ཉེ་རིང་ཆགས་སྡང་གི་གྱོད་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་རྒྱལ་ཁྲིམས་ལ་ཉེ་རིང་ཆགས་སྡང་ཡོད་དམ་ཞེས་པའི་དྲི་གཞི་བརྒྱུད་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་འབྲོག་བཅའ་ཁྲིམས།
ཁྱད་ཆོས།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་རྒྱལ་ཁྲིམས་ལ་ཉེ་རིང་ཆགས་སྡང་ཡོད་དམ་ཞེས་དྲི་གཞི་བརྒྱུད་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

སྐལ་བཟང་དང་ཀུན་དགའ་གཉིས་ནི་ཕ་སྤུན་ཡིན། ཉིན་ཞིག་སྐལ་བཟང་གི་བུས་ཀུན་དགའི་ཁྱིམ་ནས་སྒོར་ཁྲི་གཉིས་བརྐུས་སོང་བ་རེད། ཀུན་དགས་སྒོར་མོ་རྐུ་མཁན་ནི་སྐལ་བཟང་གི་བུ་ཡིན་པ་ནི་བློ་ལའང་འཁོར་མྱོང་མེད། ཁོས་ཉེན་རྟོག་པར་གནས་ཚུལ་གསལ་བོར་བཤད་པ་དང། ཉིན་རྟོག་པས་མྱུལ་ཞིབ་བྱས་ནས་སྐལ་བཟང་གི་བུ་འཛིན་བཟུང་བྱས། སྐལ་བཟང་ནི་ཧང་སངས་པར་གྱུར་ཏེ་མྱུར་དུ་རང་གི་བུ་བཙོན་ལས་གཏོང་དགོས་པའི་རེ་བ་བཏོན་ལ། ཀུན་དགའ་ལ་འུ་གཉིས་ནི་ཕ་སྤུན་ཡིན་པས་རང་མི་བཙོན་ལ་སྦྱོར་བ་ཐ་ཤལ་གྱི་སྤྱོད་པ་ཡིན་ཞེས་སྡིགས་དམོད་བྱེད་པ་ལས། རང་བུས་བརྐུས་པའི་སྒོར་ཁྲི་གཉིས་པོ་ཕྱིར་སྤྲོད་རྒྱུའི་ཚུགས་ཀ་ཙམ་ཡང་མ་བྱས།

3 ཁྲིམས་བཤད།

ཉེས་ཁྲིམས་སྟེང་གི་ནུས་པ། ཤ་ཉེ་བར་གྱི་ནག་ཉེས་ལ་ལར་ཡང་ཉེས་ཁྲིམས་སྟེང་ན་གཏན་ཁེལ་ཡོད། དཔེར་ན《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་གཅིག་པའི་གཏན་ཁེལ་ལྟར་ན། ལོ་ན་བགྲེས་པ་དང་ན་ཆུང་བྱིས་པ། ནད་ཕོག་ཡོད་པའམ་ཡང་ན་རང་རྐྱ་འཕེར་བའི་ངང་འཚོ་བ་རོལ་མི་ཐུབ་པའི་མིར་གསོ་སྐྱོང་གི་འོས་འགན་ཡོད་ཀྱང་ལག་བསྟར་མི་བྱེད་པར་མ་ཟད་གནས་ཚུལ་ངན་རུལ་ཡིན་ཚེ། ལོ་ལྔའི་མན་གྱི་དུསབཀག་བཙོན་འཇུག་གམ་བཀག་སྐྱིལ་བྱེད་དགོས།

དམངས་ཁྲིམས་སྟེང་གི་ནུས་པ། ཕ་མ་ནི་ནར་མ་སོན་པའི་བྱིས་པའི་ཁྲིམས་བཀོད་པའི་ཁྲིམས་བཀོད་ལས་ཚབ་མི་ཡིན། ཤ་ཉེ་བར་གྱི་ཐག་ཉེ་རིང་དང་ཤ་ཚ་མིན་གཞིགས་ནས། དམངས་ཁྲིམས་སྟེང་ཁྲིམས་བཀོད་ཤུལ་འཛིན་པའི་གོ་རིམ་དང་ཤུལ་འཛིན་གྱི་གྲངས་ཀ་སོགས་གཏན་ཁེལ་བྱས་ཡོད།          

གཏུག་བཤེར་བཅའ་ཁྲིམས་སྟེང་གི་ནུས་པ། གཏུག་བཤེར་བཅའ་ཁྲེམས་ཁྲོད།  ཤ་ཉེའི་འབྲེལ་བ་ཧ་ཅང་ཐག་ཉེ་བ་གཏུག་བཤེར་ལ་ཞུགས་མི་ཆོག་པའི་གཏན་ཁེལ་ཡོད། དཔེར་ན།《ཉེས་ཁྲིམས་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བརྒྱད་པའི་གཏན་ཁེལ་ལྟར་ན། ཞིབ་བཤེར་མི་སྣ་དང་ཞིབ་དཔྱོད་མི་སྣ། བརྟག་དཔྱད་མི་སྣ་གྱོད་གཞི་དེའི་དོ་བདག་པ་ཡིན་པའམ་ཡང་ན་དོ་བདག་པ་དང་ཧ་ཅང་ཉེ་བའི་ཤ་ཉེ་ཡིན་ཚེ་གཏུག་བཤེར་ལ་ཞུགས་མི་ཆོག《དམངས་དོན་གཏུག་བཤེར་བཅའ་ཁྲིམས》ནང་ཡང་དེ་དང་འདྲ་མཚུངས་ཀྱི་གཏན་ཁེལ་ཡོད། ངལ་རྩོལ་བཅའ་ཁྲིམས་སྟེང་གི་ནུས་པ། ངལ་རྩོལ་བཅའ་ཁྲིམས་སྟེང་ཆེས་ཉེ་བའི་ཤ་ཉེ་ཡིས་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་སྟེར་དགོས། 《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན་དོན་གསུམ་པའི་གཏན་ཁེལ་ལྟར་ན། ངལ་རྩོལ་པ་འདས་པའི་རྗེས་སུ་ཁ་ཆེམས་བྱས་པའི་མི་རྣམས་ཀྱིས་ཁྲིམས་ལྟར་འདས་པོའི་གྲོན་དངུལ་ལོངས་སྤྱོད་བྱས་ཆོག དེ་ལས་གཞན་ལས་བཟོ་བའི་བཟའ་ཟླ་ས་ཆ་གཞན་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། ཡང་ན་ཕ་མ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ན་རང་གི་ཉེ་མི་ལ་བལྟ་རུ་འགྲོ་བའི་གནང་བ་ཡང་ལོངས་སྤྱོད་བྱས་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།