ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་ལས་ཁུངས་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན་ཞིང་། ཐད་ཀར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། གཞི་རྩའི་ལས་འགན་ནི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ལྟ་སྐུལ་དོ་དམ་དང་། ཁྲལ་བསྡུ། ལྐོག་འདྲེན་ལ་རྡུང་རྡེག བསྡོམས་རྩིས་བཅས་བྱེད་པ་དང་། ཁྱད་པར་དུ་ཕྱི་ཕྱོགས་ལ་ཁྲལ་བསྡུ་དང་། འགག་སྒོ་སྒྲོལ་བར་ལྟ་སྐུལ་དོ་དམ། ཁྲལ་སྲུང་ལྟ་སྐུལ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་རྩིས། འགག་སྒོ་ཞིབ་བཤེར། ཤེས་བྱའི་ཐོན་དབང་གི་འགག་སྒོ་སྲུང་སྐྱོང་། ལྐོག་འདྲེན་ལ་རྡུང་རྡེག འགག་སྒོ་དོ་དམ་སོགས་ཀྱི་འགན་འཁུར་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国海关总署
ལས་ཁུངས་ཀྱི་རིམ་པ།
པུའུ་རིམ་པ།
1 ངོ་སྤྲོད།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་ལས་ཁུངས་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན་ཞིང་། ཐད་ཀར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་།  གཞི་རྩའི་ལས་འགན་ནི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ལྟ་སྐུལ་དོ་དམ་དང་། ཁྲལ་བསྡུ། ལྐོག་འདྲེན་ལ་རྡུང་རྡེག བསྡོམས་རྩིས་བཅས་བྱེད་པ། ཁྱད་པར་དུ་ཕྱི་ཕྱོགས་ལ་ཁྲལ་བསྡུ་དང་། འགག་སྒོ་སྒྲོལ་བར་ལྟ་སྐུལ་དོ་དམ། ཁྲལ་སྲུང་ལྟ་སྐུལ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་རྩིས། འགག་སྒོ་ཞིབ་བཤེར། ཤེས་བྱའི་ཐོན་དབང་གི་འགག་སྒོ་སྲུང་སྐྱོང་། ལྐོག་འདྲེན་ལ་རྡུང་རྡེག འགག་སྒོ་དོ་དམ་སོགས་ཀྱི་འགན་འཁུར་ཡོད། 

དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་ཀྱི་པུའུ་རིམ་པ་རྒན་པའི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ཞིང་། གཅིག་གྱུར་གྱིས་རྒྱལ་ཡོངས་ཀྱི་འགག་སྒོ་དོ་དམ་བྱེད་དགོས། ད་ཆ་སྡེ་ཚན17དང་། ཐད་གཏོགས་བྱ་གཞག་ཚན་པ6 སྤྱི་ཚོགས་ཚོགས་པ4(འགག་སྒོའི་སློབ་ཚོགས་དང་། སྒོ་ཁྲལ་གནས་ཞུའི་མཐུན་ཚོགས། འགག་སྒོའི་མཐུན་ཚོགས། ཁྲལ་སྲུང་ཁུལ་བཅས་ཀྱི་ཕྱིར་གཏོང་ལས་སྣོན་ཁུལ་གྱི་མཐུན་ཚོགས)ཡོད་པ་མ་ཟད། ཡོ་རོབ་མནའ་འབྲེལ་དང་། ཨུ་རུ་སུ། ཨ་རི་སོགས་འགག་སྒོའི་སྒྲིག་གཞིར་མངགས་གཏོང་ཡང་བྱས་ཡོད་པ་རེད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་། 

