ཆེ་མོ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེ་མོ་རྫོང་།
ཆེ་མོ་རྫོང་ནི་ཁུ་ནུ་རི་བོ་ཤར་མ་དང་ཨར་ཅིན་ཧྲན་བྱང་འདབས་སུ་ཆགས་ཡོད། ཐ་ལི་མུའུ་གཞོང་སའི་ཤར་ལྷོའི་མཐའ་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་ལེན་སོག་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས། ཤར་དུ་རུའོ་ཆང་རྫོང་དང་འབྲེལ། ནུབ་ཏུ་ཧོ་ཐེན་ས་ཁུལ་གྱི་མིན་ཧྥེང་རྫོང་འབྲེལ། ལྷོ་རུ་ཕིང་ཨེར་ཅིན་ཧྲན་དང་ཤར་ཁུ་ནུ་རི་བོ་བོད་རང་སྐྱོང་ལྗོངས་ལ་འབྲེལ། བྱང་རྒྱུད་དུ་ཐ་ཁེ་ལ་མ་ཀན་བྱེ་ཐང་ཆེན་པོས་བཅད་དེ་ཝེ་ལི་རྫོང་དང་ཁ་སྤྲོད་དུ་གནས། ནུབ་བྱང་རྒྱུད་ཀྱི་ཨ་ཁེ་སུའུ་ས་ཁུལ་གྱི་ཧྲ་ཡ་རྫོང་དང་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
且末县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
གྲོང་རྡལ6དང་ཡུལ་ཚོ7ཡོད།
སྲིད་གཞུང་སྡོད་གནས།
ཆེ་མོ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0996
སྦྲག་སྲིད་ཨང་རྟགས།
841900
ས་གནས།
ཁུ་ནུ་རི་བོ་དང་ཨ་ཨར་ཅིན་ཧྲན་རི་བོའི་བྱང་ཕྱོགས།
མི་གྲངས།
མི56627
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ138680
རླངས་འཁོར་ཚབ་ཨང་།
ཞིན(新)M
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
652825
1 ​ལོ་རྒྱུས་འཕེལ་རིམ།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཡན་ཆི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1954ལོར་ཁུའུ་ཨེར་ལེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1960ལོ་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་ལེ་སོག་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ2006ལོའི་ཟླ3པར་ཨ་ཆང་ཆུས་ཀུང་སུའོ་མེད་པ་བཟོས་པ་དང་དེ་སྔའི་ཨ་ཆང་ཆུས་ཀུང་སུའོ་ཡི་ཁོངས་གཏོགས་ཨ་ཆང་དང་། ཁུའུ་ལ་མུའུ་ལེ་ཁེཡུལ་ཚོ། ཨའོ་དབྱི་ཡ་དབྱི་ལ་ཁེ་ཡུལ་ཚོ་བཅས་ཆེ་མོ་རྫོང་གིས་ཐད་ཀར་དོ་དམ་བྱས་ཡོད།

སྤྱི་ལོ2013ལོའི་ཟླ1པའི་ཚེས9ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི(སྲིད་དོན་གསར་པ[སྤྱི་ལོ2013ལོ]ཡིག་ཨང8པ)མཆན་བཀོད་བཀའ་ལན་གནང་ནས་ཨའོ་དབྱི་ཡ་དབྱི་ལ་ཁེ་ཤང་མེད་པ་བཟོ་རྒྱུ་དང་། ཨའོ་དབྱི་ཡ་དབྱི་ལ་ཁེ་གྲོང་རྡལ་འཛུགས་རྒྱུར་ཆོག་མཆན་བཀོད།

སྤྱི་ལོ 2018ལོའི་ཟླ6པའི་ཚེས7ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེ་མོ་རྫོང་གི་ཨ་རེ་ལེ་ཤང་གི་སྒྲིག་གཞི་མེད་པར་བཟོས་ཏེ་ཨ་རེ་ལེ་གྲོང་རྡལ་བཙུགས།

