ཁུག་མ་སྔོག་པའི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་གང་འདོད་དུ་གཞན་གྱི་ཁུག་མ་སྔོག་བཤེར་བྱས་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་འབྲོག་བཅའ་ཁྲིམས།
ཁྱད་ཆོས།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་གང་འདོད་དུ་གཞན་གྱི་ཁུག་མ་སྔོག་བཤེར་བྱས་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

སྤྱི་ལོ2010ལོའི་ཟླ5པའི་ཚེས3ཉིན། སློབ་ཆེན་སློབ་མ་བཀྲ་ཤིས་རྒྱལ་རང་འདེམས་ཚོང་ར་ཆེན་མོ་ཞིག་དུ་དངོས་པོ་ཉོ་རུ་སོང་། སྣ་མང་དངོས་པོ་ཁྲོད་ནས་ཁོས་རང་ལ་མཁོ་བའི་དངོས་པོ་རྣམས་ཉོས་ནས་ཕྱིར་སྒོ་ཁར་འབུད་སྐབས་སྒོར་མོ་ཁ་ཚང་དུ་སྤྲད་པ་དང་། དངོས་པོ་རྣམས་རྒྱབ་ཁུག་ཏུ་བཅུག་ནས་ཕྱིར་འགྲོ་རྩིས་བྱེད་སྐབས། གློ་བུར་དུ་ཚོང་ར་དེའི་ལས་བྱེད་མི་སྣ་ཞིག་ཁོའི་གམ་དུ་ཡོང་ནས་མདུན་བཀག་སྟེ་ཁུག་མའི་ནང་སྔོག་བཤེར་བྱ་རྩིས་བྱེད་བཞིན་ཁྱོད་ཀྱིས་དངོས་པོ་འདིའི་རིན་གོང་ཨེ་སྤྲད་ཅེས་སྐད་གསང་མཐོན་པོའི་དྲིས་པར་བཀྲ་ཤིས་རྒྱལ་གྱིས་མྱུར་དུ་སྒོར་སྤྲད་ཟིན་ཞེས་ལན་བཏབ། ཡིན་ཡང་ལས་བྱེད་དེ་ཡིད་མ་ཆེས་པར་ངས་ཁྱེད་ཀྱི་གདོང་ལ་བལྟས་ན་ཁྱོད་ལ་མི་ལེགས་པའི་བྱ་སྤྱོད་ངན་པ་གོམས་འདུག འདི་ནི་ཐེངས་དང་པོ་མ་རེད་ཅེས་གདེངས་ཚོད་ཡོད་པའི་སྒོ་ནས་བཤད་པས།     བཀྲ་ཤིས་རྒྱལ་ཁོང་ཁྲོ་རབ་དུ་འབར་བའི་སྒོ་ནས་རང་ཉིད་ཀྱིས་དེ་ལྟར་མ་བྱས་པར་བདེན་དཔང་བྱས་མོད། ལས་བྱེད་མི་སྣ་དེས་ད་དུང་ཨུ་ཚུགས་ཀྱིས་ཁོ་གཞུང་ལས་ཁང་དུ་ཁྲིད་ནས་རྒྱབ་ཁུག་སར་བླངས་ཏེ་སྔོག་བཤེར་བྱས། ཡིན་ཡང་བཀྲ་ཤིས་རྒྱལ་གྱི་རྒྱབ་ཁུག་ཏུ་ཁོས་སྒོར་མོ་སྤྲད་ཟིན་པའི་དངོས་པོ་དང་འཛིན་བྱང་ལས་གཞན་ཅི་ཡང་མི་འདུག

3 ཁྲིམས་བཤད།

ཚོང་རའི་ལས་བྱེད་མི་སྣས་གང་འདོད་སྒོས་བཀྲ་ཤིས་རྒྱལ་གྱི་རྒྱབ་ཁུག་སྔོག་བཤེར་བྱེད་པའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན། རང་རྒྱལ《རྩ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་དང་ལ་རྒྱ་ལ་བཙན་གནོན་བྱས་མི་ཆོག སྤྱི་དམངས་ལ་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པར་བཀག་སྡོམ་བྱེད་རྒྱུ་ཞེས་དང་། ཡང《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་སོ་བརྒྱད་པ་ལས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་མི་ལ་སྙོན་འཛུགས་དང་ཉེས་མེད་ཉེས་འགེལ་བྱས་ནས་ནག་ཉེས་བསགས་ཚེ་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཞེས་གཏན་ལ་འཁོད་ཡོད་པ་ལྟར་བཀྲ་ཤིས་རྒྱལ་གྱི་ལ་རྒྱ་དང་ཐོབ་ཐང་། མཚན་སྙན་བཅས་ལ་གནོད་འཚེ་ཐེབས་ཟིན་པས། ཁོ་ལ་མ་ཉེས་ཁ་གཡོགས་བྱེད་མཁན་གྱི་ལས་བྱེད་མི་སྣ་དེ་ཞུ་གཏུག་བྱས་ཆོག་ལ། དེ་ནི་རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་གནངས་བའི་གཞི་རྩའི་ཁེ་དབང་ཡང་ཡིན། དེ་བས་ལས་བྱེད་མི་སྣ་དེས་གཞན་གྱི་ཁུག་མར་གང་འདོད་དུ་སྔོག་བཤེར་བྱས་ཏེ་བཀྲ་ཤིས་རྒྱལ་གྱི་མཚན་སྙན་བརླག་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས་བཀྲ་ཤིས་རྒྱལ་ལ་འགྱོད་བཤགས་དང་ཁོ་རང་ལ་ཕོག་ཐུགས་བཟོས་པར་སྐྱིན་ཚབ་འཇལ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།