རྒྱལ་ཡོངས་ཀྱི་འགག་སྒོར་མིག་སྔར་ཐད་གཏོགས་འགག་སྒོའི་ཚན་པ46(ཀོང་ཏུང་ཡན་ལག་ཧྲུའུ་དང་། ཐེན་ཅིན་དང་ཧྲང་ཧའེ་ཆེད་མངགས་གཞུང་དོན་ཁང་། ཐད་གཏོགས་འགག་སྒོ41 འགག་སྒོའི་སློབ་གླིང2)ཁོངས་གཏོགས་འགག་སྒོ་དང་དོན་གཅོད་ཁང600བཅས་ཡོད་པ་དང་འགག་སྒོ་སྒྲོལ་བའི་ལྟ་སྐུལ་དོ་དམ་བྱ་ཡུལ4000ཙམ་ཡོད་པ་རེད། ཀྲུང་གོའི་འགག་སྒོའི་ད་ཡོད་འགག་སྒོའི་མི་སྣ(འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཉེན་རྟོག་པ་ཚུད་པ)ཁྲི5ཙམ་ཡོད། 

ཀྲུང་གོའི་འགག་སྒོས“ཁྲིམས་ལྟར་སྲིད་འཛིན་དང་། རྒྱལ་ཁབ་ཀྱི་འགག་རྩ། དཔལ་འབྱོར་ལ་ཞབས་ཞུ། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་དང“ཆབ་སྲིད་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། ཡིད་རྟོན་རུང་བ”བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་བྱས་ཡོད། ཀྲུང་གོའི་འགག་སྒོའི་སྙིང་སྟོབས་ནི“གཞུང་དྲང་གཞུང་དྲང་དང་། འགག་སྒོའི་རྒྱལ་ཁབ་སྟོབས་ཆེར་གཏོང་བ”ཡིན་ཞིང་། 

ཀྲུང་གོའི་སྒོ་ཁྲལ་ལས་ཁུངས་ཀྱིས་སྒོ་ཁྲལ་ལས་ཁུངས་ཀྱི་གོ་མིང་ལམ་ལུགས་ལག་བསྟར་བྱ་རྒྱུ། སྒོ་ཁྲལ་ལས་ཁུངས་ཀྱི་གོ་མིང་རིམ་པ་ལྔ་པ་དང་བཅུ་གསུམ་པ་འཛུགས། རིམ་པ་རེ་རེ་བཞིན་ཡོད་པ་སྟེ། འགག་སྒོའི་རིམ་པ་དང་འགག་སྒོའི་རིམ་པ་གཞོན་པ་དང་། རིམ་པ་གཉིས་པ། སྒོ་ཁྲལ་ལས་དོན་ལྟ་སྐུལ་པ(རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ)བཅས། སྒོ་ཁྲལ་ལས་དོན་ལྟ་ཞིབ་པ(རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ)བཅས།  སྒོ་ཁྲལ་ལས་དོན་སྤྱི་འདོམས་པ(རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ)བཅས། ལྔ་པ་ནི་སྒོ་ཁྲལ་ལས་དོན་པ། (རིམ་པ་དང་པོ་དང་། རིམ་པ་གཉིས་པ། ) 