སྤྱི་ལོ2013ལོའི་ཟླ1པའི་ཚེས9ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི་མཆན་བཀོད་བཀའ་ལན་གནང་ནས་ཨའོ་དབྱི་ཡ་དབྱི་ལ་ཁེ་ཤང་མེད་པ་བཟོས་ནས་ཨའོ་དབྱི་ཡ་དབྱི་ལ་ཁེ་གྲོང་རྡལ་བཙུགས། སྤྱི་ལོ2014ལོའི་ཟླ10པའི་ཚེས20ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཐ་ཐི་རང་ཡུལ་ཚོ་མེད་པ་བཟོས་པ་དང་ཐ་ཐི་རང་གྲོང་རྡལ་བཙུགས། 

ལེགས་སྒྲིག་བྱས་རྗེས་རྫོང་དེ་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3དང་ཡུལ་ཚོ9ཡོད་པ་སྟེ། ཧོ་མའེ་གྲོང་རྡལ། ཨོ་དབྱི་ཡ་དབྱི་ལ་ཁེ་གྲོང་རྡལ། ཐ་ཐི་རང་གྲོང་རྡལ། ཨ་རེ་ལེ་ཡུལ་ཚོ། ཆུང་ཁུ་ལེ་ཡུལ་ཚོ། ཐུའོ་ཀེ་ལ་ཁེ་ལེ་ཡུལ་ཚོ། པ་ཀེ་ཨའེ་རི་ཁེ་ཡུལ་ཚོ། དབྱིན་ཝུའུ་སི་ཐང་ཡུལ་ཚོ། ཨ་ཁེ་ཐི་ཁན་ཏུན་ཡུལ་ཚོ། ཁོ་ཧྲི་ས་ཐེ་ཐེ་མ་ཡུལ་ཚོ། ཨ་ཆང་ཡུལ་ཚོ། ཁུའུ་ལ་མུའུ་ལེ་ཁེ་ཡུལ་ཚོ་བཅས་ཡིན།

2 ས་ཁམས་ཆ་རྐྱེན།
2_1 གནས་ས།

ཆེ་མོ་རྫོང་ནི་ཁུ་ནུ་རི་བོ་ཤར་མ་དང་ཨར་ཅིན་ཧྲན་བྱང་འདབས་སུ་ཆགས་ཡོད། ཐ་ལི་མུའུ་གཞོང་སའི་ཤར་ལྷོའི་མཐའ་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས། ཤར་དུ་རུའོ་ཆང་རྫོང་དང་འབྲེལ། ནུབ་ཏུ་ཧོ་ཐེན་ས་ཁུལ་གྱི་མིན་ཧྥེང་རྫོང་འབྲེལ། ལྷོ་རུ་ཕིང་ཨེར་ཅིན་ཧྲན་དང་ཤར་ཁུ་ནུ་རི་བོ་བོད་རང་སྐྱོང་ལྗོངས་ལ་འབྲེལ། བྱང་རྒྱུད་དུ་ཐ་ཁེ་ལ་མ་ཀན་བྱེ་ཐང་ཆེན་པོས་བཅད་དེ་ཝེ་ལི་རྫོང་དང་ཁ་སྤྲོད་དུ་གནས། ནུབ་བྱང་རྒྱུད་ཀྱི་ཨ་ཁེ་སུའུ་ས་ཁུལ་གྱི་ཧྲ་ཡ་རྫོང་དང་འབྲེལ་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི320ཡོད་པ་དང་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི460ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ14.025ཡོད་པ་དང་། རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་ནི་རྒྱལ་ཡོངས་ཀྱི་རྫོང་ཆེ་གྲས་ཨང་གཉིས་པ་ཡིན།

