སུའུ་ཉི་ཐུ་གཡོན་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཉི་ཐུ་གཡོན་ཤོག
སུའུ་ཉི་ཐུ་གཡོན་ཤོག་ནི་ནང་སོག་ཞི་ལིན་ཀུའོ་ལེ་མེང་གི་ནུབ་བྱང་རྒྱུད་དུ་གནས་ཤིང་། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་ལ་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ316ཡོད། ལྷོ་ངོས་ཀྲེང་ཞང་པའེ་ཤོག ཀྲེང་ལན་ཤོག་དང་འབྲེལ་ཞིང་ནུབ་ངོས་སུའུ་ཉི་ཐུ་གཡོན་ཤོག་དང་ཨེར་ལེན་ཧའོ་ཐེ་གྲོང་ཁྱེར་དང་འབྲེལ། ཤར་ངོས་ཨ་པཱ་ཀཱ་ཤོག་དང་ཐག་ཉེ། སོག་རིགས་གཙོ་བོར་བྱེད་པའི་མཐའ་མཚམས་ཀྱི་འབྲོག་ལས་ཤོག་ཞིག་ཡིན་ལ། ཤོག་མི་དམངས་སྲིད་གཞུང་མན་ཏུའུ་ལ་ཐུའུ་གྲོང་རྡལ་དུ་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏尼特左旗
ས་ཁོངས་ཁ་པར་ཨང་རྟགས།
0479
དབྱིན་ཡིག་གི་མིང་།
Sonid Left Banner
སྦྲག་སྲིད་ཨང་རྟགས།
011300
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཁུའོ་ལེ་མེང་།
མི་གྲངས།
མི34503འདུས།
རྒྱ་ཁྱོན།
33469 km²
རླངས་འཁོར་ཚབ་ཨང་།
མེང(蒙)H
ཡུལ་སྐད།
སོག་སྐད།
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སུའུ་ཉི་ཐུ་གཡོན་ཤོག་ཁོངས་གཏོགས་སུ་སུའུ་མུའུ4དང་གྲོང་རྡལ3 ཀ་ཁྲ49བཅས་ཡོད། དེ་དག་ནི་མན་ཏུའུ་ལ་ཐུའུ་གྲོང་རྡལ་དང་། ཁྲ་ཀན་ཨའོ་པའོ་གྲོང་རྡལ། པ་ཡན་ཀྲོར་གྲོང་རྡལ། པ་ཡན་ཝུའུ་ལ་སུའུ་མུའུ། སའེ་ཧན་ཀའོ་པི་སུའུ་མུའུ། ཧུང་ཀེར་སུའུ་མུའུ། ཏ་ལའེ་སུའུ་མུའུ་བཅས་ཡིན་ལ། ཤོག་སྲིད་གཞུང་མན་ཏུའུ་ལ་ཐུའུ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

2 ས་ཁམས་གནས་ཡུལ།

སུའུ་ཉི་ཐུ་གཡོན་ཤོག་ནི་སོག་པོའི་ས་མཐོའི་བྱང་རྒྱུད་དུ་གནས་པ་དང་ཀྲུང་གོའི་རང་བྱུང་འབྲོག་ར་ཆེ་གྲས་བཞིའི་གྲས་ཤིག་ཡིན་པའི་ཞི་ལིན་ཀུའོ་ལེ་རྩྭ་ཐང་ཆེན་པོའི་ནུབ་བྱང་རྒྱུད་དུ་གནས། ས་ཁམས་གནས་ཚད་བྱང་གི་འཕྲེད་ཐིག42°45′一45°15′བར་དང་ཤར་གྱི་གཞུང་ཐིག111°24′一115°12′བར་དུ་གནས་ཤིང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ160དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34251.7ཟིན།

3 མི་གྲངས་དང་མི་རིགས།     

སྤྱི་ལོ2013ལོར་སུའུ་ཉི་ཐུ་གཡོན་ཤོག་ལ་ལོ་མཇུག་ཏུ་དུད་ཚང11202ཡོད་པ་དེའི་ནང་། འབྲོག་ལས་དུད་ཚང5652ཟིན་ཡོད། སུའུ་ཉི་ཐུ་གཡོན་ཤོག་ལ་སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས34503ཟིན་ཡོད་ལ། དེའི་ནང་འབྲོག་ལས་མི་གྲངས19595ཡོད། མི་གྲངས་བསྡོམས་འབོར་ཁྲོད་གསར་སྐྱེས་མི་འབོར439དང་མི་འབོར་སྐྱེ་ཚད12.79%ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར161དང་མི་འབོར་ཤི་ཚད4.69%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ8.10དང་མི་གྲངས་བསྡོམས་འབོར་ཁྲོད་སོག་རིགས་ཀྱི་མི་གྲངས21814ཟིན། མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི་63.2ཟིན་པ་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་གྲངས216ཟིན་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི0.6ཟིན་ཡོད། མི་གྲངས་བསྡོམས་འབོར་ནང་སྐྱེས་པའི་མི་གྲངས17224དང་བུད་མེད་མི་གྲངས17279ཡོད། 