ཀྲུང་གོའི་འགག་སྒྲོལ་བྱེད་སྟངས་དང་། ལྟ་སྐུལ་དོ་དམ་མ་ལག དོ་དམ་ལམ་སྲོལ། རུ་ཁག་གི་བྱང་ཚད་བཅས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། འགག་སྒྲོལ་བྱེད་སྟངས་ཐད་ཁེ་ལས་ཀྱི་ཁྲིམས་སྲུང་དོ་དམ་རྨང་གཞིར་བྱས་པའི་རིགས་དབྱེའི་འགག་སྒྲོལ་ལག་ལེན་བསྟར་ནས་འགག་སྒྲོལ་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ལྟ་སྐུལ་དོ་དམ་མ་ལག་ཐད་འགག་སྒོའི་ལྟ་སྐུལ་དོ་དམ་གྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་རིམ་གསུམ་དོན་གཅོད་དབང་ཆ་མཐུན་སྦྱོར་བྱེད་པ་དང་། འཐབ་ས་དང་པོའི་ལྟ་སྐུལ་དོ་དམ་དང་། རྗེས་མཐུད་དོ་དམ། ལྐོག་འདྲེན་ལ་རྡུང་རྡེག་གཏོང་བ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་དང་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“འགག་སྒྲོལ་ཆེན་པོ”དང་འཚམ་མཐུན་བྱུང་ཚེ་ཕྱོགས་བསྡུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་འགག་སྒོའི་ལྟ་སྐུལ་དོ་དམ་མ་ལག་ཆེན་པོ་འཛུགས་རྒྱུ་དང་། དོ་དམ་ལམ་སྲོལ་ཐད་ཚད་ལྡན་གོ་རིམ་ལྡན་པ་དང་། དཔུང་ཁག་གི་བྱང་ཚད་ཐད་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བ་དང་། དོ་དམ་གྱི་ཉེན་ཁ་ཚོད་འཛིན་བྱེད་པ། གནད་དོན་དངོས་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་རྒྱ་ཆེའི་མི་སྣའི་འགན་འཁྲི་འཁུར་སེམས་དང་། ལས་ཀའི་རྩལ་ནུས། ཉེན་ཁ་འགོག་པའི་ནུས་པ་བཅས་ཆེ་རུ་གཏོང་དགོས། 

2 འགན་འཁྲི། 

འགག་སྒོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྒྲུབ་རིང་ཏང་གིས་འགག་སྒོའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། དེ་ནི་གཤམ་གསལ་ལྟར་ཡིན། 

(གཅིག)རྒྱལ་ཡོངས་ཀྱི་འགག་སྒོའི་ལས་དོན་ལ་འགན་འཁུར་རྒྱུ། འགག་སྒོའི(རྒྱལ་མཚམས་འགྲོ་འོང་ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་ཚུད་པ)ལས་ཀའི་སྲིད་ཇུས་བཟོ་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པ། འགག་སྒོའི་འཆར་འགོད་དང་། སྒྲིག་སྲོལ། འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་བཅས་བཟོ་དགོས། 

(གཉིས)འགག་སྒོའི“འགག་སྒོ་སྒྲོལ་བའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགག་སྒོའི་དོ་དམ་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་། འགག་སྒོ་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་མཐུན་སྦྱོར་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ། སྣེ་ཁྲིད་དེ་འགག་སྒོའི་བདེ་འཇགས་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ལས་ཀའི་ལམ་ལུགས་བཟོ་བ་བཅས་བྱས་ཏེ་འགག་སྒོའི་འབྲེལ་ཡོད་གསང་འཕྲིན་བསྡུ་རུབ་དང་། ཉེན་ཁ་དབྱེ་ཞིབ་ཞིབ་གཅོད། ཐག་གཅོད་བཅས་ཀྱི་ལས་དོན་མཐུན་སྦྱོར་ངང་སྤེལ་དགོས། འགག་སྒོ་སྒྲོལ་རིང་སྡེ་ཚན་ཁག་གི་ལས་ཀའི་འབྲེལ་བ་མཐུན་སྦྱོར་བྱས་ནས་ས་གནས་སྲིད་གཞུང་གི་འགག་སྒོའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས། 

