞ་ཉེ། ཏི་ཚ། མཱན་བཅས་གཙོ་བོར་ཡིན་ཞིང་། གཏེར་ཁ་སྣ་ཚོགས་དང་གཏེར་འགྱུར་ས་ཚིགས94ཡོད། དེའི་ནང་ལྕགས་གཏེར་དང་གཟེ་མེ་གཏེར་ཁ་སོགས་གཏེར་རྫས་ཀྱིས་ནུབ་རྒྱུད་དུ་གོ་གནས་གལ་ཆེན་བཟུང་ཡོད།

5_2 རྩི་ཤིང་ཐོན་ཁུངས།

ཧོ་ཅིང་རྫོང་གིས་ཀྲུང་ལུགས་གསོ་རིག་གི་རྩི་ཤིང་རིགས་སྣ་ཚོགས་བརྒྱ་ཕྲག་ཁ་ཤས་ཐོན་སྐྱེད་བྱས་པ་དང་། མངའ་ཁོངས་སུ་ཐོན་སྐྱེད་བྱས་པའི་ཤིང་མངར་དང་། གངས་ལྷ་མེ་ཏོག མེ་ཏོག་སྨུག་པོ་སོགས་སྨན་སྤྱོད་རྩི་ཤིང་ཡོད་པ་རེད།

5_3 དཔལ་འབྱོར་རགས་བཤད།

སྤྱི་ལོ2014ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར74.92ལེགས་གྲུབ་བྱུང་། དུས་མཚུངས་ལས་སྤྱི་ལོ2013ལོར4.6%མར་ཆག་པ་དེའི་ནང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.74ཡིན་པས5.3%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར28.63ལ་སླེབས་ནས18.6%མར་ཆག དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར25.7ལ་སླེབས་ནས19.9%མར་ཆག་པ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར24.55ལ་སླེབས་ནས11.2%འཕར། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི29:38:33ཡིན། 

5_4 ཐོན་ལས་དང་པོ།

སྤྱི་ལོ2014ལོར་ཧོ་ཅིང་རྫོང་གིས་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར27.69ལ་སླེབས་པ་དང་། སྤྱི་ལོ2013ལོའི་དུས་མཚུངས་ལས5.06%འཕར་བའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.51ལ་སླེབས་པ་དང་། སྤྱི་ལོ2013ལོའི་དུས་མཚུངས་ལས10.1%འཕར། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.55ལ་སླེབས་པ་དེ་དུས་མཚུངས་ལས18%མར་ཆག འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.9ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར0.3%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.04ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར7.4%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.67ལ་སླེབས་པ་དེ་དུས་མཚུངས་ལས13.04%འཕར།

5_4_1 ལོ་ཏོག

སྤྱི་ལོ2014ལོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི51.27ལ་སླེབས་པ་དེ་དུས་མཚུངས་ལས10.66%འཕར། ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཟོག་ཐོན་ཚད་ནི་འབྲུ་རིགས་ཏུན147855དང་། སྣུམ་རྒྱུ་ཏུན1294 སྲིང་བལ་ཏུན2910 མངར་ཚལ་ཏུན97548 བཟོ་ལས་ལ་སྤྱོད་པའི་སུར་པན་ཏུན252247 བཟོ་ལས་ལ་སྤྱོད་པའི་ཀྲོ་མ་ཀྲུ་ཏུན288622བཅས་རེད།

5_4_2 ཕྱུགས་ལས།

སྤྱི་ལོ2014ལོར། ཧོ་ཅིང་རྫོང་གི་ཕྱུགས་རིགས་མགོ་གྲངས་ཁྲི104.3ཡོད་པ་དེ་སྤྱི་ལོ2013ལོ་ལས7.43%འཕར། དེའི་ནང་ཕྱུགས་རིགས་ཆེ་གྲས་ཁྲི10.13ཡོད། ལུག་ཁྲི88.5དང་ཕག་ཁྲི5.7ཡོད། འདི་ལོ་ཕྱུགས་རིགས་སྐྱེ་འཕེལ་གསོན་ཚད་མགོ་གྲངས་ཁྲི66.66ལ་སླེབས་ནས་སྤྱི་ལོ2013ལོ་དང་མཉམ་པ་རེད། ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་ཁྲི91.33ལ་སླེབས་ནས4.7%འཕར།