2_2 ས་དབྱིབས།

ཆེ་མོ་རྫོང་གི་ས་དབྱིབས་ཤར་ལྷོ་མཐོ་ལ་ནུབ་བྱང་དམའ། བྱང་ཕྱོགས་ནི་མྱ་ངམ་ཐང་ཡིན་ཞིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཡོད་པའི་ལྷོ་ནུབ་ནས་ཤར་ལྷོའི་བར་དུ་ཁུ་ནུ་རི་བོའི་ཡན་ལག་དང་ཨར་ཅིན་ཧྲན་རི་རྒྱུད་བར་མེད་དུ་ཆགས་ཡོད། ལྗང་གླིང་ཧྲིལ་བོ་ནི་དོག་ཅིང་རིང་བའི་ཆུ་རྒྱུད་ཀྱིས་ཁྱབ་པའི་ནར་དབྱིབས་སུ་ཆགས་ཡོད།

2_3 ནམ་ཟླ།

ལོ་རེའི་ཆ་སྙོམས་དྲོད་ཚད11.7℃ཡིན་པ་དེ་ལོ་སྔོན་མ་ལས1.2℃ཡིས་མཐོ་བ་དང་། ལོ་རེར་ཆར་ཆུ་འབབ་ཚད17.8ཡིན་པ་དང་། ཆར་ཆུའི་དུས་མཚམས་རྒྱུན་ལྡན་མིན་པ་དང་། ལོ་འགོའི་ཆར་ཆུ་ཇེ་མང་ལ་ལོ་མཇུག་གི་ཆར་ཆུ་ཇེ་ཉུང་། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཉིན243ཡིན། ལོ་རེའི་ཉི་འོད་ཕོག་ཡུན་ནི2853.2hཡིན་པ་དང་། ལོ་རེའི་རླངས་པར་འགྱུར་ཚད་ནི1977.3ཡིན། བྱེ་རྡུལ་གནམ་གཤིས་ཇེ་མང་བ། རླུང་ཆེན་དང་བྱེ་རླུང་སོགས་གནོད་འཚེ་ཆེ་བའི་གནམ་གཤིས་ཅུང་ཇེ་མང་བ་རེད།

3 དཔལ་འབྱོར་རགས་བཤད།
3_1 ཐོན་ལས་དང་པོ།
3_1_1 ཞིང་ལས།

སྤྱི་ལོ2013ལོར་ཆེ་མོ་རྫོང་གི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཕན་འབྲས་རྒྱུན་མཐུད་ངང་འཕར། རྫོང་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི182275ལ་སླེབས་པ་རེད། དུས་མཚུངས་ལས་སྒོར་ཁྲི37511ཇེ་མང་དུ་ཕྱིན་ནས18.02%འཕར། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི133242ལ་སླེབས་པ་དེ་དུས་མཚུངས་ལས18.61%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3724ལ་སླེབས་པ་དེ་དུས་མཚུངས་ལས20.38%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི36445ལ་སླེབས་པ་དེ་དུས་མཚུངས་ལས19.95%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི583ལ་སླེབས་པ་དེ་དུས་མཚུངས་ལས4.5%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8281ལ་སླེབས་པ་དེ་དུས་མཚུངས་ལས3.51%འཕར།