(གསུམ) འགག་སྒོའི་ལྟ་ཞིབ་དོ་དམ་གྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ། ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་སྐྱེལ་འདྲེན་ཡོ་བྱད་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་དང་དངོས་རྫས་བཅས་ལ་ལྟ་ཞིབ་དོ་དམ་བྱེད་པའི་ལམ་ལུགས་གཏན་འབེབས་བྱ་རྒྱུ་དང་འབྲེལ་ལག་བསྟར་བྱ་བ་སྒྲིག་འཛུགས་ཀྱང་བྱ་རྒྱུ། གཏན་འབེབས་ལྟར་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་བྱ་དགོས་ལ། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དོ་དམ་སྲིད་ཇུས་ཁྲིམས་ལྟར་ལག་ལེན་བསྟར་ནས་ཤེས་བྱའི་ཐོན་དངོས་བདག་དབང་གི་འགག་སྒོ་སྲུང་སྐྱོང་བྱེད་འགན་འཁུར་རྒྱུ་དང་། འགག་སྒོའི་མཚོན་རྟགས་དོ་དམ་བྱེད་པར་འགན་འཁུར་རྒྱུ། འགག་སྒོ་དོ་དམ་འཇིགས་སྐུལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། ཁྱབ་འགྱེད་སྔོན་འགོག ཕྱིར་གཏོང་རྩིས་སྤྲོད་དོ་དམ་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ཡོད། ལས་སྣོན་ཉོ་འཚོང་སོགས་ཀྱི་སྒོ་ཁྲལ་འགན་སྲུང་ལས་སྒོའི་འགག་སྒོའི་ལྟ་ཞིབ་དོ་དམ་ལམ་ལུགས་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་པ་དང་། འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་འཛུགས་པ་དང་ལེགས་སྒྲིག་བྱེད་པར་སྣེ་ཁྲིད་དེ་ཞིབ་བཤེར་གཏན་འབེབས་བྱ་དགོས། 

(བཞི) ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་དང་དེ་མིན་ཁྲལ་གྲོན་བསྡུ་ལེན་དོ་དམ་བྱེད་འགན་འཁུར་རྒྱུ། ལམ་ལུགས་བཟོ་རྒྱུ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་རིགས་དབྱེའི་དཀར་ཆག་བཟོ་རྒྱུ་མ་ཟད། ལག་བསྟར་དང་འགྲེལ་བཤད་རྒྱག་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས། སྣེ་ཁྲིད་དེ་ཕྱོགས་གཉིས་ཀྱི་ཐོག་མའི་ཐོན་ཡུལ་གྱི་སྒྲིག་སྲོལ་ཕྱི་ཕྱོགས་སུ་གྲོས་མོལ་བྱེད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཐོག་མའི་ཐོན་ཡུལ་གྱི་སྒྲིག་སྲོལ་བཟོ་འགོད་བྱེད་པ་མ་ཟད་ཁྲིམས་ལྟར་ཆོག་མཆན་དཔང་ཡིག་དོ་དམ་བྱེད་པ་སོགས་རྩ་འཛུགས་ཀྱིས་ལག་བསྟར་བྱེད་པའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས། ཕམ་ཚོང་ལ་ངོ་རྒོལ་དང་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དང་། འགན་སྲུང་བྱེད་ཐབས། སྒོ་ཁྲལ་གྱི་བྱེད་ཐབས་གཞན་དག་བཅས་ཁྲིམས་ལྟར་ལག་བསྟར་བྱ་དགོས། 

(ལྔ) རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲོག་ཆགས་དང་རྩི་ཤིང་དང་དེའི་ཐོན་རྫས་ལ་ཞིབ་དཔྱད་དང་རིམས་ནད་ཞིབ་དཔྱད་བྱེད་འགན་འཁུར་རྒྱུ་བཅས་ཡིན། མངའ་ཁོངས་ཕྱིའི་རིམས་ནད་གནས་ཚུལ་བསྡུ་རུབ་དང་དབྱེ་ཞིབ་བྱེད་པ་དང་། འགག་སྒོའི་ཐག་གཅོད་བྱེད་ཐབས་ལག་བསྟར་སྒྲིག་འཛུགས་བྱེད་པ། འགག་སྒོའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་སོགས་འཕྲལ་སྡོམ་དོན་རྐྱེན་གྱི་འབྲེལ་ཡོད་ལས་ཀའི་འགན་འཁུར་དགོས། 

