ཞིང་སར་བཟོ་གྲྭ་བཙུགས་པའི་གྱོད་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཞིང་སའི་སྟེང་དུ་འཛིན་ཡིག་མེད་པར་གང་འདོད་དུ་བཟོ་གྲྭ་བཙུགས་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་འབྲོག་བཅའ་ཁྲིམས།
ཁྱད་ཆོས།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་ཞིང་སའི་སྟེང་དུ་འཛིན་ཡིག་མེད་པར་གང་འདོད་དུ་བཟོ་གྲྭ་བཙུགས་ཆོག་གམ་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

ཉིན་འགའི་སྔོན་དུ་གསེར་ལུང་སྡེ་བའི་ནང་མི་འགའ་ཐོན་ཏེ་སྡེ་བའི་སིལ་ར་ཆེན་པོ་དེ་ཉོས་ནས་སྟེང་དུ་སོ་ཕག་བཟོ་གྲྭ་ཞིག་འཛུགས་རྩིས་བྱས། ཁོ་ཚོས་ལག་ཏུ་ཁྲིམས་མཐུན་སྒོས་ཞིང་སའི་སྟེང་དུ་བཟོ་གྲྭ་བཙུགས་ཆོག་པའི་འཛིན་ཡིག་མི་འདུག་པས་སྡེ་བའི་ནང་གི་སྡེ་མི་སྐོར་ཞིག་གིས་ཁས་ལེན་མ་བྱས། ཁོ་ཚོས་ཐབས་བཀོད་གཞན་ཞིག་འཐེན་ཏེ་སྒོར་མང་ཙམ་སྤྲད་དེ་ཅིས་ཀྱང་ཉོ་རྩིས་བྱས། 

3 ཁྲིམས་བཤད།

རང་རྒྱལ་གྱི་རྨོ་ཞིང་ལ་དམིགས་བསལ་གྱི་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། བཅའ་ཁྲིམས་ཀྱིས་གཟབ་ནན་སྒོས་རྨོ་ཞིང་འཛུགས་སྐྲུན་བྱེད་ས་རུ་བསྒྱུར་བར་ཚད་བཀག་བྱེད་བཞིན་ཡོད། ཞང་དང་གྲོང་རྡལ་ཁེ་ལས་དང་ཞིང་པས་གཞིས་ཀ་འཛུགས་སྐྲུན་བྱེད་པ། ཞང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་སྤྱིའི་སྒྲིག་ཆས། སྤྱི་ཕན་ལས་དོན་འཛུགས་སྐྲུན་ཐད་ས་ཞིང་བེད་སྤྱོད་བྱེད་ན་ཁྲིམས་ལྟར་ཐུན་མོང་གི་ས་ཞིང་བེད་སྤྱོད་བྱེད་པར་རེ་འདུན་ཞུས་ཆོག་པ་ཕུད། མི་སུ་དང་ལས་ཁུངས་གང་གིས་འཛུགས་སྐྲུན་བྱེད་ཚེ་ངེས་པར་དུ་ཁྲིམས་ལྟར་རྒྱལ་གཉེར་ས་ཞིང་བེད་སྤྱོད་བྱེད་པར་རེ་འདུན་ཞུ་དགོས། ཐུན་མོང་གི་ས་ཞིང་བེད་སྤྱོད་དབང་ཆ་གཏའ་མར་འཇོག་པའི་རྣམ་པ་དེས་ས་ཞིང་ཐད་ཀར་དུ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཡུལ་དུ་བསྒྱུར་བའི་གནས་ཚུལ་མང་པོ་འབྱུང་བཞིན་མཆིས་པས་རྒྱལ་ཁབ་ས་ཞིང་ལྟ་སྐུལ་སྲིད་ཇུས་ལ་ཆད་ལྷག་ཤོར་དུ་བཅུག ཡིན་ཡང་དུས་མཚུངས་སུ་ཞིང་སྡེ་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དོན་དངོས་ཀྱིས་ཐུན་མོང་ས་ཞིང་འཛུགས་སྐྲུན་བེད་སྤྱོད་དབང་ཆ་གཏའ་མ་དང་ཁག་ཐེག་གི་རྣམ་པས་མ་དངུལ་ཕྱོགས་བསྡུ་བྱེད་པའི་དགོས་མཁོ་ཡིན། རིགས་འདི་གཉིས་ཀྱི་འབྲེལ་བ་ཆ་སྙོམས་ཡོངས་ཆེད། བཅའ་ཁྲིམས་ཀྱིས་ཞིང་སྡེ་ཐུན་མོང་གི་ས་ཞིང་འཛུགས་སྐྲུན་བེད་སྤྱོད་དབང་ཆ་གཏའ་མར་བཞག་ཆོག་པ་དང་ཆབས་ཅིག་གཟབ་ནན་གྱིས་ཚད་བཀག་ཀྱང་བྱས་ཡོད། 