3_1_2 འདེབས་འཛུགས།

སྤྱི་ལོ2013ལོར། རྫོང་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ37014ལ་སླེབས་པ་དེ་ལོ་གོང་མ་ལས་མུའུ70978ཇེ་མང་དུ་ཕྱིན་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན19.39འཕར། དེའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ170157ལ་སླེབས་ཡོད། ལོ་གོང་མ་ལས་མུའུ62313ཇེ་མང་དུ་ཕྱིན་ནས57.78%འཕར། འབྲུ་རིགས་ལོ་ཏོག་སྤྱིའི་ཐོན་ཚད་ཏུན70861ལ་སླེབས་ཡོད། ལོ་གོང་མ་ལས་ཏུན26497འཕར་ཏེ59.73%འཕར། དེའི་ནང་གྲོའི་འདེབས་ཁྱོན་མུའུ117900ཡོད། ལོ་གོང་མ་ལས་མུའུ50409ཇེ་མང་དུ་ཕྱིན་པ་དེ་དུས་མཚུངས་ལས74.69%འཕར། གྲོའི་ཐོན་ཚད་བསྡོམས་འབོར་ཏུན47778ལ་སླེབས་ཡོད། ལོ་གོང་མ་ལས་ཏུན19722ཇེ་མང་དུ་སོང་ནས70.3%འཕར། མ་རྨོས་ལོ་ཏོག་འདེབས་ཁྱོན51436ཡིན། ལོ་གོང་མ་ལས་མུའུ13379ཇེ་མང་དུ་ཕྱིན་ནས35.16%འཕར། མ་རྨོས་ལོ་ཏོག་གི་ཐོན་ཚད་བསྡོམས་འབོར་ཏུན22930ཡིན་ཞིང་། ལོ་གོང་མ་ལས་ཏུན7045འཕར་སྣོན་བྱུང་ནས44.35%འཕར།

སྤྱི་ལོ2013ལོར་ཆེ་མོ་རྫོང་གི་སྲིང་བལ་འདེབས་ཁྱོན་མུའུ212947ལ་སླེབས་ཡོད། དུས་མཚུངས་ལས་མུའུ7072ཇེ་ཉུང་དུ་ཕྱིན་ནས3.21%མར་ཆག སྲིང་བལ་ཐོན་ཚད་ཏུན29294ལ་སླེབས་པ་དེ་དུས་མཚུངས་ལས་ཏུན584ཇེ་ཉུང་དུ་ཕྱིན་ནས1.95%མར་ཆག སྔོ་ཚལ་གྱི་རྒྱ་ཁྱོན་མུའུ3986ལ་སླེབས་པ་དེ་དུས་མཚུངས་ལས་མུའུ1770ཇེ་ཉུང་དུ་ཕྱིན་ནས30.75%མར་ཆག ཐོན་ཚད་བསྡོམས་འབོར་ཏུན9009ལ་སླེབས་པ་དེ་དུས་མཚུངས་ལས31.39%མར་ཆག

སྤྱི་ལོ2013ལོར་ཆེ་མོ་རྫོང་གི་སྨན་རྩྭ་འདེབས་ཁྱོན་མུའུ2213ལ་སླེབས་པ་དང་། དེའི་ནང་འདྲེ་ཚེར་མ་མུའུ1290དང་ཤིང་མངར་མུའུ720ཡོད།

སྤྱི་ལོ2013ལོར་རྩྭ་གཟན་སྐྱེ་དངོས་ཆེས་ཆེར་འཕར། སུའུ་ཚའོ་སོགས་རྩྭ་གཟན་སྐྱེ་དངོས་འདེབས་ཁྱོན་མུའུ45076ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས་མུའུ16964ཇེ་མང་དུ་ཕྱིན་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན60.34%འཕར།

3_1_3 ནགས་ལས།

སྤྱི་ལོ2013ལོར་རྫོང་ཡོངས་ཀྱི་ནགས་ཚལ་སྤྱིའི་རྒྱ་ཁྱོན་སྤྱི་ཆིང165532ལ་སླེབས་པ་དེ་དུས་མཚུངས་ལས1.03%འཕར། མིས་བཟོས་ནགས་བཟོའི་རྒྱ་ཁྱོན་མུའུ41775ལ་སླེབས་པ་དེ་དུས་མཚུངས་ལས23.45%འཕར། དེའི་ནང་འགོག་སྲུང་ནགས་ཚལ་མུའུ40770ལ་སླེབས་པ་དེ་དུས་མཚུངས་ལས47.6%འཕར། ཤིང་ཏོག་ལས་རིགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྤྱི་ལོ2013ལོར་ཤིང་འབྲས་རྒྱ་ཁྱོན་མུའུ154398ལ་སླེབས་པ་དེ་དུས་མཚུངས་ལས25.3%འཕར་བ་དང་། དེའི་ནང་དམར་རྐྱང་གི་རྒྱ་ཁྱོན་མུའུ་150498ལ་སླེབས་པ་དེ་དུས་མཚུངས་ལས21.4%འཕར། ཁ་སུར་དམར་པོའི་ཐོན་ཚད་སྤྱི་རྒྱ20900ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་རྒྱ7128འཕར་ནས51.8%འཕར།

