རྨ་ཆུ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ཆུ་རྫོང་།
རྨ་ཆུ་རྫོང་ནི་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་རྒྱུད་དང་མཚོ་བོད་ས་མཐོའི་ཤར་སྣེ། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་དང་འབྲེལ་ཞིང་། རྨ་ཆུའི་ཁུག་ཀྱོག་དང་པོར་གནས་ཡོད། ཤར་གྱི་གཞུང་ཐིག100°45′45″~102°29′00″བར་དང་བྱང་གི་འཕྲེད་ཐིག33°06′30″~34°30′15″བར་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛曲县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ10190ཟིན།
དབྱིན་ཡིག་གི་མིང་།
Maqu Xian
མི་གྲངས།
ཁྲི5.49འདུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཡུལ་སྐད།
བོད་སྐད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། ཀན་སུའུ་ཞིང་ཆེན། ཀན་ལྷོ་ཁུལ།
མཛེས་ལྗོངས་གྲགས་ཅན།
གེ་སར་ཐང་ཆེན་སོགས།
མངའ་ཁོངས།
ཉིན་མ་གྲོང་རྡལ། དངུལ་རྭ་ཡུལ་ཚོ་སོགས།
རླངས་འཁོར་ཚབ་ཨང་།
ཀན(甘)P
ས་ཁོངས་ཁ་པར་ཨང་རྟགས།
0941
སྦྲག་སྲིད་ཨང་རྟགས།
747300
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ9པའི་ཚེས18ཉིན་བསང་ཆུ་རྫོང་བཅིངས་འགྲོལ་བཏང་རྗེས་བསང་ཆུ་རྫོང་གི་ཆུས་བདུན་པའི་ཁོངས་སུ་གཏོགས། 

སྤྱི་ལོ1955ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ནས་རྫོང་བཙུགས།    

སྤྱི་ལོ1959ལོའི་ཟླ1པོའི་ཚེས1ཉིན་རྨ་ཆུ་དང་ཀླུ་ཆུ་གཉིས་ཟླ་སྒྲིལ་བཏང་ནས་ཐའོ་ཅང་རྫོང་ཞེས་འབོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

རྨ་ཆུ་རྫོང་ཁོངས་གཏོགས་སུ་གྲོང་རྡལ1དང་ཡུལ་ཚོ7ཡོད་པ་སྟེ། ཉིན་མ་གྲོང་རྡལ་དང་། དངུལ་རྭ་ཡུལ་ཚོ། དངུལ་རྭ་ཞོལ་མ་ཡུལ་ཚོ། དཔལ་བན་ཚང་ཡུལ་ཚོ། རྨུར་བྱེ་ཡུལ་ཚོ། ཆུ་ཁ་མ་ཡུལ་ཚོ། མཚེའུ་རུ་མ་ཡུལ་ཚོ། སྨད་མ་ཡུལ་ཚོ་བཅས་ཡིན།

3 ས་ཁམས་གནས་ཡུལ།

རྨ་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་རྒྱུད་དང་མཚོ་བོད་ས་མཐོའི་ཤར་སྣེ། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་ཞིང་ཆེན། རྨ་ཆུའི་ཁུག་པ་དང་པོ་བཅས་འབྲེལ་ཞིང། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག100°45′45″~102°29′00″བར་དང་བྱང་གི་འཕྲེད་ཐིག33°06′30″~34°30′15″བར་དུ་གནས། བྱང་ཤར་ཀླུ་ཆུ་རྫོང་དང་ས་མཚམས་འབྲེལ་ཞིང་ཤར་ངོས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་། རྔ་བ་རྫོང་དང་ཁྱིམ་མཚེས་ཡིན་ལ། ནུབ་ངོས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དང་དགའ་བདེ་རྫོང་། རྨ་ཆེན་རྫོང་བཅས་དང་འབྲེལ། བྱང་ངོས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་འབྲེལ།

