བསང་ཆུ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསང་ཆུ་རྫོང་།
བསང་ཆུ་རྫོང་ནི་ཀན་ལྷོ་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་ལྷོ་ངོས་གཙོས་གྲོང་ཁྱེར་དང་ཀླུ་ཆུ་རྫོང་གཉིས་ཀར་འབྲེལ་ལ། བྱང་ངོས་ཀ་ཅུ་རྫོང་དང་མཚོ་སྔོན་གྱི་ཡ་རྫི་རྫོང། རེབ་གོང་རྫོང་། ནུབ་ངོས་མཚོ་སྔོན་གྱི་རྩེ་ཁོག་རྫོང་བཅས་དང་འབྲེལ། སྤྱི་ལོ2016ལོའི་བར་བསང་ཆུ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི8.95ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར19596ཡོད། སྤྱི་ལོ2018ལོའི་བར་བསང་ཆུ་རྫོང་ཁོངས་སུ་གྲོང་རྡལ8དང་ཡུལ་ཚོ5བཅས་འདུས་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏河县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6274ཟིན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
ཁྲི8.98འདུས།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།
ཡུལ་སྐད།
བོད་སྐད།
མངའ་ཁོངས།
གྲོང་རྡལ8དང་ཡུལ་ཚོ5
མཛེས་ལྗོངས་གྲགས་ཅན།
བླ་བྲང་དགོན། བསང་ཁོག་རྩྭ་ཐང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0941(+86)
གནམ་གྲུ་ཐང་།
བསང་ཆུ་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
747100
རླངས་འཁོར་ཚབ་ཨང་།
ཀན(甘)P
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོ་བར་བསང་ཆུ་རྫོང་ཁོངས་གཏོགས་སུ་གྲོང་རྡལ་8ཡོད་པ་སྟེ། བླ་བྲང་གྲོང་རྡལ་དང་། བང་གུར་ཐང་གྲོང་རྡལ། ཨ་མཆོག་གྲོང་རྡལ། བསང་ཁོག་གྲོང་རྡལ། རྒན་གྱ་གྲོང་རྡལ། མར་ཐང་གྲོང་རྡལ། འབོ་ར་གྲོང་རྡལ། ཁོ་ཚེ་གྲོང་རྡལ། ཡུལ་ཚོ5སྟེ་མདའ་མེད་ཡུལ་ཚོ་དང་། ཆུ་སྔོན་ཡུལ་ཚོ། ཐང་དཀར་ནང་ཡུལ་ཚོ། བྲག་ཡུལ་ཤང་། སྒྱིས་ཚང་ཤང་། དེའི་ཁོངས་སུ་ཡུལ་ཚོ་རིམ་པའི་ཚན་པ3བཅས་ཡོད་ཅིང་རྫོང་སྲིད་གཞུང་དེ་བླ་བྲང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

2 ས་ཁམས་གནས་ཡུལ།

བསང་ཆུ་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག101°54′~103°25′བར་དང་བྱང་གི་འཕྲེད་ཐིག34°32′~35°34′བར་དུ་ཆགས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀ་ཅུ་ ཧུའེ་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་དང་ཀླུ་ཆུ་རྫོང་བཅས་དང་འབྲེལ་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6274ཡོད།    

2_1 ས་དབྱིབས།

བསང་ཆུ་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་གྱི་མཐའ་མཚམས་སུ་གནས་ཤིང་ས་བབ་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་པའི་རྣམ་པ་ལྟར་ཆགས་ཡོད།    

2_2 ནམ་ཟླ། 

བསང་ཆུ་རྫོང་གི་གནམ་གཤིས་གྲང་ཞིང་བརླན་གཤེར་ཆེ་བའི་རིགས་སུ་གཏོགས་ཤིང་མཐོ་སྒང་སྐམ་སའི་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད2.6℃ཡིན་པ་དང་ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི516ཡིན། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན56ཡིན་པ་དང་ལོ་རེའི་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད2296ཡིན། 

2_3 ཆུ་དཔྱད།

བསང་ཆུ་རྫོང་གི་ཆུ་རྒྱུན་ནི་རྨ་ཆུའི་ཆུ་རྒྱུན་ཁོངས་སུ་གཏོགས་ཤིང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4545ཟིན།

3 རང་བྱུང་ཐོན་ཁུངས།
3_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2014ལོའི་བར་བསང་ཆུ་རྫོང་གི་མངའ་ཁོངས་སུ་གསེར་དང་དངུལ། ཟངས། ལྕགས། ཞ་ཉེ། ཏི་ཚ། མཱན་སོགས་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་ལ་གཏེར་ཁ་ཡོད་པའི་ས་ཁུལ35ཡོད། 