3_1_4 ཕྱུགས་ལས།

སྤྱི་ལོ2013ལོར་ཕྱུགས་ལས་གསོ་སྤེལ་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། རྫོང་ཡོངས་སུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི45.37ལ་སླེབས་པ་དེ་དུས་མཚུངས་ལས18.31%འཕར། ལོ་ཧྲིལ་པོར་ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་ཁྲི36.44ལ་སླེབས་པ་དེ་དུས་མཚུངས་ལས21.43%འཕར། ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན9127ལ་སླེབས་པ་དེ་ལོ་གོང་མ་ལས19.79%འཕར། བྱ་སྒོང་ཐོན་ཚད་ཏུན495ལ་སླེབས་ནས8.8%འཕར། འོ་མའི་ཐོན་ཚད་ཏུན2877ལ་སླེབས་ནས13.3%འཕར།

3_1_5 ཉ་ལས།

སྤྱི་ལོ2013ལོར་རང་རྫོང་གི་ཉ་ལས་ཐོན་ཚད་ཏུན300ལ་སླེབས་པ་དེ་དུས་མཚུངས་ལས་ཇེ་ཉུང་སོང་ཡོད།

3_2 ཐོན་ལས་གཉིས་པ།
3_2_1 བཟོ་ལས།

སྤྱི་ལོ2013ལོར་ཆེ་མོ་རྫོང་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི28555ལ་སླེབས་པ་དེ་ལོ་གོང་མ་ལས41.2%འཕར། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི4425བྱུང་ནས152.2%འཕར། ཚད་ལོན་མན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི24130བྱུང་ནས37.7%འཕར།

3_2_2 བཟོ་སྐྲུན།

སྤྱི་ལོ2013ལོར་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི18918ལ་སླེབས་པ་དེ་ལོ་གོང་མ་ལས154.45%འཕར། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ255167ལ་སླེབས་པ་དེ་དུས་མཚུངས་ལས14.50%མར་ཆག དེའི་ནང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ255167ལ་སླེབས་པ་དེ་དུས་མཚུངས་ལས73.31%འཕར། སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ78805ལ་སླེབས་པ་དེ་དུས་མཚུངས་ལས126.58%འཕར།

3_3 ཐོན་ལས་གསུམ་པ།
3_3_1 མ་འཇོག

སྤྱི་ལོ2013ལོར་རྫོང་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི253150བཏང་བ་དེ་དུས་མཚུངས་ལས47.5%འཕར། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི209004བཏང་བ་དེ་ལོ་གོང་མ་ལས31.94%འཕར་བ་དང་། གྲོང་གསེབ་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི44146བཏང་བ་དེ་ལོ་གོང་མ་ལས234.01%འཕར། ཐོན་ལས་ཐེངས་གསུམ་ལ་གཞིགས་ནས་དབྱེ་ན། ཐོན་ལས་དང་པོར་མ་དངུལ་སྒོར་ཁྲི་35748བཏང་བ་དེ་དུས་མཚུངས་ལས247.27%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི124994བཏང་བ་དེ་དུས་མཚུངས་ལས58.16%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི་92408བཏང་བ་དེ་དུས་མཚུངས་ལས12.28%འཕར།

ཨར་ལས་རྣམ་གྲངས112ཡོད། དེའི་ནང་སྤྱི་ལོ2013ལོར་རྣམ་གྲངས87གསར་དུ་ལས་འགོ་ཚུགས་པ་དང་རྣམ་གྲངས64ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།