4 མི་གྲངས།

རྨ་ཆུ་རྫོང་དུ་མི་གྲངས་བསྡོམས་འབོར་ཁྲི5.49(སྤྱི་ལོ2011ལོ)ཡོད་པ་དང་། དེ་རུ་བོད་རིགས་དང་། ཧུའེ་རིགས། ཏུང་ཞང་རིགས། ཧོར་རིགས། པའོ་ཨན་རིགས། མན་ཇུ་རིགས། སོག་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་ལ་བོད་རིགས་མི་འབོར་གྱིས་མང་ཆེ་བ་ཟིན་ཡོད། 

5 དཔལ་འབྱོར།

སྤྱི་ལོ2011ལོར་རྨ་ཆུ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི115028ཟིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2010ལོ་ལས5.5%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི32973ཟིན་པ་དེ་སྤྱི་ལོ2010ལོ་ལས6.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི45118ཟིན་པ་དེ་སྤྱི་ལོ2010ལོ་ལས1.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར36937ཟིན་ནས་སྤྱི་ལོ2010ལོ་ལས9.2%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད28.7%ཟིན་པ་ད་GDPལ་ལེགས་སྐྱེས་འབུལ་ཚད35.5%ཟིན། ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་བསྡུར་ཚད39.2%ཟིན་ནསGDPལ་ལེགས་སྐྱེས་འབུལ་ཚད8.1%ཟིན། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད32.1%ཟིན་ཡོད། GDPལ་ལེགས་སྐྱེས་འབུལ་ཚད56.4%དང་ཐོན་ལས་གྲུབ་ཆ་ཐེངས་གསུམ་ལ་ལོ་སྔོན་མའི29.7དུ་ལེགས་སྒྲིག་བྱས། 

སྤྱི་ལོ2011ལོར་རྨ་ཆུ་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་ཁྲི19529ཟིན་པ་དང་སྤྱི་ལོ2010ལོ་ལས་སྒོར་ཁྲི2150འཕར་ནས12.4%འཕར། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི10878ཟིན་པ་དེས་ནོར་སྲིད་ཡོང་འབབ་ཀྱི55.7%བཟུང་ཡོད། ནོར་སྲིད་གཏོང་སྒོ་སྒོར་ཁྲི76271དང་སྤྱི་ལོ2010ལོ་ལས་སྒོར་ཁྲི33134མང་དུ་བཏང་བ་དེ་སྤྱི་ལོ2010ལོ་ལས76.8%འཕར། 

5_1 ཐོན་ལས་དང་པོ།

སྤྱི་ལོ2011ལོར་རྨ་ཆུ་རྫོང་གི་ཕྱུགས་སྣ་ཁ284759དང་གྲངས284759ཟིན་ནས་འཕར་ཚད27.09%ཟིན་ཡོད། སྤྱི་ལོ2010ལོ་ལས་བརྒྱ་ཆའི་གཞི་གྲངས1.02འཕར་ཡོད། ཕྱུགས་རིགས 295884དང་བཤས་གཏོང་ཚད28.15%ཟིན་པ་དང་ཚོང་ཟོག་བཤས་གཏོང་ཚད་ཕྱུགས་རིགས280089ཟིན་པ་དང་ཚོང་ཟོག་ཐོན་ཚད26.65%ཟིན། སྤྱི་ལོ2011ལོར་རྨ་ཆུ་རྫོང་གི་ཤ་རིགས་སྤྱིའི་ཐོན་འབོར་ཏུན14527ཟིན་པ་དེ་སྤྱི་ལོ2010ལོ་ལས8.7%འཕར་ཡོད་ལ། དེའི་ནང་ཤའི་ཐོན་ཚད་ཏུན11305ཟིན་པ་དེ་སྤྱི་ལོ2010ལོ་ལས11.7%འཕར་བ་དང་། ལུག་ཤ་ཐོན་ཚད་ཏུན་ཁྲི3222ཟིན་པ་དེ་སྤྱི་ལོ2010ལོ་ལས1.1%མར་ཆག སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཕྱུགས་ར511454ཡོད་པ་དེ་སྤྱི་ལོ2010ལོ་ལས2.9%མར་ཆག ལུག་ལག་ཡོད་གྲངས507213ཡོད་པ་དེ་སྤྱི་ལོ2010ལོ་ལས0.9%འཕར་ཡོད། བལ་ཐོན་ཚད་ཏུན507.2ཟིན་པ་དེ་སྤྱི་ལོ2010ལོ་ལས0.9%དང་འོ་མའི་ཐོན་ཚད་ཏུན34869ཟིན་པ་དེ་སྤྱི་ལོ2010ལོ་ལས0.3%འཕར། 