སྤྱི་ལོ2014ལོར་ཧོ་ཅིང་རྫོང་གི་ཤ་ཐོན་ཚད་ཏུན25045ལ་སླེབས། སྤྱི་ལོ2013ལོ་ལས11.4%འཕར་བའི་ནང་ཚགས་ཤ་ཏུན6776ལ་སླེབས་ནས30%འཕར་བ་དང་། ལུག་ཤ་ཏུན10766ལ་སླེབས་ནས22.4%འཕར། ཕག་ཤ་ཏུན6142ལ་སླེབས་ནས14.6%མར་ཆག

5_4_3 ནགས་ལས།

སྤྱི་ལོ2014ལོར། ཧོ་ཅིང་རྫོང་གི་ལོ་དེའི་ནགས་བཟོའི་རྒྱ་ཁྱོན་མུའུ12750ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས31.1%མར་ཆག ཤིང་རྐང་ཁྲི3བཙུགས་པ་དེ2013ལོ་ལས42.8%འཕར་བ་དང་རིགས་ཁག་གི་ཤིང་ཆ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ5993ལ་སླེབས་ནས2013ལོ་ལས25.2%མར་ཆག

5_4_4 ཉ་ལས།

སྤྱི་ལོ2014ལོར་ཧོ་ཅིང་རྫོང་གི་ཆུའི་ཐོན་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན330ལ་སླེབས། རྒྱ་ཁྱོན་མུའུ1197.75ལ་སླེབས་པ་དང་མུའུ་རེའི་ཐོན་ཚད་སྤྱི་རྒྱ275ལ་སླེབས།

5_5 ཐོན་ལས་གཉིས་པ།

སྤྱི་ལོ2014ལོར་རྫོང་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར70.91ལ་སླེབས། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར25.7ལ་སླེབས་པ་དེ་དུས་མཚུངས་ལས19.9%མར་ཆག དེའི་ནང་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར21.8ལེགས་གྲུབ་བྱུང་། དུས་མཚུངས་ལས་སྤྱི་ལོ2013ལོར8.4%མར་ཆག་པ་དེས་རྫོང་ཡོངས་ཀྱི་བཟོ་ལས་འཕར་ཐང་གི90.8%བཟུང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར64.71ལ་སླེབས། ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར59.75ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར35%མར་ཆག་པ་དང་རྫོང་དེ་ཡོངས་ཀྱི་ཐོན་ཚོང་བྱེད་ཚད92.3%ལ་སླེབས་ཡོད་པ་རེད། 

སྤྱི་ལོ2014ལོར། ཧོ་ཅིང་རྫོང་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.05བཏང་བ་དེ་དུས་མཚུངས་ལས42.7%འཕར།

