སྲུབ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲུབ་མ་ནི་སྲུབ་ཀ་སྟེ། སྔོ་སྨན་ཞིག་གི་མིང་ཡིན་ནོ། །
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
srub ma
རིགས།
སྔོ་སྨན་གྱི་མིང་།
མིང་གི་རྣམ་གྲངས།
སྲུབ་ཀ
1 རྒྱས་འགྲེལ། 

དེ་ཡང་ཏུན་ཧོང་ཡིག་ཚགསP.T.1057ལས། གཉན་རྡོ་ཐམ་ཤད་ཀྱིས་སྐོང་ན་རྩི། ། དེས་གྱང་མ་སླེབས་མ་ཕན་ཏེ་རྣག་དུ་འཁྱྀམས་ན་ཁྲག་རླང་ཙམ་དུ་ཁར་ཚགས་གྱིས་ལ་ལ། ། རྨ། ཁར་དོམ་ཁྲིས་དང་རྒྱ་ཚ་དང་བོང་བུ་ཚ་དང་སྲུབ་མ་དང་མ་ཤིང་བཙདང་དབྱྀ་མོའི་ཞྭ་དང་དེ་རྣམས་བསྲེསྟེ། ། ཁར་བཏབ་ན་མྱི་རྡོལ་མྱི་སྲིདོ། ། རྩི་མ་མཆིས་ན་ཁར་ཚུགས་གྱིས་ཐོབ་ཤིག ། ཅེས་བྲིས་ཡོད་པར་གཞིགས་ན། སྲུབ་མ་ནི་སྲུབ་ཀ་སྟེ། སྔོ་སྨན་ཞིག་གི་མིང་ཡིན་ཞིང་། དེ་ཡང《བདུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་བཤད་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང》ལས། སྲུབ་ཀས་རུས་གཅོད་དྲོད་སྐྱེལ་ཆུ་སེར་འདྲེན། ། ཞེས་པ་དང་། 《དཔག་བསམ་ལྗོན་ཤིང》ལས། ར་སྲུས་ཕོ་སྲིན་ཟུག་གཟེར་འཇོམས། ། སྦྲུལ་གྱི་དུག་ཀྱང་ཞི་བར་བྱེད། ། ཅེས་པ་དང་།  《འཁྲུངས་དཔེ》ལས། སྔོ་སྨན་རྒྱལ་པོ་ཙ་ཏ་ར། ། ཐང་དང་ཞིང་མུ་སྲུབ་ལས་སྐྱེ། ། ལོ་མ་སེང་གེ་སྡེར་མོ་འདྲ། ། སྡོང་བོ་དབུས་ནས་ཕྱོགས་སུ་གྱེས། ། དར་བ་ལྕགས་ཀྱི་སྐུད་པ་འདྲ། ། མེ་ཏོག་དཀར་པོ་འདབ་ལྔ་ལྡན། ། འབྲས་སུ་ནས་སྔོན་ལྕགས་ཀྱུའི་མཆུ། ། རོ་ནི་ཁ་ལ་རབ་ཏུ་ཚ། ། ནུས་པས་དྲོད་སྐྱེད་གྲང་སྐྲན་འཇོམས། ། ཞེས་གསུངས་ཡོད་པ་དེ་བཞིན་ནོ། །

བརྡ་འགྲེལ་གདོང་འཛར།

ཡིག་ཚགས། ཆུ་སེར། ནད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།