དབང་ལག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དབང་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐྱེ་དངོས།)

དབང་ལག
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་རྒྱུ་ཅན་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་འབྱར་ནས་སྐྱེ་བ། ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་སྔོ་ལྗང་ཆིག་སྐྱེས་ཁྲུ་གང་ཙམ་ལས་ཐུང་བ་མཐོ་གང་ལྷག་ཙམ་འདྲོང་པོར་སྐྱེ་བར་ཡལ་ག་མེད་ཅིང༌། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ་སྨད་ཆས་སྡོང་པོ་རིམ་པས་བཏུམས་ཏེ་སྐྱེ་བ་དང༌། མེ་ཏོག་དམར་སྐྱ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་པོའི་རྩེར་ཚགས་དམ་པོར་འཆར་ཡོད། འབྲས་བུ་རྩེ་རྣོ་བའི་ནང་འབྲུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ལྡན་པ། དབང་ལག་ལ་རིགས་མི་འདྲ་བ་མང་པོ་མཆིས་ཀྱང་རྩ་བ་མིའི་ལག་པ་འདྲ་ཞིང་མཛུབ་མོ་བཞི་ལྔ་བྱས་པ་མང་བ་མཐོང་ཞིང་༌། སྐྱེ་གནས་དབང་གིས་མེ་ཏོག་སེར་པོ་འཆར་བ་དང༌། མེ་ཏོག་དམར་པོ་འཆར་བའང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
佛手参   手掌参
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་རྒྱུ་ཅན་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་འབྱར་ནས་སྐྱེ་བ། ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་སྔོ་ལྗང་ཆིག་སྐྱེས་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་འདྲོང་པོར་སྐྱེ་བར་ཡལ་ག་མེད་ཅིང༌། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ་སྨད་ཆས་སྡོང་པོ་རིམ་པས་བཏུམས་ཏེ་སྐྱེ་བ་དང༌། མེ་ཏོག་དམར་སྐྱ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་པོའི་རྩེར་ཚགས་དམ་པོར་འཆར་ཡོད། འབྲས་བུ་སྐམ་ཚག་རྩེ་རྣོ་བའི་ནང་འབྲུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ལྡན་པ། དབང་ལག་ལ་རིགས་མི་འདྲ་བ་མང་པོ་མཆིས་ཀྱང་རྩ་བ་མིའི་ལག་པ་འདྲ་ཞིང་མཛུབ་མོ་བཞི་ལྔ་བྱས་པ་མང་བ་མཐོང་ཞིང་༌། སྐྱེ་གནས་དབང་གིས་མེ་ཏོག་སེར་པོ་འཆར་བ་དང༌། མེ་ཏོག་དམར་པོ་འཆར་བའང་ཡོད་དེ། ནགས་ཚལ་སྟུག་པའི་ས་ཁུལ་གྱི་སྤང་དང༌། ཆུ་འགྲམ། ན་བ་སོགས་རླན་གཤེར་ཆེ་བའི་སར་སྐྱེ་བ། རྩ་བ་བོད་ཟླ་བདུན་པ་བརྒྱད་པའི་ནང་ཆུ་རྣམས་རིམ་བཞིན་ཤ་རྒྱུ་ལ་ཐིམ་པའི་སྐབས་སུ་བཏུས་ཏེ་གཙང་མར་བཀྲུས་རྗེས་སྐམ་ནས་ནད་བབ་དང་བསྟུན་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་དྲོ་ཞིང་སྣུམ་པས་ལུས་ཀྱི་སྟོབས་དང༌། ཁུ་བ་སྐྱེད་པར་བྱེད་ཅིང༌། བཅུད་ལེན་དུ་བསྟེན་ན་ལུས་ཀྱི་མདངས་སྟོབས་དང་ཚེ་བསྲིང་བར་བྱེད་པ་ཡིན།

2 སྐྱེ་གནས།

བོད་ལྗོངས་ཀྱི་ནགས་ཚལ་སྟུག་པའི་ས་ཁུལ་གྱི་སྤང་དང༌། ཆུ་འགྲམ། ན་བ་སོགས་རླན་གཤེར་ཆེ་བའི་སར་སྐྱེ།

3 སྨན་སྦྱོར།

རྩ་བ་བོད་ཟླ་བདུན་པ་བརྒྱད་པའི་ནང་ཆུ་རྣམས་རིམ་བཞིན་ཤ་རྒྱུ་ལ་ཐིམ་པའི་སྐབས་སུ་བཏུས་ཏེ་གཙང་མར་བཀྲུས་རྗེས་སྐམ་ནས་ནད་བབ་དང་བསྟུན་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་མངར་བ། ཞུ་རྗེས་མངར་བ།

5 ཕན་ནུས།

ནུས་པ་ལྕི་ལ་དྲོ་ཞིང་སྣུམ་པས་ལུས་ཀྱི་སྟོབས་དང༌། ཁུ་བ་སྐྱེད་པར་བྱེད་ཅིང༌། བཅུད་ལེན་དུ་བསྟེན་ན་ལུས་ཀྱི་མདངས་སྟོབས་དང་ཚེ་བསྲིང་བར་བྱེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།