3_3_2 ཚོང་དོན།

སྤྱི་ལོ2013ལོར་ཆེ་མོ་རྫོང་གི་སྤྱི་ཚོགས་འཛད་རྫས་ཁྲོམ་ར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ2013ལོར་རྫོང་ཡོངས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི9568.4ལ་སླེབས་པ་དེ་དུས་མཚུངས་ལས15.32%འཕར། གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི8119.6ལ་སླེབས་ཡོད། དུས་མཚུངས་ལས14.67%འཕར་བ་དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི85%བཟུང་། གྲོང་གསེབ་ཏུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་ཁྲི1448.8མངོན་འགྱུར་བྱུང་ཡོད། དུས་མཚུངས་ལས19.14%འཕར་བ་དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད15%ལ་སླེབས་ཡོད་པ་རེད།

3_3_3 ཡུལ་སྐོར།

སྤྱི་ལོ2013ལོར་ཆེ་མོ་རྫོང་གིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི15.6ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི1247བྱུང་བ་དེ་དུས་མཚུངས་ལས་སོ་སོར21.6%དང39.2%འཕར་ཡོད་པ་རེད།

4 སྤྱི་ཚོགས་ལས་དོན།
4_1 སློབ་གསོ་ལས་དོན།

སྤྱི་ལོ2013ལོར་ཆེ་མོ་རྫོང་ཡོངས་ལ་སློབ་གྲྭ་འབྲིང་ཆུང12ཡོད་པ་རེད། དེའི་ནང་ཆ་ཚང་སློབ་འབྲིང1དང་སློབ་ཆུང11ཡོད། རྫོང་ཡོངས་ཀྱི་ཆེད་བསྐོས་དགེ་རྒན1057ཡོད་པ་རེད། དེའི་ནང་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན340དང་སློབ་ཆུང་གི་ཆེད་བསྐོས་དགེ་རྒན717ཡོད། རྫོང་ཡོངས་སུ་ཁྱོན་སློབ་མ11037ཡོད་པའི་ནང་སློབ་ཞུགས་གོང་གི་སློབ་མ2812ཡོད་པ་དང་། སློབ་ཆུང་གི་སློབ་མ4823ཡོད་པའི་ནང་སློབ་མ་བུ་མོ2356ཡོད་པ་དང་། སློབ་འབྲིང་གི་སློབ་མ3402ཡོད་པའི་ནང་སློབ་མ་བུ་མོ1719ཡོད།

རྫོང་ཡོངས་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.98%ཟིན་པ་དང་དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་ན་གཞོན་སློབ་གྲྭར་ཞུགས་ཚད99.3%ཟིན་ཡོད།

མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ468བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1346 སློབ་ཐོན་སློབ་མ367ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ659དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2056 སློབ་ཐོན་སློབ་མ778ཡོད། སློབ་ཆུང་དཀྱུས་མར་སློབ་མ1029བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4823 སློབ་ཐོན་སློབ་མ712ཡོད། དམིགས་བསལ་སློབ་གསོའི་སློབ་མ8ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ8ཡོད།

4_2 ཚན་རིག་ལག་རྩལ།

སྤྱི་ལོ2013ལོར་རྫོང་ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་སྒོར་ཁྲི1475བཏང་བ་དེ་དུས་མཚུངས་ལས36.3%འཕར་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་གྱི5.5%ལ་སླེབས་ཡོད།

4_3 འཕྲོད་བརྟེན་ལས་དོན།

སྤྱི་ལོ2013ལོར་འཕྲོད་བསྟེན་སྒྲིག་གཞི84ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང15ཡོད། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1དང་མ་བུ་འཕྲོད་སྦྱོར་སྨན་ཁང1བཅས་ཡོད་པ་རེད། སྨན་ཁང་དང་འཕྲོད་བསྟེན་ལག་རྩལ་མི་སྣ497ཡོད། དེའི་ནང་ལས་གཉེར(ལས་རོགས)སྨན་པ121དང་ཐོ་འགོད་བྱས་པའི་སྨན་གཡོག173ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།