རྒྱལ་ཁབ་སྲིད་འཛིན་དོ་དམ་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་སྲིད་འཛིན་དོ་དམ་ལས་ཁུངས།
སྲིད་འཛིན་དོ་དམ་ལས་ཁུངས་ནི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་གི་གཏན་འབེབས་ལྟར་གོ་རིམ་ངེས་ཅན་ལྡན་པར་བཙུགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ་དང་། སྲིད་འཛིན་གྱི་འགན་ནུས་སྣ་ཚོགས་སྒྲུབ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་སྤྱི་མིང་ཡིན་ལ། རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྲིད་འཛིན་ལས་ཁུངས་དང་སྲིད་གཞུང་ལས་ཁུངས་སོགས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政管理机构
ཁྱད་ཆོས།
ཁྲིམས་མཐུན་རང་བཞིན།
ཁྱབ་ཁོངས།
རྒྱལ་ཁབ་ལས་ཁུངས།
བྱེད་ནུས།
རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད།
1  ཁྱད་ཆོས། 

1.ཁྲིམས་མཐུན་རང་བཞིན།

2.གཙོ་གཟུགས་རང་བཞིན། 

3.མ་ལག་རང་བཞིན། 

4.དབང་གྲགས་རང་བཞིན། 

5.ལག་བསྟར་རང་བཞིན།

6. དོ་དམ་རང་བཞིན་བཅས་ཡིན། 

2   ནུས་པ། 

1.རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱད་དེ་སྤྱི་ཚོགས་ལ་དོ་དམ་བྱེད་དགོས། སྤྱི་པའི་དོ་དམ་འདིའི་རིགས་ལ་དཔལ་འབྱོར་དོ་དམ་དང་། སྤྱི་ཚོགས་དོ་དམ། ཆབ་སྲིད་དོ་དམ་སོགས་ཀྱི་ཕྱོགས་འདུས། 

2.བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་སྣ་ཚོགས་ལག་བསྟར་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་། ཚོང་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་། ནང་བློན་ལམ་ལུགས་ཀྱི་རྒྱལ་ཁབ་སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་གྲུབ་སྟངས་སྐོར། 
    ཆེས་མཐོའི་སྲིད་འཛིན་དོ་དམ་སྒྲིག་གཞི་ནི་ནང་བློན་ཁང་ཡིན་པ་དང་། ནང་བློན་ཁང་ནི་དབུ་བཞུགས་བློན་ཆེན་དང་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གི་པུའུ་ཀྲང་ལས་གྲུབ་ཅིང་། དབུ་བཞུགས་བློན་ཆེན་སྲིད་གཞུང་གི་འགོ་གཙོ་ཡིན་ལ། དེའི་ཚབ་བྱེད་ཀྱི་རྒྱལ་ཁབ་གཙོ་བོ་ནི་དབྱིན་ཇི་ཡིན། 
 

3 རིགས། 

 1.སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་ངོ་བོར་གཞིགས་ནས་དབྱེ་ན། འགོ་ཁྲིད་སྒྲིག་གཞི་དང་། ལག་བསྟར་སྒྲིག་གཞི། ལྟ་སྐུལ་སྒྲིག་གཞི། བློ་འདྲིའི་སྒྲིག་གཞི། ཆ་འཕྲིན་སྒྲིག་གཞི། རམ་འདེགས་སྒྲིག་གཞི། མངགས་གཏོང་སྒྲིག་གཞི་བཅས། 

2.སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་འགན་ནུས་ལྟར་དབྱེ་བ་ནི། དཔལ་འབྱོར་རིགས་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས་དང་། སྤྱི་ཚོགས་རིགས་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས། ཆབ་སྲིད་རིགས་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས་བཅས་སོ། ། 
  

4   གོ་རིམ། 

1.སྲིད་འཛིན་དོ་དམ་ལས་ཁུངས་འཛུགས་པའི་རྒྱུ་མཚན་འདོན་དགོས་པ་མ་ཟད། ཇུས་གཞི་རགས་ཙམ་འགོད་དགོས། 

2.སྲིད་འཛིན་དོ་དམ་ལས་ཁུངས་འཛུགས་པའི་ཇུས་གཞིར་དཔྱད་དཔོག་དང་རིགས་པས་ཁུངས་སྐྱེལ་བྱ་དགོས། 

3.སྲིད་འཛིན་དོ་དམ་སྒྲིག་གཞི་འཛུགས་རྒྱུའི་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུ། 

4.སྲིད་འཛིན་དོ་དམ་ལས་ཁུངས་འཛུགས་རྒྱུའི་ཇུས་གཞི་དོན་འཁྱོལ་དང་ལག་བསྟར་བྱ་དགོས། 
    

5 རྩ་དོན། 

1.མཐུན་འཕྲོད་རང་བཞིན་གྱི་རྩ་དོན།

2.མཐུན་སྦྱོར་རང་བཞིན་གྱི་རྩ་དོན།

3.དབང་འགན་ཕན་ཚུན་མཐུན་པའི་རྩ་དོན།

4.ལས་ཆོད་ཆེ་བའི་རྩ་དོན།

5.ཁྲིམས་ལུགས་རང་བཞིན་གྱི་རྩ་དོན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-25

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།