ཁ་ཟས་སྤྱོད་ཚུལ་ཉེར་གཅིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེས་བྱས་ཀྱི་སྡེ་ཚན་ལྔ་པ་ཟས་ཟ་བའི་སྡེ་ལ། ༡ ཟས་ལེགས་པར་མི་ཟ་བ། ༢ ཟས་ཁམ་ཧ་ཅང་ཆེ་བ། ༣ ཧ་ཅང་ཆུང་བ། ༤ འཇིག་རྟེན་དང་མཐུན་པའི་ཁམ་རན་པ་མིན་པ། ༥ ཟས་ཁ་སྒོར་མ་སླེབས་པར་ཁ་གདངས་པ། ༦ ཟ་བཞིན་དུ་གཏམ་སྨྲ་བ། ༧ ཟས་མི་ཞིམ་པར་ཙུག་ཙུག ༨ ཟས་ཞིམ་པར་ཅག་ཅག ༩ གྲང་བ་ལ་ཧུ་ཧུ། ༡༠ ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་པ། ༡༡ ལྕེ་ཕྱིར་ཕྱུང་བ། ༡༢ འབྲས་སོགས་འབྲུ་མ་རེ་རེ་ནས་གུད་དུ་ཕྱེ་བ། ༡༣ ཟས་ལ་འཕྱ་སྨོད། ༡༤ ཁམ་གཅིག་མཁུར་གཡས་གཡོན་དུ་སྤོ་བ། ༡༥ རྐན་སྒྲ་གཏོག་པ། ༡༦ དུད་འགྲོ་ལྟར་ཁམ་འཕྲོ་བཅད་པ། ༡༧ ལག་པ་ལ་ཟས་ཆགས་པ་བལྡག་པ། ༡༨ མཛུབ་མོས་ལྷུང་བཟེད་བྲད་ནས་འབྱོག་པ། ༡༩ ལག་པ་ལ་ཟས་ཆགས་པ་སྤྲུགས་པ། ༢༠ ཟས་དང་བཅས་པའི་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ། ༢༡ ཟས་མཆོད་རྟེན་གྱི་གཟུགས་འདྲ་བར་བཅོས་པའི་ཚུལ་གྱིས་ཟ་བ་སྟེ་ཉེར་གཅིག་གོ །
1 ལོ་ཙཱ།

རྒྱ་ཡིག 二十一进食聚

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ཟས་ལེགས་པར་མི་ཟ་བ་དང༌། ཟས་ཁམ་ཧ་ཅང་ཆེ་བ་དང༌། ཧ་ཅང་ཆུང་བ་དང༌། འཇིག་རྟེན་དང་མཐུན་པའི་ཁམ་རན་པ་མིན་པ་དང༌། ཟས་ཁ་སྒོར་མ་སླེབས་པར་ཁ་གདངས་པ་དང༌། ཟ་བཞིན་དུ་གཏམ་སྨྲ་བ་དང༌། ཟས་མི་ཞིམ་པར་ཙུག་ཙུག་དང༌། ཟས་ཞིམ་པར་ཅག་ཅག་དང༌། གྲང་བ་ལ་ཧུ་ཧུ་དང༌། ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་པ་དང༌། ལྕེ་ཕྱིར་ཕྱུང་བ་དང༌། འབྲས་སོགས་འབྲུ་མ་རེ་རེ་ནས་གུད་དུ་ཕྱེ་བ་དང༌། ཟས་ལ་འཕྱ་སྨོད་དང༌། ཁམ་གཅིག་མཁུར་གཡས་གཡོན་དུ་སྤོ་བ་དང༌། རྐན་སྒྲ་གཏོག་པ་དང༌། དུད་འགྲོ་ལྟར་ཁམ་འཕྲོབཅད་པ་དང༌། ལག་པ་ལ་ཟས་ཆགས་པ་བལྡག་པ་དང༌། མཛུབ་མོས་ལྷུང་བཟེད་བྲད་ནས་འབྱོག་པ་དང༌། ལག་པ་ལ་ཟས་ཆགས་པ་སྤྲུགས་པ་དང༌། ཟས་དང་བཅས་པའི་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ་དང༌། ཟས་མཆོད་རྟེན་གྱི་གཟུགས་འདྲ་བར་བཅོས་པའི་ཚུལ་གྱིས་ཟ་བ་སྟེ་ཉེར་གཅིག་གོ། 《毗奈耶经》所说恶作罪第五类食食恶作有二十一条:来如法而食、极大团食、极小团食、未中量食、食未至口先张口待食、含食语、弹舌食即唼唼、哺喋食即吒吒、呼气食即呼呼、吹气食即哱哱、舒舌食、散食即一粒一粒地拾来食、毁呰食、填颊食如猴包、弹舌作声食、啮半食、舐手食、括钵食、振手食、振钵食和作窣堵波即佛塔形而食。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།ཉེས་བྱས་ཀྱི་སྡེ་ཚན་ལྔ་པ་ཟས་ཟ་བའི་སྡེ་ལ། ༡ ཟས་ལེགས་པར་མི་ཟ་བ། ༢ ཟས་ཁམ་ཧ་ཅང་ཆེ་བ། ༣ ཧ་ཅང་ཆུང་བ། ༤ འཇིག་རྟེན་དང་མཐུན་པའི་ཁམ་རན་པ་མིན་པ། ༥ ཟས་ཁ་སྒོར་མ་སླེབས་པར་ཁ་གདངས་པ། ༦ ཟ་བཞིན་དུ་གཏམ་སྨྲ་བ། ༧ ཟས་མི་ཞིམ་པར་ཙུག་ཙུག ༨ ཟས་ཞིམ་པར་ཅག་ཅག ༩ གྲང་བ་ལ་ཧུ་ཧུ། ༡༠ ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་པ། ༡༡ ལྕེ་ཕྱིར་ཕྱུང་བ། ༡༢ འབྲས་སོགས་འབྲུ་མ་རེ་རེ་ནས་གུད་དུ་ཕྱེ་བ། ༡༣ ཟས་ལ་འཕྱ་སྨོད།  ༡༤ ཁམ་གཅིག་མཁུར་གཡས་གཡོན་དུ་སྤོ་བ། ༡༥ རྐན་སྒྲ་གཏོག་པ། ༡༦ དུད་འགྲོ་ལྟར་ཁམ་འཕྲོ་བཅད་པ། ༡༧ ལག་པ་ལ་ཟས་ཆགས་པ་བལྡག་པ། ༡༨ མཛུབ་མོས་ལྷུང་བཟེད་བྲད་ནས་འབྱོག་པ། ༡༩ ལག་པ་ལ་ཟས་ཆགས་པ་སྤྲུགས་པ། ༢༠ ཟས་དང་བཅས་པའི་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ། ༢༡ ཟས་མཆོད་རྟེན་གྱི་གཟུགས་འདྲ་བར་བཅོས་པའི་ཚུལ་གྱིས་ཟ་བ་སྟེ་ཉེར་གཅིག་གོ །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-27

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།