འབྱོར་འབྲིང་སྤྱི་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྱོར་འབྲིང་སྤྱི་ཚོགས།
འབྱོར་འབྲིང་སྤྱི་ཚོགས་ནི་གནའ་བོའི་བསམ་བློ་བ་དག་གིས་བྲིས་པའི་ཡིད་འཕྲོག་པའི་སྤྱི་ཚོགས་ཀྱི་ཕུགས་བསམ་ཞིག་ཡིན་ཞིང་། ཆེས་སྤྱིར་བཏང་གི་མང་ཚོགས་ཀྱིས་ཕྱུག་འགྱུར་དང་ཟས་གོས་ལ་སོགས་པའི་འཚོ་བའི་རེ་སྙེག་གི་ཕུགས་བསམ་མཚོན་པ་ཡིན། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ནི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་པ་ཁོ་ན་ཙམ་མ་ཡིན་ཏེ། ཆབ་སྲིད་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱོན་ཡོངས་ནས་གྲོང་གསེབ་དང་གྲོང་ཁྱེར་སོགས་ཀྱི་དགོས་མཁོ་སྐོང་བ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小康社会
ཕྱི་ཡིག་གི་མིང་།
moderately prosperous society;well-off society
ངོ་བོ།
འབྱོར་འབྲིང་འཚོ་བ།
གོ་དོན།
དཔལ་འབྱོར་གོ་དོན།
དགོངས་པ་འདོན་མཁན།
ཏེང་ཞའོ་ཕིན།
དུས་ཚོད།
སྤྱི་ལོ1979ལོའི་ཟླ12པའི་ཚེས6ཉིན།
1 ​འབྱོང་འབྲིང་སྤྱི་ཚོགས། 

འབྱོར་འབྲིང་སྤྱི་ཚོགས་ནི་གནའ་བོའི་བསམ་བློ་བ་དག་གིས་བྲིས་པའི་ཡིད་འཕྲོག་པའི་སྤྱི་ཚོགས་ཀྱི་ཕུག་བསམ་ཞིག་ཡིན་ཞིང་། ཆེས་སྤྱིར་བཏང་གི་མང་ཚོགས་ཀྱིས་ཕྱུག་འགྱུར་དང་ཟས་གོས་ལ་སོགས་པའི་འཚོ་བའི་རེ་སྙེག་གི་ཕུགས་བསམ་མཚོན་པ་ཡིན།  ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ནི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་པ་ཁོ་ན་ཙམ་མ་ཡིན་ཏེ། ཆབ་སྲིད་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱོན་ཡོངས་ནས་གྲོང་གསེབ་དང་གྲོང་ཁྱེར་སོགས་ཀྱི་དགོས་མཁོ་སྐོང་བ་ཡིན་ལ། ཚོགས་ཆེན་བཅུ་དྲུག་པའི་སྙན་སྒྲོན་ནང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། རྒྱུན་མཐུད་འཕེལ་རྒྱས་བཅས་ཕྱོགས་བཞིའི་ཐད་ནས་འབྱོར་འབྲིང་གི་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་ནུས་པ་གཏན་འཁེལ་བྱས་པའི་བླང་བྱ་ཚུད་ཡོད། བྱེ་བྲག་ཏུ“སྔར་ལས”དྲུག་ཡོད་དེ། དཔལ་འབྱོར་སྔར་ལས་འཕེལ་རྒྱས་དང་། དམངས་གཙོ་སྔར་ལས་འཐུས་ཚང་། ཚན་རྩལ་སྔར་ལས་ཡར་ཐོན། རིག་གནས་སྔར་ལས་དར་རྒྱས། སྤྱི་ཚོགས་སྔར་ལས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་སྔར་ལས་ཕྱུག་འགྱུར་བཅས་ཡིན་ནོ། །

སྤྱི་ལོ1992ལོར་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྣམ་པ་བསྒྱུར་བ་ནས་བཟུང་། དངོས་སུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྒྱུར་ཞིང་། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་བཅོས་བསྒྱུར་སྒོ་འབྱེད་འཐབ་ཇུས་ཁྲོད་ཀྱི་ནང་གསེས་ཤིག་ཡིན་ནོ། །

