ཁྱོད་བདེ་མོ་འཛམ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱོད་བདེ་མོ་འཛམ་གླིང་།
《ཁྱོད་བདེ་མོ་འཛམ་གླིང》ཞེས་པའི་གློག་བརྙན་འདི་ནི་དབྱི་ཐེང་ཀྲི་ཡན་གྱིས་འཁྲབ་ཁྲིད་བྱས་ཤིང་། པེ་ཚུན་ཅང་ཧེ་དང་སུང་པན་ཐོ་ལི། པིན་པེན་མེ་པོ། ཙི་ཨན་ཝུའུ་རེན། ཐུའོ་མེ་ལེ་ཙི་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་འཇར་པན་ནས་འཁྲབ་སྟོན་བྱས། འགུལ་རིས་གློག་བརྙན།
གཞི་རྩའི་གནས་ཚུལ།

མིང་།
ཁྱོད་བདེ་མོ་འཛམ་གླིང་།
རྒྱ་ཡིག་གི་མིང་།
你好世界
འཁྲབ་ཁྲིད་པ།
དབྱི་ཐེང་ཀྲི་ཡན།
གཙོ་འཁྲབ་པ།
པེ་ཚུན་ཅང་ཧེ། སུང་པན་ཐོ་ལི། པིན་པེན་མེ་པོ། ཙི་ཨན་ཝུའུ་རེན། ཐུའོ་མེ་ལེ་ཙི།
རིགས།
འགུལ་རིས་གློག་བརྙན།
1 ངོ་སྤྲོད།

《ཁྱོད་བདེ་མོ་འཛམ་གླིང》ཞེས་པའི་གློག་བརྙན་འདི་ནི་དབྱི་ཐེང་ཀྲི་ཡན་གྱིས་འཁྲབ་ཁྲིད་བྱས་ཤིང་། པེ་ཚུན་ཅང་ཧེ་དང་སུང་པན་ཐོ་ལི། པིན་པེན་མེ་པོ། ཙི་ཨན་ཝུའུ་རེན། ཐུའོ་མེ་ལེ་ཙི་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་འཇར་པན་ནས་འཁྲབ་སྟོན་བྱས། འགུལ་རིས་གློག་བརྙན།

མ་འོངས་པའི་སྤྱི་ལོ2027ལོར་མིའི་རིགས་ཀྱིས་ཚན་རྩལ་གྱིས་དྲན་ཤེས་ལ་གསོག་འཇོག་བྱེད་ཐུབ་པ་རེད། ལོ16ལ་སླེབས་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཀྲི་ཧྲི་ལྐོག་ཏུ་སློབ་གྲོགས་RULIལ་ཧ་ཅང་དགའ་པོ་བྱེད་མོད། འོན་ཀྱང་ངོ་ཚ་ནས་བཤད་མ་ཕོད་པ་རེད། ཉིན་ཞིག་ལ། དྲང་མོར་སྲང་ལམ་དུ་སོང་བ་ན། ནམ་མཁའ་ནས་དམར་མདངས་བཀྲ་བའི་འོད་ཅིག་བྱུང་བ་དང་། ཀྲི་ཧྲི་དང་ཧང་ཅང་འདྲ་བའི་སྐྱེས་པ་ཞིག་ཁོ་མོའི་མདུན་དུ་མངོན་བྱུང་། ཁོས་རང་ཉིད་ནི་ལོ26ལ་སོན་པའི་ཀྲི་ཧྲི་ཡིན་ཞེས་བཤད་པ་དང་། ལོ16ལ་སོན་པའི་ཀྲི་ཧྲི་འཚོ་བ་རོལ་བའི་འཇིག་རྟེན་ནི་དྲན་ཤེས་ཀྱི་འཇིག་རྟེན་ཡིན་ཞིང་། དངོས་ཡོད་འཚོ་བའི་ཁྲོད་དུ་ཁོའི་མིང་ལNAOMIཟེར། NAOMIཡིས་རང་ཉིད་དྲན་ཤེས་འཇིག་རྟེན་དུ་ཡོང་བ་ནིRULIསྐྱོབ་པའི་ཆེད་དུ་ཡིན་ཟེར། ཁོ་མོ་ལོ16གི་སྐྱེས་སྐར་གྱི་ཉིན་དེར་ཤི་བ་རེད། RULIསྐྱོབ་པའི་ཆེད་དུ། NAOMIདང་ཀྲི་ཧྲི་གཉིས་གྱིས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མང་པོ་ཞིག་བརྒྱུད་མྱོང་། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།