(དྲུག) ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ལ་ཁྲིམས་བཀོད་ཞིབ་བཤེར་བྱེད་པར་འགན་འཁུར་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གསལ་འབྱེད་དང་། ཚོད་ལྟས་ར་སྤྲོད། སྤུས་ཚད་ཉེན་མེད་ཡོང་བ་སོགས་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ། ནང་འདྲེན་བྱས་པའི་བཟའ་བཅའ་དང་བྱུག་རྫས་ཀྱི་ཞིབ་དཔྱད་ནད་ཡམས་བརྟག་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་གཞིགས་ནས་བཟའ་བཅའ་ཕྱིར་གཏོང་གི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ། 

(བདུན) འགག་སྒོའི་ཉེན་འགོག་དོ་དམ་བྱེད་པར་འགན་འཁུར་རྒྱུ། འགག་སྒོའི་ཉོ་ཚོང་བརྟག་དཔྱད་དང་། ཚོང་རར་བརྟག་དཔྱད། ཉེན་ཁར་ལྟ་ཞིབ་ཚད་ལེན་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ཉེན་ཁ་དཔྱད་དཔོག་དང་། ཉེན་ཁར་ལྟ་ཞིབ་ཚད་ལེན། རྗེས་འདེད་ལམ་ལུགས། ཉེན་ཁར་དོ་དམ་དང་སྔོན་འགོག་ཚོད་འཛིན་ལམ་སྲོལ་བཅས་འཛུགས་དགོས། འགག་སྒོའི་ཡིད་རྟོན་དོ་དམ་ལག་བསྟར་བྱས་ནས་འགག་སྒོར་ཞིབ་བཤེར་བྱེད་པར་འགན་འཁུར་རྒྱུ། 

(བརྒྱད) རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་ཉོ་ཚོང་སོགས་འགག་སྒོར་བསྡོམས་རྩིས་བྱེད་པར་འགན་འཁུར་ནས། འགག་སྒོའི་བསྡོམས་རྩིས་ཆ་འཕྲིན་དང་འགག་སྒོའི་བསྡོམས་རྩིས་གྲངས་གཞི་ཡོངས་བསྒྲགས་བྱེད་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་སྒྲིག་འཛུགས་བྱས་ནས་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཆ་འཕྲིན་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་དགོས། 

(དགུ) རྒྱལ་ཡོངས་ཀྱི་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་འགན་འཁུར་དགོས། ལྐོག་འདྲེན་དང་སྒྲིག་འགལ་གྱི་གྱོད་གཞི་དོ་དམ་བྱེད་ཁོངས་སུ་ཚུད་པའི་ལྐོག་འདྲེན་ཉེས་གསོག་གི་གྱོད་གཞི་མྱུལ་ཞིབ་དང་། བཀག་ཉར། འཛིན་བཟུང་། གྲ་སྒྲིག འདྲི་གཅོད་བཅས་ཀྱི་ལས་ཀའི་འགན་འཁུར་རྒྱུ་དང་། འགག་སྒོས་ལྐོག་འདྲེན་འཛིན་བཟུང་གི་ལས་དོན་སྒྲིག་འཛུགས་བྱ་རྒྱུ། 

(བཅུ) འགག་སྒོའི་ཚན་རྩལ་གོང་སྤེལ་འཆར་འགོད་དང་། ཚོད་ལྟ་ཁང་འཛུགས་སྐྲུན། ལག་རྩལ་འགན་སྲུང་འཆར་གཞི་བཅས་གཏན་འབེབས་དང་ལག་བསྟར་བྱེད་པར་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཚན་རིག་ཞིབ་འཇུག་དང་ལག་རྩལ་ནང་འདྲེན་ལས་ཀ་སྒྲིག་འཛུགས་བྱེད་དགོས། 

(བཅུ་གཅིག) འགག་སྒོའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་བྱེད་པར་འགན་འཁུར་རྒྱུ། རྒྱལ་ཁབ་ཀྱི་ཚབ་བྱས་ནས་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་གྲོས་ཆོད་དང་། གྲོས་མཐུན་བྱ་དགོས། 

