ལྷ་མོ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་མོ
《ལྷ་མོ》ནི་ཀོ་མོ་རུ་ཡི་སྙན་ངག་གསར་པའི་ཕྱོགས་བསྒྲིགས་དང་པོ་དེ་ཡིན་ལ་ཀྲུང་གོའི་དེང་རབས་རྩོམ་རིག་ལོ་རྒྱུས་ཐོག་གི་ཤུགས་རྐྱེན་ཧ་ཅང་ཆེ་བའི་སྙན་ངག་གསར་པའི་ཕྱོགས་བསྒྲིགས་དང་པོ་དེ་ཡང་ཡིན། སྙན་ངག་ཕྱོགས་བསྒྲིགས་དེས་རྣམ་པ་དང་ནང་དོན་གཉིས་ཀ་གསར་རྐྱང་གི་ཐོག་ནས་ཀྲུང་གོའི་དེང་སྐབས་སྙན་ངག་གསར་པར་ལམ་བུ་གསར་པ་ཞིག་གཏོད་ཡོད། 《ལྷ་མོ》ནི་སྤྱི་ལོ1921ལོའི་ཟླ8པར་དཔེ་སྐྲུན་བྱས་ཞིང་། དེའི་ནང་འགོ་བརྗོད་ཕུད་སྙན་ངག56བསྡུས་ཡོད་ལ། སྙན་ངག་དེ་དག་གི་ནང་ནས《རྒྱ་བྱ་མྱ་ངན་ལས་འདས་པ》ཞེས་པ་དང་། 《ལྷ་མོ་སླར་ཡང་འཁྲུངས་པ》《ས་གཞི་རིལ་མོ། བདག་གི་མ་ཡུམ》སོགས་ནི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
女神
ཕྱི་ཡིག་གི་མིང་།
Goddess
གསར་རྩོམ་དུས་སྐབས།
སྤྱི་ལོ1919ནས་སྤྱི་ལོ1921ལོའི་བར།
རྩོམ་ལུས།
སྙན་ངག
རྩོམ་པ་པོ།
ཀོ་མོ་རུ།
1 ངོ་སྤྲོད། 

“བདག་ནི་ཨ་སྔོན་དགུང་གི་ཁྱི་ཞིག་ཡིན། བདག་གིས་བར་སྣང་ཡོད་ཚད་ཁྱུར་མིད་གཏོང་།…….བདག་གིས་བདག་ནི་འབར་གས་བྱེད་པ་འདུག"ངོ་མཚར་འཆར་སྣང་གིས་ཕྱུག་ལ་ལང་ཚོའི་སྤོབས་སེམས་ཀྱིས་ཁེངས་པའི་སྙན་ངག་ཚིག་རྐང་དེ་དག་གིས་ལྔ་བཞིའི་ལས་འགུལ་དུས་ཀྱི་གཞོན་ནུའི་རང་དབང་དང་བཅིངས་འགྲོལ་ལ་བརྩོན་ལེན་བྱེད་པའི་སེམས་ཁམས་མཚོན་པར་བྱས་ཡོད་ཅིང་། སྙན་ཚིག་དེ་དག་ནི་ཀོ་མོ་རུ་ཡི་སྙན་ངག་ཕྱོགས་བསྒྲིགས《ལྷ་མོ》ཞེས་པའི་ནང་གི《ཨ་སྔོན་དགུང་གི་ཁྱི》ཞེས་པའི་ནང་གི་ཚིག་རེད།

《ལྷ་མོ》ནི་ཀོ་མོ་རུ་ཡི་སྙན་ངག་གསར་པའི་ཕྱོགས་བསྒྲིགས་དང་པོ་དེ་ཡིན་ལ་ཀྲུང་གོའི་དེང་རབས་རྩོམ་རིག་ལོ་རྒྱུས་ཐོག་གི་ཤུགས་རྐྱེན་ཧ་ཅང་ཆེ་བའི་སྙན་ངག་གསར་པའི་ཕྱོགས་བསྒྲིགས་དང་པོ་དེ་ཡང་ཡིན། སྙན་ངག་ཕྱོགས་བསྒྲིགས་དེས་རྣམ་པ་དང་ནང་དོན་གཉིས་ཀ་གསར་རྐྱང་གི་ཐོག་ནས་ཀྲུང་གོའི་དེང་སྐབས་སྙན་ངག་གསར་པར་ལམ་བུ་གསར་པ་ཞིག་གཏོད་ཡོད།

《ལྷ་མོ》ནི་སྤྱི་ལོ1921ལོའི་ཟླ8པར་དཔེ་སྐྲུན་བྱས་ཞིང་། དེའི་ནང་འགོ་བརྗོད་ཕུད་སྙན་ངག56བསྡུས་ཡོད་ལ། སྙན་ངག་དེ་དག་གི་ནང་ནས《རྒྱ་བྱ་མྱ་ངན་ལས་འདས་པ》ཞེས་པ་དང་། 《ལྷ་མོ་སླར་ཡང་འཁྲུངས་པ》《ས་གཞི་རིལ་མོ། བདག་གི་མ་ཡུམ》སོགས་ནི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།