5_2 ཐོན་ལས་གཉིས་པ།

སྤྱི་ལོ2011ལོར་རྨ་ཆུ་རྫོང་གི་བཟོ་ལས་ཁེ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི44763ཟིན་པ་དེ་སྤྱི་ལོ2010ལོ་ལས1.2%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་འཕར་ཐང་སྒོར་ཁྲི39053བྱུང་བ་དེ་སྤྱི་ལོ2010ལོ་ལས1.1%མར་ཆག གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི36673མངོན་འགྱུར་བྱུང་ཡོད། སྤྱི་ལོ2010ལོ་ལས4.2%མར་ཆག་པ་དང་སྒེར་གཉེར་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི2380ཟིན། སྤྱི་ལོ2010ལོ་ལས་བརྒྱ་ཆའི90.5འཕར།

5_3 ཐོན་ལས་གསུམ་པ། 

སྤྱི་ལོ2011ལོར་རྨ་ཆུ་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི20049ཟིན་པ་དེ་སྤྱི་ལོ2010ལོ་ལས16.3%འཕར་ཡོད། བྲིན་ཚོང་ས་ཁུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི15433ཟིན་པ་དང་། སྤྱི་ལོ2010ལོ་ལས11.35%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི76.98%བཟུང་། གྲོང་གསེབ་ཏུ་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི4616དང་སྤྱི་ལོ2010ལོ་ལས17.07%འཕར་བ་དེས23.02ཟིན། ལས་རིགས་ཀྱི་བསྡོམས་རྩིས་ལྟར། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི17285ཟིན་པ་དེ་སྤྱི་ལོ2010ལོ་ལས11.87%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་གྱི་བརྒྱ་ཆའི86.21ཟིན། ཞག་སྡོད་བཟའ་བཏུང་ལས་རིགས་སིལ་ཚོང་བྱེད་ཚད་སྒོར་ཁྲི2764བྱུང་ནས་སྤྱི་ལོ2010ལོ་ལས17.52%འཕར་བ་དེས13.79%བཟུང་། སྤྱི་ལོ2011ལོར་རྨ་ཆུ་རྫོང་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི95872ཟིན་པ་དེ་སྤྱི་ལོ2010ལོ་ལས་སྒོར་ཁྲི19897མང་དུ་ཕྱིན། སྤྱི་ལོ2010ལོ་ལས་བརྒྱ་ཆའི26.19འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དངུལ་བཅོལ་ལྷག་གྲངས་སྒོར་ཁྲི36841ཟིན། སྤྱི་ལོ2010ལོ་ལས་སྒོར་ཁྲི5639མང་དུ་ཕྱིན་ནས་སྤྱི་ལོ2010ལོ་ལས18.07%འཕར། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་ཁྲི34977ཟིན་ནས་སྤྱི་ལོ2010ལོ་ལས་སྒོར་ཁྲི3727མང་དུ་ཕྱིན་ནས་སྤྱི་ལོ2010ལོ་ལས11.93འཕར་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