(བཅུ་གཉིས) རྒྱལ་ཡོངས་ཀྱི་འགག་སྒོར་ཐད་ཀར་དོ་དམ་བྱ་རྒྱུ། 

(བཅུ་གསུམ) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས། 

(བཅུ་བཞི) འགན་ནུས་བསྒྱུར་བ། 

1. ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲལ་སྒོའི་བདེ་འཇགས་ནན་ཏན་གྱིས་སྲུང་ཞིང་། ཉེན་ཁའི་དོ་དམ་གཙོ་གནད་དུ་བྱས་ནས་ཉེན་ཁའི་ཆ་འཕྲིན་གཅིག་སྡུད་དང་། གཅིག་གྱུར་དབྱེ་ཞིབ་ཞིབ་གཅོད། གཅིག་སྡུད་བཀོད་འདོམས་ཐག་གཅོད་བཅས་ཀྱི་ཉེན་ཁའི་དོ་དམ་སྔོན་འགོག་ཚོད་འཛིན་ལམ་སྲོལ་གང་མགྱོགས་ཀྱིས་བཙུགས་ཏེ་ལྟ་སྐུལ་དོ་དམ་ཁྱབ་ཁོངས་དེ་འགག་སྒོ་སྒྲོལ་བའི་རྒྱལ་མཚམས་ནས་འགྲོ་འོང་གི་ཁྱོན་ཡོངས་དང་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་དེ་ཁག་བགོས་ལས་སྒྲུབ་ནས་སྤྱི་ཡོངས་དང་ལེགས་བསྡུས་ཞིབ་གཉེར་ཕྱོགས་སུ་བསྒྱུར་བ། ལྟ་སྐུལ་དོ་དམ་གྱི་གནད་ལ་འཁེལ་ཚད་སྔར་བས་མཐོ་རུ་གཏོང་བ། དཔལ་འབྱོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ། ཕྱི་རྒྱལ་གྱི་གད་སྙིགས་དང་བ་སོ་ལྐོག་ཚོང་སོགས་སྣོད་བཅུད་བདེ་འཇགས་དང་མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་དངོས་ཟོག་དང་། འགོས་ནད། ནད་དང་འབུའི་གནོད་འཚེ་སོགས་རྒྱལ་སྒོའི་ཕྱི་རོལ་དུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པའོ། ། 

2.ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ཉོ་ཚོང་སྟབས་བདེ་ཡོང་བར་བྱ་དགོས། འགག་སྒོའི་ལས་སྒྲུབ་ནང་དོན་བསྡུ་སྒྲིལ་བྱས་ནས་ཞིབ་མཆན་འགོད་པའི་དོན་ཚན་སྔར་བས་ཉུང་དུ་གཏོང་བ་དང་། བྱ་བའི་ཁྲོད་ཀྱི་ལས་སྒྲུབ་དང་འགྲོ་ལུགས་ཉུང་དུ་གཏོང་བ། “ཞིབ་བཤེར་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་བ། “མང་བཤེར་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་བ། འགག་སྒོ་སྒྲོལ་བའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱེད་དགོས། སྲིད་དོན་ཞབས་ཞུའི་ཐོན་ཁུངས་དང་། གཞི་གྲངས་སྣ་ཚོགས་སྡེབ་སྒྲིག ། རྒྱལ་སྤྱིའི་ཉོ་འཚོང་གི་“སྐར་ཁུང་རྐྱང་པ་”མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཁེ་ལས“ཐོ་འགོད་ཐེངས་གཅིག་དང་། དྲ་ཐོག་ཀུན་ཏུ་སྦྲེལ་བའི་གཞུང་ལས་ཁང”མངོན་འགྱུར་བྱ་དགོས། “དྲ་སྦྲེལ+འགག་སྒོ”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། འགག་སྒྲོལ་དཔྱད་ཡིག་ཐོ་འགོད་སྙན་སེང་དང་། རྒྱལ་ཡོངས་ཐུན་མོང་དུ་སྤྱོད་པ། ཐེངས་གཅིག་ལ་ཡར་སྤྲོད་དང་། མཉམ་སྤྱོད། བསྐྱར་སྤྱོད་བཅས་བྱེད་དགོས། ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཆ་འཕྲིན་སྤྱི་པའི་ཞབས་ཞུའི་ལས་སྟེགས་གང་མགྱོགས་འཛུགས་པ་དང་། རྒྱལ་ཁབ་ཁག་གི་ཕྱིར་གཏོང་ནང་འདྲེན་ཐོན་རྫས་ཀྱི་ཚད་གཞི་དང་། ལག་རྩལ་ཁྲིམས་སྲོལ། འགག་སྒོའི་ལྟ་སྐུལ། དོ་དམ་གྱི་སྲིད་ཇུས་དང་བྱེད་ཐབས་སོགས་བསྡུ་རུབ་དང་གསེད་བཀྲོལ་བྱས་ཏེ། ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་སྟབས་བདེའི་འདྲི་རྩད་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཆ་འཕྲིན་རིན་མེད་དམ་ཡང་ན། རིན་གོང་་དམའ་བའི་སྒོ་ནས་སྒོ་འབྱེད་ཐུབ་པ་བྱ་དགོས། 

