ཛི་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཛི་ར།
ལོ་གཅིག་གམ་གཉིས་སུ་སྨིན་པའི་སྔོ་རིགས་ཤིག་སྟེ། སྐྱེ་ཚུལ་ངར་པ་འཇམ་ལ་སྤུ་མེད་པ་མཐོ་ཚད་སྨི0.2-0.4ཙམ་ཟིན་པ། ལོ་མ་ལྗང་སིབ་ཉག་ཆེན་ཅན་ཕྲ་ཞིབ་སྐུད་པའི་དབྱིབས་ཅན་རེས་མོས་སུ་སྐྱེ་བ། རྩེར་གདུགས་དབྱིབས་ཆུན་པོར་མེ་ཏོག་ཟིང་དཀར་རམ་དཀར་ཞིབ་མང་དུ་འཆར་པ་ཞིག་ཡིན། འཁྲུངས་དཔེར། ཟི་ར་དཀར་པོ་ལྡུམ་རར་སྐྱེ༎ ལོ་མ་ཕྲ་ལ་ཉ་ག་ཅན༎ མེ་ཏོག་དཀར་པོ་གདུགས་ཀྱི་ཚུལ༎ འབྲས་བུ་དག་ནི་གོ་སྙོད་འདྲ༎ རོ་ནི་ཚ་ལ་མངར་བ་ཡིན༎ རང་གི་ནུས་པས་བད་ཀན་དང་༎ མ་ཞུའི་ནད་རྣམས་སེལ་བར་བྱེད༎ ཅེས་གསུངས་སོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孜然芹
ཁོངས་གཏོགས།
ལྡུམ་སྨན་གྱི་རིགས།
མིང་གཞན།
ཤྭེ་ཛི་ར། ཇི་ར། ཟི་ར་དཀར་པོ།
1 ངོ་སྤྲོད།

ལོ་གཅིག་གམ་གཉིས་སུ་སྨིན་པའི་སྔོ་རིགས་ཤིག་སྟེ། སྐྱེ་ཚུལ་ངར་པ་འཇམ་ལ་སྤུ་མེད་པ་མཐོ་ཚད་སྨི0.2-0.4ཙམ་ཟིན་པ། ལོ་མ་ལྗང་སིབ་ཉག་ཆེན་ཅན་ཕྲ་ཞིབ་སྐུད་པའི་དབྱིབས་ཅན་རེས་མོས་སུ་སྐྱེ་བ། རྩེར་གདུགས་དབྱིབས་ཆུན་པོར་མེ་ཏོག་ཟིང་དཀར་རམ་དཀར་ཞིབ་མང་དུ་འཆར་པ་ཞིག་ཡིན། འཁྲུངས་དཔེར། ཟི་ར་དཀར་པོ་ལྡུམ་རར་སྐྱེ༎ ལོ་མ་ཕྲ་ལ་ཉ་ག་ཅན༎ མེ་ཏོག་དཀར་པོ་གདུགས་ཀྱི་ཚུལ༎ འབྲས་བུ་དག་ནི་གོ་སྙོད་འདྲ༎ རོ་ནི་ཚ་ལ་མངར་བ་ཡིན༎ རང་གི་ནུས་པས་བད་ཀན་དང་༎ མ་ཞུའི་ནད་རྣམས་སེལ་བར་བྱེད༎ ཅེས་དང་། འདྲ་ཡིག་ལས། ཟི་ར་དཀར་པོ་གོ་སྙོད་འདྲ༎ ཞེས་གསུངས་སོ༎ རོ་ཚ་མངར། ཞུ་རྗེས་སྙོམས། ནུས་པས་གློ་བའི་ཚད་པ་སེལ། དྲོད་སྐྱེད། ཟས་འཇུ། ཡི་ག་འབྱེད། མ་ཞུའི་ནད་རྣམས་སེལ་ཞིང་སྲོག་རླུང་འཇོམས། 

2 སྐྱེ་གནས།

ཐོག་མར་ཨའེ་ཅིས་དང་། ཨའེ་སེ་ཨོ་པི་ཡ་དང་། ཏི་ཀྲུང་རྒྱ་མཚོའི་འགྲམ་བཅས་སུ་ཐོན་ཞིང་། རྗེས་སུ་རིམ་བཞིན་ཤིན་ཅང་སོགས་སུ་འདེབས་འཛུགས་བྱེད་ཀྱི་ཡོད།

3 སྨན་སྦྱོར།

སྤྱི་ཟླ8-9བར་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་ཚ་མངར། ཞུ་རྗེས་སྙོམས། 

5 ཕན་ནུས།

གློ་བའི་ཚད་པ་སེལ། དྲོད་སྐྱེད། ཟས་འཇུ། ཡི་ག་འབྱེད། མ་ཞུའི་ནད་རྣམས་སེལ་ཞིང་སྲོག་རླུང་འཇོམས།


བརྡ་འགྲེལ་གདོང་འཛར།

སྐྱེ་དངོས། ལྡུམ་སྨན། འབྲས་བུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།