ཙ་ཏ་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙ་ཏ་ར།
སྔོ་སྨན་གྱི་རིགས་ཤིག་སྟེ། རྩ་བ་ཐུང་ལ་རྟིང་པ་ཕྲ་བ་དྲེག་པ་ནག་པོ་དང་སྟོད་ཆར་ཤུན་པ་སྐྱ་སོབ་ཀྱིས་གཡོགས་པ། དེ་ལས་གྱེས་པའི་ལོ་རྐང་རིང་པོའི་རྩེར་སྦར་དབྱིབས་ཀྱི་ལོ་མ་ཉག་ཆེན་སྤུ་ཆུང་ཐུང་ངུ་རེག་བྱ་རྩུབ་ཞད་ཡོད་པ་ཆེ་ལ་གསུམ་འབྲེལ་གྱིས་རྩེ་ལྔའི་རྣམ་པ་ཅན་མང་པོ་སྤུངས་པའི་དབུས་ནས། ངར་པ་ཁོང་སྟོང་ལྗང་སྐྱ་ཤིན་ཏུ་སྲ་ཞིང་ཕྲ་ལ་རིང་བ། སྟོད་ཆར་ཡལ་ག་གདུགས་རྩིབ་ལྟ་བུ་ཡལ་ཕྲན་དང་བཅས་མཐོ་ཚད་སྨི0.3-0.7ཙམ་ཟིན་པ། ཟླ་བ5-6པར་མེ་ཏོག་དཀར་པོ་འདབ་མ་ལྔ་དང་ཟེ་འབྲུ་སེར་སྐྱ་ཅན་འཆར་ཞིང་ཟླ7-8པར་ནས་སྔོན་འདྲ་བ་སྣེ་ལྕགས་ཀྱུ་ཅན་མང་པོ་ཚོམ་བུར་སྐྱེ་བ་དེའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
草玉梅
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

སྔོ་སྨན་གྱི་རིགས་ཤིག་སྟེ། རྩ་བ་ཐུང་ལ་རྟིང་པ་ཕྲ་བ་དྲེག་པ་ནག་པོ་དང་སྟོད་ཆར་ཤུན་པ་སྐྱ་སོབ་ཀྱིས་གཡོགས་པ། དེ་ལས་གྱེས་པའི་ལོ་རྐང་རིང་པོའི་རྩེར་སྦར་དབྱིབས་ཀྱི་ལོ་མ་ཉག་ཆེན་སྤུ་ཆུང་ཐུང་ངུ་རེག་བྱ་རྩུབ་ཞད་ཡོད་པ་ཆེ་ལ་གསུམ་འབྲེལ་གྱིས་རྩེ་ལྔའི་རྣམ་པ་ཅན་མང་པོ་སྤུངས་པའི་དབུས་ནས། ངར་པ་ཁོང་སྟོང་ལྗང་སྐྱ་ཤིན་ཏུ་སྲ་ཞིང་ཕྲ་ལ་རིང་བ། སྟོད་ཆར་ཡལ་ག་གདུགས་རྩིབ་ལྟ་བུ་ཡལ་ཕྲན་དང་བཅས་མཐོ་ཚད་སྨི0.3-0.7ཙམ་ཟིན་པ། ཟླ་བ5-6པར་མེ་ཏོག་དཀར་པོ་འདབ་མ་ལྔ་དང་ཟེ་འབྲུ་སེར་སྐྱ་ཅན་འཆར་ཞིང་ཟླ7-8པར་འབྲས་བུ་ནས་སྔོན་འདྲ་བ་སྣེ་ལྕགས་ཀྱུ་ཅན་མང་པོ་ཚོམ་བུར་སྐྱེ་བ། རོ་ཤིན་ཏུ་ཚ་བ། ཁུ་བ་ལུས་ལ་རེག་པས་ཆུ་བུར་རྡོལ་བ་འདི་སྲུབ་ཀ་དངོས་སོ༎ འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་ཙ་ཏ་ར༎ ཐང་དང་ཞིང་མུ་སྲུབ་ལས་སྐྱེ༎ ལོ་མ་སེང་གེའི་སྡེར་མོ་འདྲ༎ སྡོང་པོ་དབུས་ནས་ཕྱོགས་སུ་གྱེས༎ ངར་པ་ལྕགས་ཀྱི་སྐུད་པ་འདྲ༎ མེ་ཏོག་དཀར་པོ་འདབ་ལྔ་ལྡན༎ འབྲས་བུ་ནས་སྔོན་ལྕགས་ཀྱུའི་མཆུ༎ རོ་ནི་ཁ་ལ་རབ་ཏུ་ཚ༎ ནུས་པས་དྲོད་སྐྱེད་གྲང་སྐྲན་འཇོམས༎ ཞེས་གསུངས། སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ་ཟླ8-9པར་བཏུས་ནས་ཉི་སྐམ་བྱ། རོ་ནུས། རོ་ཚ། ཞུ་རྗེས་དྲོ། ནུས་པས་རྨ་སོགས་རུལ་བ་གཅོད། མེ་དྲོད་སྐྱེད། གྲང་སྐྲན་འཇོམས། ཆུ་སེར་འདྲེན། སྦྲུལ་དུག་ཞི། 

2 སྐྱེ་གནས།

འདི་མཚོ་ངོས་ལས་སྨི1750-4200བར་གྱི་ཉིན་སྲིབ་ཀུན་གྱི་ཐང་དང་། ལམ་རྒྱུད་དང་ཞིང་མུ་སོགས་གང་དུའང་འཁྲུངས།

3 སྨན་སྦྱོར།

སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ་ཟླ8-9པར་བཏུས་ནས་ཉི་སྐམ་བྱ། 

4 ངོ་བོ།

རོ་ཚ། ཞུ་རྗེས་དྲོ།

5 ཕན་ནུས།

རྨ་སོགས་རུལ་བ་གཅོད། མེ་དྲོད་སྐྱེད། གྲང་སྐྲན་འཇོམས། ཆུ་སེར་འདྲེན། སྦྲུལ་དུག་ཞི།


བརྡ་འགྲེལ་གདོང་འཛར།

སྐྱེ་དངོས། སྔོ་སྨན། རྩ་བ། མེ་ཏོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།