རྨ་ཆུ་རྫོང་དུ་སློབ་འབྲིང2དང་སློབ་ཆུང12ཡོད། སློབ་འབྲིང་དུ་ཆེད་བསྐོས་དགེ་རྒན180དང་སློབ་ཆུང་དུ་ཆེད་བསྐོས་དགེ་རྒན403ཡོད། སློབ་འབྲིང་སློབ་གྲྭར་ཡོད་པའི་སློབ་མ1920དང་སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ6399ཡོད་ལ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད98.95%ཟིན། 

6_2 ལག་རྩལ་པ།

རྨ་ཆུ་རྫོང་དུ་ཆེད་ལས་ལག་རྩལ་མི་སྣ940ཡོད་པའི་ནང་ཞིང་ལས་ལག་རྩལ་མི་སྣ89ཡོད། 

6_3 འཕྲོད་བསྟེན།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་རྨ་ཆུ་རྫོང་ལ་སྨན་ཁང་དང་འཕྲོད་བསྟེན་ཁང12 ཉལ་ཁྲི196དང་སྨན་བཅོས་སྒྲིག་གཞིའི་འཕྲོད་བསྟེན་ལག་རྩལ་མི་སྣ203བཅས་ཡོད་ལ། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ77དང་རིམས་འགོག་འཕྲོད་བསྟེན་མི་སྣ26ཡོད། ལོ5མན་གྱི་བྱིས་པའི་ཚེ་ལས་འདས་ཚད24.7%དང་ཕྲུ་གུ་དམར་འབྱར་ཚེ་ལས་འདས་ཚད23.7% སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད74.6%=3བཅས་ཡིན། 

6_4 འགན་སྲུང་། 

སྤྱི་ལོ2011ལོའི་ལོ་མཇུག་ཏུ་རྨ་ཆུ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས1507ཡོད་པ་དེ་སྤྱི་ལོ2010ལོའི་ལོ་མཇུག་ལས་མི15འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས3171ཡོད་པ་དེ་སྤྱི་ལོ2010ལོ་ལས་མི55འཕར་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས2679དང་མི38092གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ནས་ཞུགས་ཚད99.2%ཟིན། མི17902གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པར་ཞུགས་ཡོད། སྤྱི་ལོ2011ལོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི3041ཟིན། སྤྱི་ལོ2010ལོ་ལས16%འཕར་བ་དང་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་ཁག་གི་སྤྱིའི་གཏོང་སྒོ་སྒོར་ཁྲི1960ཟིན་ནས་སྤྱི་ལོ2010ལོ་ལས་བརྒྱ་ཆའི27འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི་གྲངས1831ཡོད། མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི404སྤྲད་པ་དེ་སྤྱི་ལོ2010ལོ་ལས10%འཕར། གྲོང་གསེབ་ཀྱི་སྡོད་དམངས་ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི་གྲངས10108ཡོད། མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི829སྤྲད་པ་དེ་སྤྱི་ལོ2010ལོ་ལས8.6%འཕར། གྲོང་གསེབ་ཀྱི་སྡོད་དམངས་ལ་སྲིད་གཞུང་གི་འགན་ལེན་ལྔའི་རྒུད་སྐྱོབ་ཐོབ་པའི་མི་གྲངས433ཡོད་ལ་སྐྱོབ་དངུལ་སྒོར་ཁྲི90.93སྤྲད་པ་དེ་སྤྱི་ལོ2010ལོ་ལས31.25%འཕར། 

6_5 སྐྱེ་ཁམས་སྲུང་སྐྱོང་།

སྤྱི་ལོ2020ལོའི་ཟླ2པའི་ཚེས12ཉིན་རྨ་ཆུ་རྫོང་སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་གི་མིང་ཐོའི་ནང་ཚུད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ6པའི་ཚེས30ཉིན་རྨ་ཆུ་རྫོང་གི་ཁག་གཉིས་པའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་མིང་ཐོའི་ནང་ཚུད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-07

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།