4 མི་རིགས། 

སུའུ་ཉི་ཐུ་གཡོན་ཤོག་ཏུ་རྒྱ་རིགས་དང་མན་ཇུ། ཧུའེ་རིགས། བོད་རིགས། ཏ་ཧན། ཨོ་ཝུན་ཁེ། ཨོ་ལུན་ཁྲུན། ཁྲའོ་ཞན་སོགས་མི་རིགས10ལྷག་གི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་སུའུ་ཉི་ཐུ་གཡོན་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི403077ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པ་ལྟར་རྩིས་བརྒྱབ་ན་སྔ་ལོ་ལས11.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི50103ཟིན་ནས6.7%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི274441ཟིན་ནས13.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི78533ཟིན་ནས6.7%འཕར་ཡོད། སུའུ་ཉི་ཐུ་གཡོན་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད་དེ་ལོ་གོང་མའི12.3:67.8:19.9ནས12.4:68.1:19.5བར་ལེགས་སྒྲིག་བྱས་ཡོད། རྒྱུན་སྡོད་མི་འབོར་ལྟར་རྩིས་བརྒྱབ་ན་སྤྱི་ལོ2013ལོར་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར119778ཟིན་ནས་བསྡུར་གཞི་ཡོད་པའི་ཚད་ལོ་གོང་མ་ལས10.1%འཕར།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།  

སྤྱི་ལོ2013ལོར་སུའུ་ཉི་ཐུ་གཡོན་ཤོག་ཏུ་སློབ་གྲྭར་ཡོད་པའི་སློབ་མ3672ཡོད། དགེ་རྒན་དང་ལས་བཟོ་པ534ཡོད་པའི་ནང་ཆེད་བསྐོས་དགེ་རྒན412དང་། ཆེད་བསྐོས་དགེ་རྒན་ཁྲོད་གྲངས་ཉུང་མི་རིགས་ཀྱི་དགེ་རྒན300ཡོད་། སུའུ་ཉི་ཐུ་གཡོན་ཤོག་ལ་འཛིན་གྲྭ110ཡོད། སྤྱི་ལོ2013ལོར་སློབ་ཐོན་སློབ་མ1259དང་སློབ་མ1145བསྡུས་པ་དང་སྤྱི་ལོ2013ལོར་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། སློབ་གྲྭའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི30.9ཟིན་པ་དང་། དེའི་ནང་སློབ་གྲྭའི་ཉལ་ཁང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི6.8ཡོད། 

6_2 རིག་གནས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སུའུ་ཉི་ཐུ་གཡོན་ཤོག་ལ་སྒྱུ་རྩལ་བྱ་གཞག་སྒྲིག་གཞི2དང་སྤྱི་པའི་དཔེ་མཛོད་ཁང1 དཔེ་དེབ་ཁྲི2.1ཉར་ཚགས་བྱས་ཡོད། རིག་དངོས་སྲུང་སྐྱོབ་སོའོ1དང་གློག་བརྙན་སྟོན་པའི་ཚན་པ2 བརྙན་འཕྲིན་བརྒྱུད་གཏོང་སྟེགས་བུ3དང་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན4420 སྐུད་ཡོད་བརྙན་འཕྲིན་ཁྱབ་ཚད94%ཟིན། 

6_3 སྨན་བཅོས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སུའུ་ཉི་ཐུ་གཡོན་ཤོག་ཏུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི80ཡོད་ལ། དེའི་ནང་སུའུ་མུའུ་འཕྲོད་བསྟེན་ཁང11དང་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི1 བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྒྲིག་གཞི1བཅས་ཡོད། སུའུ་ཉི་ཐུ་གཡོན་ཤོག་སྨན་བཅོས་སྒྲིག་གཞིར་ཉལ་ཁྲི119ཡོད་ལ། ལོ་མཇུག་ཏུ་སུའུ་ཉི་ཐུ་གཡོན་ཤོག་ཏུ་འཕྲོད་བསྟེན་ལག་རྩལ་མི་སྣ214ཡོད་ལ། དེའི་ནང་ལས་གཉེར(ལས་རོགས)སྨན་པ112དང་ཐོ་འགོད་ནད་གཡོག47ཡོད། 

6_4 འགན་སྲུང་།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སུའུ་ཉི་ཐུ་གཡོན་ཤོག་ཏུ་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས4624ཟིན་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས2686དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་14918ཟིན། འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས17247དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང596དང་མི776ཡོད། འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང1078དང་མི1521ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-29

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།