3 འགོ་ཁྲིད་རིམ་བྱོན། 
3_1 ད་ལྟའི་འགོ་ཁྲིད།

ཉི་གཡོད་ཧྥུང་། ཧྲུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། 

ཧུའུ་ཝེ། ཧྲུའུ་ཀྲང་གཞོན་པ་དང་། ཆབ་སྲིད་པུའུ་ཡི་ཀྲུའུ་རེན། 

ཝང་ལིན་ཅོན། ཧྲུའུ་ཀྲང་གཞོན་པ་དང་ཡུས་བཅས་ཡིན། 

ཙོའུ་ཀྲི་ཝུའུ། ཧྲུའུ་ཀྲང་གཞོན་པ།

ལི་གོ་ཡི། ཧྲུའུ་ཀྲང་གཞོན་པ།

ཀྲང་ཅི་ཝུན། ཧྲུའུ་ཀྲང་གཞོན་པ།

ཞུས་ལུའོ་ཏེས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། 

ཀྲང་ཀོང་ཀྲེ། རྒྱལ་ཁབ་འགག་སྒོ་གཞུང་ལས་ཁང་གི་ཀྲུའུ་རེན་དང་གཞུང་དོན་ཐིང་གི་ཀྲུའུ་རེན།  

3_2 སྔོན་བྱོན་འགོ་ཁྲིད།

ཁུང་ཡོན། སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1949ལོའི་ཟླ་དང་པོའི་བར། (ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས་ཀྱི་སྔོན་བྱོན་འགོ་ཁྲིད)

ཝང་རུན་ཧྲེང་། (སྤྱི་ལོ1980ལོ་ནས་སྤྱི་ལོ1985ལོའི་བར ) 

ཏའེ་ཅེ། (སྤྱི་ལོ1985ལོ་ནས་སྤྱི་ལོ1993ལོའི་བར ) 

ཆན་ཀོན་ལིན། (སྤྱི་ལོ1993ལོ་ནས་སྤྱི་ལོ2001ལོའི་ཟླ4པར)    

ཧྲེང་ཀོང་ཙུའུ། 2008ལོའི་ཟླ་3པ་ནས་སྤྱི་ལོ2011ལོའི་ཟླ2པའི་བར།) 

ཡུས་ཀོང་ཀྲོའུ། (སྤྱི་ལོ2011ལོའི་ཟླ་4པ་ནས་སྤྱི་ལོ2018ལོའི་ཟླ་3པའི་བར) 

ཉི་གཡོད་ཧྥུང་། (སྤྱི་ལོ2018ལོའི་ཟླ3པར)

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-30

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།