སྤྱི་ལོ1979ལོའི་ཟླ12པའི་ཚེས6ཉིན། ཏེང་ཞའོ་ཕིན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཏ་ཕིན་ཀྲེང་ཧྥ་ལ་མཇལ་འཕྲད་གནང་སྐབས་གསུངས་དོན། “ང་ཚོའི་དེང་རབས་ཅན་བཞིའི་གོ་དོན་ནི་ཁྱོད་ཚོ་ལྟ་བུའི་དེང་རབས་ཅན་གྱི་གོ་དོན་མ་ཡིན་པར“འབྱོར་འབྲིང་གི་ཁྱིམ་ཚང”ཡིན་ཞེས་པ་དང་། སྤྱི་ལོ1984ལོའི་ཟླ3པའི་ཚེས25ཉིན། ཏེང་ཞའོ་ཕིན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀྲུང་ཙེང་ཀེན་ཁང་ཧུང་ལ་མཇལ་འཕྲད་གནང་སྐབས་གསུངས་དོན། “ལྡབ་གསུམ་འཕར་བ་དང་རྒྱལ་དམངས་ཐོན་སྐྱེད་སྤྱིའི་རིན་ཐང་མི་རེར་ཆ་སྙོམས་ཨ་སྒོར་བརྒྱད་བརྒྱ་ལ་བསླེབས་པ་དེ་ནི་དུས་རབས་འདིའི་མཇུག་ཏུ་ཀྲུང་གོར་འབྱོར་འབྲིང་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱས་པ་ཡིན། འདི་འདྲའི་འབྱོར་འབྲིང་སྤྱི་ཚོགས་ལ་ཀྲུང་ལུགས་དེང་རབས་ཅན་ཟེར། ལྡབ་གསུམ་འཕར་བ། འབྱོར་འབྲིང་སྤྱི་ཚོགས། ཀྲུང་ལུགས་དེང་རབས་ཅན་བཅས་ནི་ང་ཚོའི་གོ་དོན་གསར་བ་ཡིན” ཞེས་པའི་གོ་དོན་གསར་པ་བཏོན་པ་དེས་རང་རྒྱལ་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱ་རྒྱུའི་དམིགས་འབེན་གསལ་པོ་ཞིག་བཏོན་ཡོད།

2 ཁྱོན་ཡོངས་ཀྱི་འབྱོར་འབྲིང་།

ཁྱོན་ཡོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ལོ2020ལོའི་འབད་འཐབ་ཀྱི་དམིགས་འབེན་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱི་གཞི་རྩའི་ཁེ་ཕན་ཡིན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོའི་མི་དམངས་ཀྱིས་མཉམ་དུ་ཧུར་ཐག་གིས་དུས་རབས20པའི་མཇུག་ཏུ་རང་རྒྱལ་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཚད་གཞི་ལོན་པར་འགོ་འཛུགས་པ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱུས་ཀྱི་ལོ་རྒྱུས་སྟེང་གི་རྡོ་རིང་གསར་བ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ནས་བཟུང་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་ཟིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་སྔར་ལས་ལེགས་པའི་འཚོ་བ་རོལ་ཐུབ་པའི་རེ་བ་གསར་པའི་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཕྱོགས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་གཞི་རྩའི་དམིགས་འབེན་དང་གཞི་རྩའི་རྩ་འཛིན་མཐའ་འཁྱོངས་བྱས་ཏེ་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་གཏན་འབེབས་བྱས་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་གྱི་རྨང་གཞིའི་ཐོག་རང་རྒྱལ་འཕེལ་རྒྱས་གཏོང་བར་ཕྱོགས་ལྔའི་ཐད་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ལ།  ང་ཚོས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་གནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་བསྟུན་མདུན་བསྐྱོད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་རྒྱུན་མེད་པར་ཕུན་སུམ་ཚོགས་པར་གཏོང་དགོས།