3_2 རྩྭ་སའི་ཐོན་ཁུངས།

སྤྱི་ལོ2014ལོའི་བར་བསང་ཆུ་རྫོང་ཁོངས་ཀྱི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི753.87ཟིན་པ་དང་གཟན་རྩྭའི་སྣ་ཁ72ཡོད་ཅིང་ཕྱུགས་རྩྭ་རིགས91.4%ཟིན་པ་དེའི་ནང་ཕྱུགས་རྩྭ་སྤུས་ལེགས་རིགས43ཡོད།

3_3 ཆུ་ནུས་ཐོན་ཁུངས།

སྤྱི་ལོ2014ལོའི་བར་བསང་ཆུ་རྫོང་ཁོངས་སུ་གཙང་པོ་དང་མཚེའུ་ཡི་ཆུའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར11.79ཟིན་པ་དང་ཆུའི་ཐོན་ཚད་སྤྱི་ལེ་གྲུ་བཞི་མ་རེར་སྨི་གྲུ་བཞི་མ་ཁྲི18.8ཟིན།

4 མི་གྲངས་དང་མི་རིགས།    
4_1 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་བསང་ཆུ་རྫོང་གི་རྒྱུན་སྡོད་མི་གྲངས་ཁྲི8.98ཟིན་པ་དང་མི་ཁྲི0.03མང་དུ་བཏང་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི1.99དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད22%ཟིན། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི8.35དང་མི་གྲངས་སྐྱེ་ཚད་བརྒྱ་ཆའི15.81བཅས་ཟིན། མི་གྲངས་ཚེ་ལས་འདས་ཚད་བརྒྱ་ཆའི7.46ཟིན་ནས་ལོ40ནས14བར་གྱི་མི་གྲངས་ཁྲི1.83ཟིན་པ་དེས་མི་གྲངས་ཡོངས་ཀྱི20.38%བཟུང། ལོ15ནས64བར་གྱི་མི་གྲངས་ཁྲི6.36ཟིན་པ་དེས་མི་འབོར་ཡོངས་ཀྱི70.82%བཟུང། ལོ65དང་དེ་ཡན་གྱི་མི་གྲངས་ཁྲི0.79ཡོད་པ་དེས་མི་གྲངས་ཡོངས་ཀྱི8.8%བཟུང་ཡོད། 

4_2 མི་རིགས།

བསང་ཆུ་རྫོང་ནི་བོད་རིགས་གཙོ་བོར་བྱས་པའི་ས་ཁུལ་ཞིག་ཡིན་པ་དང་ས་ཁོངས་ནང་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས18འདུས་སྡོད་བྱས་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་བསང་ཆུ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི156657ཟིན། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2015ལོའི་དུས་མཚུངས་ལས2%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི47907ཟིན་པ་དེ་དུས་མཚུངས་ལས5%འཕར། དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད30.5%ཟིན་ནས་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས1.47ལ་སྐུལ་ཁྲིད་བྱས། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི12652ཟིན་པ་དེ་དུས་མཚུངས་ལས13.3%མར་ཆག་ནས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད9%ཟིན། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི96098ཟིན་པ་དེ་དུས་མཚུངས་ལས3.2%འཕར། དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད60.5%ཡིན་པ་དང་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཞི་གྲངས1.94སྐུལ་ཁྲིད་བྱས།

5_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་བསང་ཆུ་རྫོང་གིས་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི13.16ཟིན་ཡོད་ལ། དེའི་ནང་འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི5.79ཟིན་ནས་ཞིང་ལས་སྤྱི་ཡོངས་ཀྱི་འཕེལ་རྒྱས་གནས་བབ་བརྟན་པོ་ཡིན།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་བསང་ཆུ་རྫོང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི12367ཟིན་པ་དེ་དུས་མཚུངས་ལས13.8%མར་ཆག་ཡོད་ལ། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི8267ཟིན་པ་དེ་དུས་མཚུངས་ལས25.8%མར་ཆག་པ་དང་། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི4100ཟིན་པ་དེ་དུས་མཚུངས་ལས7.5%འཕར། རྫོང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི285ཟིན་ནས10.3%འཕར། སྤྱི་ལོ2017ལོར་བསང་ཆུ་རྫོང་གི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.19ཟིན་པ་དེ་དུས་མཚུངས་ལས10.1%མར་ཆག དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.75ལེགས་གྲུབ་བྱུང་ནས་དུས་མཚུངས་ལས15.6%མར་ཆག་ནས་ཆག་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས9ཆུང་དུ་ཕྱིན། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.44ཟིན་པ་དེ་དུས་མཚུངས་ལས0.9%འཕར་ཡོད། རྫོང་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི290ཟིན་པ་དེ་དུས་མཚུངས་ལས2.5%མར་ཆག

