ཨོ་ལོད་རྒྱབ་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་ལོད་རྒྱབ་ཤོག
ཨོ་ལོད་རྒྱབ་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་རྒྱུད་དུ་ཡོད། བ་ཡན་ནོར་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མཐའ་མཚམས་ཆི་རྫོང19ཡི་གྲས་ཤིག་རེད། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་ནས་ལྷོ་བ་ཡན་ནོར་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ལིན་ཧོ་ཆུས་དང་བར་ཐག་སྤྱི་ལེ50ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乌拉特后旗
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ནང་སོག་བ་ཡན་གྲོང་ཁྱེར།
མངའ་ཁོངས།
པ་དབྱིན་པའོ་ལི་ཀི་གྲོང་རྡལ།
སྲིད་གཞུང་སྡོད་གནས།
པ་དབྱིན་པའོ་ལི་ཀི་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0478
སྦྲག་སྲིད་ཨང་རྟགས།
015543
ས་གནས།
ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་རྒྱུད།
མི་གྲངས།
ཁྲི6.5
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ25000
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང(蒙)L
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150825
1 ལོ་རྒྱུས་འཕེལ་རིམ།

ལོ་རྒྱུས་དེབ་ཐེར་དུ་བཀོད་པ་དང་གནའ་རྫས་རྟོག་ཞིབ་བྱས་པ་ལྟར་ན། ཨོ་ལོད་རྒྱབ་ཤོག་གི་མིའི་རིགས་ཀྱི་མེས་པོའི་འཚོ་བོའི་རྗེས་ཤུལ་ནི་རྡོ་ཆས་གསར་པའི་དུས་རབས་སུ་ཁུངས་འདེད་བྱེད་ཐུབ་པ་རེད།

ཀྲན་གོའི་དུས་ནས་བཟུང་། འདི་ནི་ཞུང་ནུའུ་ཡི་འབྲོག་ས་ཡིན།

ཆིན་རྒྱལ་རབས་ཀྱི་ཧྲུན་ཀྲི་ཁྲི་ལོ་ལྔ་པར(སྤྱི་ལོ1648ལོར)ཆིང་སྲིད་གཞུང་གིས་ས་ཆ་དེའི་རྒྱུད་ཀྱི་རྒྱ་ཆེའི་འབྲོག་སར་ཨོ་ལོད་ཤོག་གསུམ(ཨོ་ལོད་མདུན་ཤོག ཨོ་ལོད་དབུས་ཤོག ཨོ་ལོད་རྒྱབ་ཤོག ཨོ་ལོད་ཆར་པུའུ་མེང་གི་ཁོངས་སུ་གཏོགས)སྩལ་ནས་ཨོ་ལོད་ཤོག་གི་དམག་དཔུང་དེ་ཧུའུ་ལུན་པེར་ནས་གནས་སྤོས་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ས་ཁོངས་ལ་འགྱུར་ལྡོག་ཐེངས་འགའ་བྱུང་བ་དང་། སྤྱི་ལོ1970ལོའི་རྗེས་སུ་ད་ལྟའི་ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་མེད་པར་བྱུང་།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོ་བར་སུའུ་མུའུ3དང་གྲོང་རྡལ3ཡོད་པ་སྟེ། པ་དབྱིན་པའོ་ལི་ཀེ་གྲོང་རྡལ་དང་། ཧུའུ་ཧོ་ཝུན་ཏུར་གྲོང་རྡལ། ཁྲའོ་ཀེ་ཝུན་ཏུར་གྲོང་རྡལ། ཐུའུ་ཀེ་ཆི་སུའུ་མུའུ། ཆན་ཏ་མོན་སུའུ་མུའུ། ཝུའུ་ཀེ་སུའུ་མུའུ་བཅས་ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2013ལོའི་ལོ་མཇུག་བར་ཤོག་གི་མི་འབོར་ཁྲི6.5ཡོད་པ་དང་། སོག་རིགས་གཙོ་བོར་བྱས་ཤིང་རྒྱ་རིགས་མང་ཤོས་ཡིན་པ་དང་། ཧུའེ་རིགས་དང་། མན་ཇུ་རིགས། ཏ་ཧན། བོད་རིགས་སོགས་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ཡང་ཡོད།

4 ས་ཁམས་ཆ་རྐྱེན།
4_1 གནས་ས། 

ཨོ་ལོད་རྒྱབ་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་རྒྱུད་དུ་ཡོད། བ་ཡན་ནོར་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མཐའ་མཚམས་ཆི་རྫོང19ཡི་གྲས་ཤིག་རེད། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་ནས་ལྷོ་བ་ཡན་ནོར་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ལིན་ཧོ་ཆུས་དང་བར་ཐག་སྤྱི་ལེ50ཡོད།