5_6 ཐོན་ལས་གསུམ་པ།
5_6_1 མ་འཇོག

སྤྱི་ལོ2014ལོར། ཧོ་ཅིང་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར47.09བཏང་བ་དེ་དུས་མཚུངས་ལས27.79%མར་ཆག དེའི་ནང་རྫོང་ཁོངས་ཀྱི་སྒོར་དུང་ཕྱུར40.53ཡིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར24.13%མར་ཆག ཨར་ལས་རྣམ་གྲངས་ཁྱོན103ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར40.99དང་། གྲོང་གསེབ་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར0.05ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར6.05བཅས་བཏང་ཡོད། མ་དངུལ་འཇོག་གྲངས་ཁྲོད་རྒྱལ་ཁབ་ལ་དབང་བའི་མ་དངུལ་སྒོར་དུང་ཕྱུར13.08བཏང་། འགན་འཁྲི་ཚད་བཀག་ཀུང་སི་དང་འགན་འཁྲི་ཚད་བཀག་ཀུང་སི་གཞན་དག་གིས་མ་དངུལ་སྒོར་དུང་ཕྱུར21.5བཏང་ནས་མ་རྐང་ཚད་ཡོད་ཀུང་སིར་སྒོར་དུང་ཕྱུར3.01བཏང་ཡོད། སྒེར་གཉེར་དཔལ་འབྱོར་ཐད་མ་དངུལ་སྒོར་དུང་ཕྱུར9.45དང་ཁེར་རྐྱང་མ་འཇོག་སྒོར་དུང་ཕྱུར0.05ལ་སླེབས། 

5_6_2 ཉོ་ཚོང་།

སྤྱི་ལོ2014ལོར་ཧོ་ཅིང་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི47476ལ་སླེབས་ནས་སྤྱི་ལོ2013ལོ་དང་བསྡུར་ན14.2%འཕར། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི36770ལ་སླེབས་པ་དེ་དུས་མཚུངས་ལས14.3%འཕར་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི10706ལ་སླེབས་པ་དེ་དུས་མཚུངས་ལས13%འཕར།

ལས་རིགས་ལྟར་དབྱེ་བ་ཕྱེ། སྤྱི་ལོ2014ལོར་སྡེབ་ཚོང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི8290.4ལ་སླེབས་པ་དེ་དུས་མཚུངས་ལས47.7%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་འཛད་རྫས་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི31526.6ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར8%འཕར། ཞག་སྡོད་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི2273.6ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར10%འཕར་བ་དང་། བཟའ་བཏུང་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི5385.5ལ་སླེབས་པ་དེ་དུས་མཚུངས་ལས11.9%འཕར། 

5_6_3 ཡུལ་སྐོར།

སྤྱི་ལོ2014ལོར། ཧོ་ཅིང་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི118(དེའི་ནང་ཕྱི་རྒྱལ་གྱི་སྐུ་མགྲོན་མི་ཐེངས12890ཡོད)ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར22.9%འཕར་བ་དང་། ཡུལ་སྐོར་གྱི་ཐད་ཀའི་ཡོང་འབབ་སྒོར་དུང་ཕྱུར2.26ལ་སླེབས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར4.52ལ་སླེབས་པ་དེ་དུས་མཚུངས་ལས11.3%འཕར།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2012ལོར་ཧོ་ཅིང་རྫོང་དུ་ད་ཡོད་སློབ་གྲྭ31ཡོད་པ་དང་། དེའི་ནང་ཆ་ཚང་སློབ་འབྲིང1དང་། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་འབྲིང2 དམའ་རིམ་སློབ་འབྲིང2 སློབ་ཆུང12 བུ་བཅོལ་ཁང14བཅས་ཡོད། སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ7283ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ2870དང་དམའ་རིམ་སློབ་འབྲིང་གི་སློབ་མ4413ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ལ་སླེབས་པ་དེའི་ནང་གྲོང་གསེབ་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་བྱིས་པ་བུ་མོ་སློབ་གྲྭར་ཞུགས་ཚད100%ལ་སླེབས་ཡོད། རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་པའི་མི་གྲངས་ཁྱོན་བསྡོམས2359དང་མཐོ་འབྲིང་གི་དགེ་རྒན213ཡོད། དེའི་ནང་བུད་མེད་དགེ་རྒན116དང་གྲངས་ཉུང་མི་རིགས་ཀྱི་དགེ་རྒན63ཡོད་པ་དང་། སློབ་འབྲིང་གི་དགེ་རྒན401ཡོད་པའི་ནང་བུད་མེད་དགེ་རྒན303དང་གྲངས་ཉུང་མི་རིགས་ཀྱི་དགེ་རྒན206དང་། སློབ་ཆུང་གི་དགེ་རྒན966ཡོད་པའི་ནང་བུད་མེད་དགེ་རྒན739དང་གྲངས་ཉུང་མི་རིགས་ཀྱི་དགེ་རྒན573ཡོད་པ་དང་། རྫོང་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ24507ཡོད། དེའི་ནང་སློབ་གྲྭར་ཡོད་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ2870དང་། དམའ་རིམ་སློབ་འབྲིང་གི་སློབ་མ4413སློབ་ཆུང་སློབ་མ10711བཅས་ཡོད། བུ་བཅོལ་ཁང14ཡོད་པའི་ནང་གཞུང་གཉེར་བུ་བཅོལ་ཁང3ཡོད། དམངས་བཙུགས་བུ་བཅོལ་ཁང11དང་བུ་བཅོལ་ཁང་གི་བྱིས་པ6513ཡོད་པ། དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད96.8%ལ་སླེབས་པ་དང་། མཐོ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད98%ལ་སླེབས་ཡོད། ཧའོ་ཅིང་རྫོང་གི་སློབ་གྲྭའི་ཉལ་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་ཁྲི22.339ཡིན།