གཅིག  དཔལ་འབྱོར་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་ཕྱོགས་ཀྱི་དམིགས་འབེན་ནི། 1) རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་འབོར་ཇེ་མཐོར་བཏང་སྟེ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནི་སྤྱི་ལོ2020ལོར་སྤྱི་ལོ2000ལོ་ལས་ལྡབ་གསུམ་འཕར་ཏུ་འཇོག་པ།  2)བཟོ་ལས་ཅན་ལེགས་འགྲུབ་བྱ་རྒྱུའི་ལས་འགན་ནན་བཤད་བྱས་ཏེ།  གཞི་རྩའི་ཆ་ནས་བཟོ་ལས་ཅན་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་ཞིག་འཛུགས་རྒྱུ་དང་། སྔར་ལས་གསོན་ཤུགས་ལྡན་ཞིང་སྒོ་འབྱེད་པའི་དཔལ་འབྱོར་མ་ལག་འཛུགས་རྒྱུ།  3)གྲོང་ཁྱེར་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། གྲོང་ཁྱེར་དང་གྲོང་བརྡལ་གྱི་མི་འབོར་གྱི་བསྡུར་ཚད་ཅུང་ཇེ་མཐོར་གཏོང་བ་དང་། བཟོ་ཞིང་བར་གྱི་ཁྱད་པར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར། ས་ཁུལ་བར་གྱི་ཁྱད་པར་བཅས་ཇེ་ཆེར་འགྲོ་ཚུལ་རིམ་བཞིན་བསྒྱུར་དགོས་ཞེས་བཏོན་ཡོད།  4)མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པའི་ཡོང་འབབ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་ནན་བཤད་བྱས་ཏེ། སྤྱི་ཚོགས་འགན་སྲུང་མ་ལག་ཅུང་འཐུས་ཚང་དང་། སྤྱི་ཚོགས་ལས་ཞུགས་ཅུང་ལེགས་པ། ཁྱིམ་ཚང་གི་རྒྱུ་ནོར་ཡོངས་ཁྱབ་ཏུ་འཕར་སྣོན་འབྱུང་བ། མི་དམངས་ཀྱིས་སྔར་ལས་འབྱོར་ཕྱུག་ལྡན་པའི་འཚོ་བ་རོལ་ཐུབ་པ་བཅས་བཏོན་ཡོད།

གཉིས། དཔལ་ཡོན་ཆབ་སྲིད་འཛུགས་ཀྱི་ཕྱོགས་ཀྱི་དམིགས་འབེན་ནི།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རིང་ལུགས་སྔར་ལས་ལེགས་པའི་མཐུས་ཚང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམ་ལུགས་སྔར་ལས་ཆ་ཚང་། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་གཞི་རྩའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཐུབ་པ། མི་དམངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུན་ནན་མོ་འཐོབ་དགོས། གཞི་རིམ་དམངས་གཙོ་སྔར་ལས་མཐུས་ཚང་དང་སྤྱི་ཚོགས་ཀྱི་སྒྲིག་རིམ་བཟང་བ། མི་དམངས་དུས་བདེ་ལས་བརྩོན་བྱེད་པ་བཅས་བཏོན་ཡོད་དོ། །

གསུམ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་ཚན་སློབ་རིག་གནས་འཕེལ་རྒྱས་ཕྱོགས་ཀྱི་དམིགས་འབེན་ནི། ཁྱོན་ཡོངས་ཀྱི་མི་རིགས་སོ་སོའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་རིག་གནས་ཀྱི་སྤུས་ཚད། བདེ་ཐང་གི་སྤུས་ཚད་སོགས་ནི་མངོན་གསལ་གྱིས་ཇེ་མཐོར་བཏང་སྟེ། དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་དང་ཚན་རྩལ་དང་རིག་གནས་གསར་གཏོད་ཀྱི་མ་ལག  དམངས་ཡོངས་ཀྱི་ལུས་སྦྱོང་དང་སྨན་བཅོས་འཕྲོད་སྟེན་མ་ལག་སོགས་མཐུས་ཚང་ཆགས་ཏུ་འཇུག་པ། མི་དམངས་ཀྱིས་སློབ་གསོ་བཟང་པོ་དང་ལེན་བྱེད་པའི་གོ་སྐབས་ཡོད་པ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་རྨང་གཞིའི་སློབ་གསོ་ཁྱད་བརྡལ་བཏང་སྟེ། ཡིག་རྨོངས་བསལ་དགོས།  དམངས་ཡོངས་ཀྱིས་སློབ་སྦྱོང་དང་མི་ཚེ་གང་པོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རིམ་བཞིན་གྱི་སྤྱི་ཚོགས་སུ་འགྱུར་བར་བྱས་ཏེ། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་སོགས་བཏོན་ཡོད་དོ། །