4_2 ས་ངོས།

ཨོ་ལོད་རྒྱབ་ཤོག་གི་ས་ཁོངས་རྒྱ་ཆེ་ཞིང་། ས་དབྱིབས་སྣ་མང་ཡིན། ལྷུན་ཆགས་ཀྱི་རི་ཁྲོད་དུ་ཤར་ནུབ་འཕྲེད་དུ་བཅད་ཡོད་པ་མ་ཟད། གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་འདུས་ཡོད། ལྷོ་རུ་མུའུ་ཁྲི8ཡོད་པའི་ས་རྒྱུ་གཤིན་པོ་ཡོད་པ་དང་། བྱང་དུ་མུའུ་ཁྲི3650ཡོད་པའི་ཕྱུགས་ར་བཙུགས། ལྷོ་བྱང་འབྲོག་ཁྲོད་ཀྱི་གཏེར་རིའི་དཔེ་མཚོན་གྱི་རང་བྱུང་རྣམ་པ་ཞིག་ཆགས་ཡོད།

4_3 ནམ་ཟླ།

དབུས་དྲོད་ཁུལ་དུ་གནས་པ་དང་། ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ3.8ཡིན། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི96ནས105.9བར་ཡིན་པ་དང་། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན130ཡིན། ལོ་རེར་ཆ་སྙོམས་འཁྱགས་སའི་གཏིང་ཚད་སྨི2.3ཡོད། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་ལ། དབྱར་དུས་སུ་ཆར་ཆུ་ཉུང་ཞིང་། ཉི་འོད་ཕོག་ཤུགས་ཆེ་ལ་རླངས་པར་འགྱུར་ཚད་ཆེ།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2013ལོར་ཨོ་ལོད་རྒྱབ་ཤོག་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར72.1ལེགས་གྲུབ་བྱུང་ནས9.5%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར105བཏང་ནས18%འཕར། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར14.75ལ་སླེབས་ནས6.9%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20845ལ་སླེབས་ནས9.5%འཕར། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9693བྱུང་ནས13%འཕར་ཡོད། རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས219དོན་འཁྱོལ་བྱས་ནས་མ་དངུལ་སྒོར་དུང་ཕྱུར4.57དོན་འཁྱོལ་བྱས་ཡོད། སྤྱི་ཚོགས་ཀྱི་མ་འཇོག་རྣམ་གྲངས44ནང་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར68.8ལ་སླེབས་ཡོད་པ་རེད། སྤྱི་ལོ2013ལོར་ཝུའུ་ལ་ཐེ་རྒྱབ་དར་སླར་ཡང་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་སྟོབས་ཆེའི་ཤོག་དང་རྫོང་བརྒྱའི་གྲས་སུ་ཚུད་པ་རེད།

5_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་སྒྲིག་བཀོད་ཞིང་ལས་རྒྱ་ཁྱོན་མུའུ3000དོན་འཁྱོལ་བྱས་ནས་དྲོད་ཁང་ཆེན་མོ་མུའུ1800ཡི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་། དེང་རབས་ཀྱི་ཞིང་འབྲོག་ལས་ལ་རོགས་སྐྱོར་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བཟོས་ནས་བཏོན་ཡོད། མ་དངུལ་སྒོར་ཁྲི1210བཏང་ནས་མུའུ་ཁྲི1.6བཏང་ཡོད་པ་རེད། མ་རྨོས་ལོ་ཏོག་རིག་ནུས་ཅན་གྱི་ཞིང་ཁའི་དོ་དམ་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ཁ་ཆེན་པོའི་སྐྱེ་དངོས་རིག་ནུས་ཅན་གྱི་དོ་དམ་ལག་རྩལ་གྱི་སྟོང་ཆ་བསྐངས་པ་རེད། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐོག་མ་དེ་བཙུགས་པ་དེས་ཞིང་འབྲོག་ལས་མཉམ་ལས་ཁང་གིས་ཁྲོམ་རའི་ཉེན་ཁར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད། ཞིང་ལས་ཚོགས་པ་དང་པ་དབྱིན་ཐ་ལ་གསོ་སྤེལ་ཁུལ་ཆུང་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བཤས་ལུག་གསོ་ཚགས་དུད་ཚང882ལ་སླེབས་པ་དང་གཞི་ཁྱོན་ཡན་གྱི་གསོ་ཚགས་གླིང་ཁུལ་14ལ་སླེབས་པ། ལོ་རེར་བཤས་བཏང་བའི་བཤས་ལུག་ཁྲི21.7ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ཨོ་ལོད་རྒྱབ་ཤོག་གི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར110ལ་སླེབས་ནས6%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར33ལེགས་གྲུབ་བྱུང་ནས་འཕར་ཚད11%ལ་སླེབས། ལོ་འགོར་གཏན་འཁེལ་བྱས་པའི་བཟོ་ལས་ཀྱི་གཙོ་གནད་རྣམ་གྲངས30ཚང་མ་ལས་འགོ་ཚུགས་པ་རེད། བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར72བཏང་ནས53.8%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2011ལོར་ཨོ་ལོད་རྒྱབ་ཤོག་གི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར5.0ལ་སླེབས་ནས15.4%འཕར་ཡོད།

6 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ3པར་ཆུ་བེད་པུས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་དང་པོར་ཡོངས་བསྒྲགས་བྱས་པ་རེད། 

སྤྱི་ལོ2020ལོའི་ཟླ1པའི་ཚེས22ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་མིང་བཏགས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-29

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།