5_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་བསང་ཆུ་རྫོང་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི59014ཟིན་ནས10.1%འཕར་ཡོད་ལ། དེའི་ནང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི9447ཟིན་ནས4.9%འཕར། སྡེབ་ཚོང་སིལ་ཚོང་གི་སིལ་ཚོང་དངུལ་འབོར་སྒོར་ཁྲི32126ཟིན་ནས14.7%འཕར། ཡུལ་སྐོར་བ་མི་ཐེངས་ཁྲི217ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར9.1ཟིན་པ་དེ་དུས་མཚུངས་ལས56.5%འཕར།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་བར་བསང་ཆུ་རྫོང་དུ་སློབ་གྲྭ་ཆུང་འབྲིང་གི་བུ་བཅོལ་ཁང74ཡོད་ལ། དེའི་ནང་སློབ་འབྲིང4(ཆ་ཚང་སློབ་འབྲིང2དང་སློབ་འབྲིང2)ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ2840དང་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ1388ཡོད། སློབ་ཆུང28(རྫོང་དང་གྲོང་རྡལ་གྱི་སློབ་ཆུང6 ཞིང་འབྲོག་གྲོང་ཚོའི་སློབ་ཆུང22)སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ7193ཡོད། རྫོང་ཡོངས་ཀྱི་བུ་བཅོལ་ཁང42(རྫོང་གྲོང6ཡུལ་ཚོ་དང་གྲོང་རྡལ36)དང་བུ་བཅོལ་ཁང་དུ་བྱིས་པ2824ཡོད། རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོ1264ཡོད་པ་དང་ཆེད་བསྐོས་དགེ་རྒན1204ཡོད་ལ། དེའི་ནང་མཐོ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན131དང་དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན260 སློབ་ཆུང་གི་ཆེད་བསྐོས་དགེ་རྒན701དང་བྱིས་པའི་ཆེད་བསྐོས་དགེ་རྒན112བཅས་ཡོད།

6_2 རིག་གནས།

སྤྱི་ལོ2017ལོར་བསང་ཆུ་རྫོང་གིས་མ་དངུལ་སྒོར་ཁྲི150བཏང་ནས་གྲོང་ཚོ་རིམ་པའི་རིག་གནས་ཐང་ཆེན4བསྐྲུན་པ་དང་གྲོང་གསེབ་ཀྱི་གར་སྟེགས་འཛུགས་སྐྲུན་སྲིད་འཛིན་གྲོང་ཚོར་ཁྱོན་ཡོངས་ལ་ཁྱབ། རིག་གནས་ཁེ་ལས48དང་ལས་ཞུགས་མི་སྣ1020ཡོད། 

6_3 འཕྲོད་བསྟེན།

སྤྱིལོ2017ལོའི་ལོ་མཇུག་བར་བསང་ཆུ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི 115ཡོད་ལ། དེའི་ནང་སྨན་ཁང2དང་ནད་ཡམས་ཚོད་འཛིན་ལྟེ་གནས1 ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང13 གྲོང་ཚོའི་འཕྲོད་བསྟེན་ཁང48བཅས་ཡོད། གྲོང་གསེབ་ཀྱི་འགན་བཅོལ་ནང་ཞུགས་ཚད99.01ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཟིན།  

7 འགྲིམ་འགྲུལ།
7_1 གནམ་གྲུ་ཐང་།

བསང་ཆུ་གནམ་གྲུ་ཐང་ནི་བསང་ཆུ་རྫོང་ཁུག་བསིལ་ཐང་གྲོང་ཚོའི་ཉེ་འགྲམ་དུ་ཡོད། རྫོང་དང་བར་ཐག་སྤྱི་ལེ72ཡོད་པ་དང་ སྤྱིའི་རྒྱ་ཁྱོན་ལ་མུའུ2600དང་རྒྱུག་ལམ་གྱི་རིང་ཚད་ལ་སྨི3200ཡོད། སྤྱི་ལོ2011ལོའི་ཟླ6པར་ལས་འགོ་ཚུགས་པ་དང་སྤྱི་ལོ2013ལོའི་ཟླ8པའི་ཚེས19ཉིན་གནམ་གྲུ་ཤར་གཏོང་ཐུབ་ཅིང་དེ་ནི་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནམ་གྲུ་ཤར་གཏོང་ཐུབ་པའི་དམངས་སྤྱོད་གནམ་གྲུ་ཐང་དང་པོ་ཡིན།

7_2 གཞུང་ལམ།

སྤྱི་ལོ2013ལོའི་ལོ་མཇུག་བར་བསང་ཆུ་རྫོང་ཁོངས་སུ་རིམ་མཐོའི་གཞུང་ལམ་གཙོ་བོG213དངS312 བསང་ཆུ་གནམ་གྲུ་ཐང་གི་རིམ་པ་གཉིས་པའི་གཞུང་ལམ་སོགས་ཡོད་ལ། དེའི་ནངG213མངའ་ཁོངས་སུ་རིང་ཚད་སྤྱི་ལེ95ཡོད་པ་དངS312མངའ་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ121ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-29

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།