བཞི། སྤྱི་ཚོགས་འཛུགས་སྐྲུན་ཕྱོགས་ཀྱི་དམིགས་འབེན་ནི། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ངེས་པར་དུ་སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད་པ་དེ་ཡིན།

ལྔ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དམིགས་འབེན་ནི། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ནུས་ཤུགས་མཚམས་མ་ཆད་པར་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་འཐུས་ཚང་ཅན་ཏུ་འགྱུར་བ་དང་། ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཆོད་མངོན་གསལ་དགོས་མཐོ་རུ་འགྲོ་བ། མི་དང་རང་བྱུང་བར་གྱི་འཆམ་མཐུན་སྐུལ་འདེད་བྱེད་པ། སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་ཕྱུག་པོར་ཆགས་པ། སྤུས་ལེགས་པའི་སྐྱེ་ཁམས་ནི་དཔལ་ཡོན་གྱི་ལམ་དུ་འགྲོ་བ་བཅས་ལ་སྐུལ་མ་གཏོང་དགོས་སོ། །

3 འབྱོར་འབྲིང་སྤྱི་ཚོགས་ཀྱི་བླང་བྱ།

ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ནི་མི་མང་པོར་ཕན་པའི་འབྱོར་བ་འབྲིང་པ་སྟེ། སྡོད་དམངས་ཀྱི་ཡོང་འབབ་སྙོམ་སྒྲིག་དང་ཡོང་འབབ་ཆེས་དམའ་གྲས་ཅན་དག་གི་ཡོང་སྒོ་ཇེ་མཐོར་བཏང་སྟེ།  ཧུར་ཐག་གིས་ཡོང་འབབ་འབྲིང་གྲས་ཀྱི་བསྡུར་ཚད་ཆེ་རུ་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ནམ་གཞི་རྩའི་བླང་བྱ་ཡིན་ནོ། །

4 དོན་སྙིང་།

སྤྱི་ལོ2020ལོར་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱེད་སྐབས། ང་ཚོའི་ལོ་རྒྱུས་རིང་ཞིང་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་འདིས། མ་འོངས་པའི་བཟོ་ལས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང་། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། རྒྱལ་ནང་གི་ཁྲོམ་རའི་སྤྱིའི་ཚད་གཞི་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བ། མི་དམངས་ཕྱུག་པོར་འགྱུར་ཚད་ཡོངས་ཁྱབ་ཏུ་མཐོ་རུ་འགྲོ་བ། འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་དང་སྐྱེ་ཁམས་ཁོར་ཡུག་བཟང་བ་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བ། མི་དམངས་ལ་དམངས་གཙོའི་ཁེ་དབང་སྔར་ལས་ལེགས་པ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དཔལ་ཡོན་སྔར་ལས་དར་ཞིང་བྱང་ཚད་མཐོ་བ་དང་བསམ་པའི་དཔལ་ཡོན་བརྩོན་ལེན་བྱེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བ་དང་། ཕྱོགས་གང་ཅིའི་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་བ། སྤྱི་ཚོགས་ལ་སྔར་ལས་གསོན་ཤུགས་ལྡན་ལ་ལྷིང་འཇགས་དང་མཐུན་སྒྲིལ་ཡང་ཡོད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བ། ཕྱི་ཕྱོགས་ལ་སྒོ་སྔར་ལས་ཆེ་བར་འབྱེད་དེ། མཉམ་འདྲེས་ཀྱི་ནུས་པ་སྔར་ལས་ཆེན་པོ་ལྡན་པ། མིའི་རིགས་ཀྱི་ཤེས་རིག་ལ་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་འཇོག་པ་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-25

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།