ཀཱ་ལ་ཛི་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀཱ་ལ་ཛི་ར།
ལོ་གཅིག་ནས་གཉིས་བར་སྐྱེ་བའི་ལྡུམ་རིགས་ཡིན་ཞིང་། ངར་པའི་རིང་ཚད་སྨི0.35-0.5ཙམ་ཟིན་པ། སྟོད་ཆ་ནས་ཡལ་ག་གྱེས་པ་ལོ་མ་ཉག་ཆེན་སྦར་དབྱིབས་སུམ་འབྲེལ་ཅན། ཟླ་བ6-8པར་གང་བུ་ཏིལ་གང་འདྲ་བའི་ནང་དུ་འབྲས་བུ་ནག་པོ་ཡོད། འཁྲུངས་དཔེར། ཟི་ར་ནག་པོ་ལོ་མ་སྣུམ༎ སྡོང་པོ་ཕྲ་ལ་རིང་བ་ལ༎ མེ་ཏོག་སྔོན་པོ་ཆུང་བ་ཡིན༎ འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ༎ རོ་ནི་མངར་སྣུམ་ཡིད་ཙམ་ཚ༎ ནུས་པས་ཕོ་བའི་ནད་རྣམས་སེལ༎ ཞེས་གསུངས་སོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑种草籽
ཁོངས་གཏོགས།
ལྡུམ་སྨན་གྱི་རིགས།
1 མིང་གཞན། 

ནག་པོ་ཟི་ར་དང་། ཤ་ཁྱི་བོང་ཁྱི། ཟི་ར་ནག་པོ། རྣམ་ལྡན་མ། རྒྱལ་སྟོབས། འགྲོ་བྱེད། རབ་རྐྱང་།

2 ངོ་སྤྲོད།

ལོ་གཅིག་ནས་གཉིས་བར་སྐྱེ་བའི་ལྡུམ་རིགས་ཡིན་ཞིང་། ངར་པའི་རིང་ཚད་སྨི0.35-0.5ཙམ་ཟིན་པ། སྟོད་ཆ་ནས་ཡལ་ག་གྱེས་པ་ལོ་མ་ཉག་ཆེན་སྦར་དབྱིབས་སུམ་འབྲེལ་ཅན། ཟླ་བ6-8པར་གང་བུ་ཏིལ་གང་འདྲ་བའི་ནང་དུ་འབྲས་བུ་ནག་པོ་ཡོད། འཁྲུངས་དཔེར། ཟི་ར་ནག་པོ་ལོ་མ་སྣུམ༎ སྡོང་པོ་ཕྲ་ལ་རིང་བ་ལ༎ མེ་ཏོག་སྔོན་པོ་ཆུང་བ་ཡིན༎ འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ༎ རོ་ནི་མངར་སྣུམ་ཡིད་ཙམ་ཚ༎ ནུས་པས་ཕོ་བའི་ནད་རྣམས་སེལ༎ ཞེས་གསུངས་སོ༎ སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། ནག་པོ་ཟུར་གསུམ་སུལ་ཞིབ་ཅན། ངོ་བོ་ཡང་ཞིང་བཙིར་ན་སྣུམ་ཉམས་ཡོད་པ། ཕལ་ཆེར་ཏིལ་ནག་གི་འབྲས་བུ་ཙམ་ཡོད། འདི་ལ་ཟི་ར་ནག་པོ་ཕག་ཤིག་འདྲ༎ ཞེས་གསུངས། རོ་མངར་ཚ། ཞུ་རྗེས་དྲོ། ནུས་པས་མཆིན་པའི་གྲང་བ་སེལ། མེ་དྲོད་སྐྱེད། ཕོ་བའི་ནད་སེལ། མ་ཞུ་འཇུ། 

3 སྐྱེ་གནས།

ཐོག་མར་ཏི་ཀྲུང་རྒྱ་མཚོ་དང་། ཨ་ཤེ་ཡ་གླིང་ནུབ་མ། ཡོ་རོབ་གླིང་དབུས་མ་བཅས་ནས་ཐོན་པ་དང་། ཕྱིས་སུ་ཤིན་ཅང་དང་ཤིས་ཧྲོང་པན་ན་སོགས་སུ་འདེབས་འཛུགས་བྱེད་ཀྱི་ཡོད།

4 སྨན་སྦྱོར།

སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། ནག་པོ་ཟུར་གསུམ་སུལ་ཞིབ་ཅན། ངོ་བོ་ཡང་ཞིང་བཙིར་ན་སྣུམ་ཉམས་ཡོད་པ། ཕལ་ཆེར་ཏིལ་ནག་གི་འབྲས་བུ་ཙམ་ཡོད། འདི་ལ་ཟི་ར་ནག་པོ་ཕག་ཤིག་འདྲ༎ ཞེས་གསུངས་སོ༎

5 ངོ་བོ།

རོ་མངར་ཚ། ཞུ་རྗེས་དྲོ། 

6 ཕན་ནུས།

མཆིན་པའི་གྲང་བ་སེལ། མེ་དྲོད་སྐྱེད། ཕོ་བའི་ནད་སེལ། མ་ཞུ་འཇུ།


བརྡ་འགྲེལ་གདོང་འཛར།

སྐྱེ་དངོས། ནག་པོ་ཟི་ར། ལྡུམ་སྨན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།