6_2 རིག་རྩལ།

སྤྱི་ལོ2012ལོར་ཧོ་ཅིང་རྫོང་ལ་ད་ལྟ་རིག་གནས་ཁང1ཡོད་པ་དང་། སྤྱི་པའི་དཔེ་མཛོད་ཁང1 རིག་དངོས་སྲུང་སྐྱོབ་དོ་དམ་ཁང1དང་དཔེ་དེབ་ཁྲི6.2ཉར་ཚགས་བྱས་ཡོད་པ་དང་། རིག་གནས་ས་ཚིག་12དང་གྲོང་ཚོ་རིམ་པའི་རིག་གནས་ཁང61བཅས་ཡོད་པ་རེད། དཔེ་ཁང16 ཡིག་གཏག་བསྐྱར་དཔར56 པར་འདེབས་བཟོ་གྲྭ5བཅས་ཡོད་པ་རེད།    

6_3 འཕྲོད་བརྟེན།

སྤྱི་ལོ2012ལོར་ཧོ་ཅིན་རྫོང་དུ་ཁྱོན་སྨན་ཁང16ཡོད་པ་དང་། སྨན་ཁང་དུ་ཉལ་ཁྲི596ཡོད་པ་དང་གྲོང་ཚོ་རིམ་པའི་སྨན་བཅོས་ས་ཚིགས61བཙུགས་ཡོད། གྲོང་གསེབ་ཀྱི་སྨན་པ82 ལོ་མཇུག་ཏུ་འཕྲོད་བསྟེན་ལས་ཁུངས་སྣ་ཚོགས19ཡོད་པའི་ནང་རྫོང་སྨན་ཁང1དང་། ཤང་གྲོང་འཕྲོད་བསྟེན་ཁང14དང་རྫོང་གི་ནད་ཡམས་ཚོད་འཛིན་ལྟེ་གནས1དང་། འཕྲོད་བསྟེན་ཅུས་འཕྲོད་བསྟེན་ལྟ་སྐུལ་སོའོ1 རྫོང་མ་བུ་བདེ་སྲུང་སྒྲིག་གཞི1བཅས་ཡོད། ཁུལ་ལྔའི་རིམས་འགོག་བུད་མེད་དང་བྱིས་པའིས་ཚིགས1 ལོ་མཇུག་ཏུ་ཁྱོན་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ457ཡོད་པའི་ནང་སྨན་པ278དང་། ལས་གཉེར་སྨན་པ་དཀའ་བཅུ་པ105 ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ45 ཐོ་འགོད་ནད་གཡོག་པ96བཅས་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ནགས་ལས། ཉ་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-30

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།