གཅིག ཞིང་པས་གཞིས་ཀ་འཛུགས་སྐྲུན་བྱེད་པའི་ས་ཞིང་བེད་སྤྱོད་དབང་ཆ་དང་ཞང་ངམ་གྲོང་རྡལ། སྡེ་བའི་སྤྱིའི་སྒྲིག་ཆས། སྤྱི་ཕན་ལས་དོན་འཛུགས་སྐྲུན་གྱི་ཐུན་མོང་ས་ཞིང་བེད་སྤྱོད་དབང་ཆ་སོགས་གཅིག་ཀྱང་གཏའ་མར་བཞག་མི་ཆོག

གཉིས། ཞང་དང་གྲོང་རྡལ། སྡེ་བའི་ཁེ་ལས་ཀྱི་འཛུགས་སྐྲུན་ས་ཞིང་བེད་སྤྱོད་དབང་ཆ་གཅིག་པུ་བྱས་ཏེ་གཏའ་མར་བཞག་མི་ཆོག ཞང་དང་གྲོང་རྡལ། སྡེ་བའི་ཁེ་ལས་ཀྱི་ཁང་པ་ལ་སོགས་འཛུགས་སྐྲུན་དངོས་པོ་གཏའ་མར་འཇོག་ཚེ།    དེའི་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ས་ཞིང་བེད་སྤྱོད་དབང་ཆ་དང་མཉམ་དུ་གཏའ་མར་འཇོག་དགོས།

གསུམ། ཞང་དང་གྲོང་རྡལ། སྡེ་བའི་ཁེ་ལས་ཀྱི་ཁང་པ་ལ་སོགས་འཛུགས་སྐྲུན་དངོས་པོའི་ཁྱབ་ཁོངས་ནང་ཁུལ་གྱི་འཛུགས་སྐྲུན་ས་ཞིང་བེད་སྤྱོད་དབང་ཆ་གཏའ་མར་འཇོག་ན། གཏའ་མར་བཞག་པའི་དབང་ཆ་མངོན་འགྱུར་བྱུང་རྗེས། ཁྲིམས་བཀོད་གོ་རིམ་མ་བརྒྱུད་ན་ས་ཞིང་བདག་དབང་གི་ངོ་བོ་དང་ས་ཞིང་སྤྱོད་ཡུལ་ལ་བཅོས་བསྒྱུར་བྱས་མི་ཆོག དེ་བས། ཞིང་སའི་སྟེང་དུ་བཟོ་གྲྭ་བཙུགས་ཆོག་པའི་འཛིན་ཡིག་མི་འདུག་པས། ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་ས་ཞིང་བདག་དབང་གི་ངོ་བོ་དང་ས་ཞིང་སྤྱོད་ཡུལ་ལ་བཅོས་སྒྱུར་བཏང་མི་ཆོག་གོ།


བརྡ་འགྲེལ་གདོང་འཛར།

ཞིང་ས། བཟོ་གྲྭ། གྱོད་དཔེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།