རྨོ་ཞིང་བདག་བཟུང་གི་གྱོད་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་རྨོ་ཞིང་བདག་བཟུང་བྱས་ནས་གང་འདོད་དུ་བཟོ་གྲྭ་བཙུགས་ན་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་འབྲོག་བཅའ་ཁྲིམས།
ཁྱད་ཆོས།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་རྨོ་ཞིང་བདག་བཟུང་བྱས་ནས་གང་འདོད་དུ་བཟོ་གྲྭ་བཙུགས་ན་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

སྤྱི་ལོ1999ལོའི་ཟླ2པར། ཟི་ཁྲོན་ཞིང་ཆེན་གྱི་རྫོང་ག་གེ་མོའི་སྡེ་མི་གཡང་ཆེ་གེ་མོས་འབྲེལ་ཡོད་སྡེ་ཁག་གང་གིས་ཀྱང་ཆོག་མཆན་མ་འཐོབ་པའི་གནས་ཚུལ་འོག་རང་སྒེར་གྱིས་སྡེ་བར་སོ་ཕག་བསྲེགས་སའི་བཟོ་གྲྭ་ཞིག་བཙུགས། ཁོས་ད་དུང་རྡོ་རྗེ་དང་ས་ཞིང་གཡར་བའི་གན་རྒྱ་བཞག་ནས། ཁྲིམས་འགལ་སྒོས་རྨོ་ཞིང་མུའུ་གཅིག་བདག་བཟུང་བྱས་པར་མ་ཟད་ས་ངོས་བདེ་མོར་བསྙམས་ནས་ཁང་པ་ལས་པ་སོགས་བྱས་ཏེ།

རྨོ་ཞིང་ལ་གཏོར་བརླག་ཆེན་པོ་བཟོས། རྫོང་དེའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེ་ཞིབ་གཅོད་བྱས་མཐར། གཡང་ཆེ་གེ་མོས་རྒྱལ་ཁྲིམས་སྣང་མེད་དུ་བཞག་ནས་རྨོ་ཞིང་སྟེང་སོ་ཕག་བཟོ་གྲྭ་བཙུགས་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་སོ་དྲུག་དང་འགལ། ཁོའི་བྱ་སྤྱོད་ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་པའི་ནག་ཉེས་གྲུབ། དེ་བས《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་ཞེ་གཉིས་པའི་གཏན་ཁེལ་གཞིར་བཟུང་ནས་ཁོ་ལ་དུས་བཀག་བཙོན་འཇུག་ལོ་གཉིས་དང་དངུལ་ཆད་སྒོར་བཞི་སྟོང་བཅས་ཀྱི་ཆད་པ་བཅད།

3 ཁྲིམས་བཤད།

《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་དོན་བཞི་པའི་ནང་གཏན་འཁེལ་བྱས་པ་ལྟར་ན། བཅའ་ཁྲིམས་འདིའི་གཏན་ཁེལ་དང་འགལ་ནས་རྨོ་ཞིང་བདག་བཟུང་བྱས་ཏེ་སོ་ཕག་བསྲེག་སའི་དོང་བསྐྲུན་པ། དུར་ས་བསྐྲུན་པའམ་རང་དགར་ངང་རྨོ་ཞིང་སྟེང་ཁང་པ་ལས་པ། བྱེ་མ་བརྐོ་བ། རྡོ་སློག་པ། གཏེར་ཁུངས་བརྐོ་བ། ས་ལེན་པ་སོགས་དང་། འདེབས་འཛུགས་ཆ་རྐྱེན་ལ་གཏོར་བརླག་བཟོས་པའམ་ཡང་ན་ས་ཞིང་སྔོག་འདོན་བྱས་ནས་ས་ཞིང་བྱེ་འགྱུར་དང་ཚྭ་འགྱུར། ས་ཆུ་ཤོར་བ་སོགས་བཟོས་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཞིང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བཀའ་བསྒྲགས་ཏེ་དུས་བཅད་ནང་ལེགས་བཅོས་དང་ལེགས་སྒྲིག་བྱེད་དུ་འཇུག་དགོས་པར་མ་ཟད་དངུལ་ཆད་ཀྱང་བཅད་ཆོག ནག་ཉེས་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས། གྱོད་གཞི་འདིའི་ཁྲོད་གཡང་ཆེ་གེ་མོས་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་རང་དགར་སྒོས་རྡོ་རྗེ་ཚང་ལ་ས་ཞིང་གཡར་བའི་གན་རྒྱ་བཞག་པ་ནི་རྒྱལ་ཁབ་ཀྱི་གཏན་ཁེལ་དང་འགལ་ཡོད་ལ། དེ་ལ་ཁྲིམས་ལུགས་ཀྱི་ནུས་པ་མེད་ཅིང་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་ཀྱང་མི་བྱེད། ཁོའི་རྨོ་ཞིང་བདག་བཟུང་བྱས་པའི་བྱ་སྤྱོད་ལས་ཁྲིམས་འགལ་སྒོས་བདག་བཟུང་བྱ་སྤྱོད་དུ་གྲུབ་པས་འོས་འཚམ་གྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས།


བརྡ་འགྲེལ་གདོང་འཛར།

རྨོ་ཞིང་། བདག་བཟུང་། གྱོད་དཔེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།