ཕམ་པ་མེད་པའི་ཅིའུ་ལུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕམ་པ་མེད་པའི་ཅིའུ་ལུང་།
《ཕམ་པ་མེད་པའི་ཅིའུ་ལུང》ཞེས་པའི་གློག་བརྙན་འདི་ནི་ཁྲིན་ཀོ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཀྲང་ཅིན་དང་ལི་ཨེར་ཝ། ཀྲིན་ཅཱ་དབྱིན། ལིའུ་ཞིན་ཡུའུ། ཏིན་ལི་ཞིན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ7པའི་ཚེས2ཉིན་ཀྲུང་གོའི་ཞང་ཀང་ནས་འཁྲབ་སྟོན་བྱས། ཟློས་གར་གློག་བརྙན། རིང་ཚད་ལ་སྐར100ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཕམ་པ་མེད་པའི་ཅིའུ་ལུང་།
རྒྱ་ཡིག་གི་མིང་།
九龙不败
འཁྲབ་ཁྲིད་པ།
ཁྲིན་ཀོ
གཙོ་འཁྲབ་པ།
ཀྲང་ཅིན། ལི་ཨེར་ཝ། ཀྲིན་ཅཱ་དབྱིན། ལིའུ་ཞིན་ཡུའུ། ཏིན་ལི་ཞིན།
རིགས།
ཟློས་གར་གློག་བརྙན།
རིང་ཚད།
སྐར100
1 ངོ་སྤྲོད།

《ཕམ་པ་མེད་པའི་ཅིའུ་ལུང》ཞེས་པའི་གློག་བརྙན་འདི་ནི་ཁྲིན་ཀོ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཀྲང་ཅིན་དང་ལི་ཨེར་ཝ། ཀྲིན་ཅཱ་དབྱིན། ལིའུ་ཞིན་ཡུའུ། ཏིན་ལི་ཞིན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ7པའི་ཚེས2ཉིན་ཀྲུང་གོའི་ཞང་ཀང་ནས་འཁྲབ་སྟོན་བྱས། ཟློས་གར་གློག་བརྙན། རིང་ཚད་ལ་སྐར100ཡོད།

ཉེན་རྟོག་མྱུལ་ཞིབ་པ་ཅིའུ་ལུང་གིས་གྱོད་དོན་ཞིབ་བཤེར་བྱེད་སྟངས་ཁྱད་མཚར་གདུག་རྩུབ་ཆེ་ཞིང་བྱས་རྗེས་ངོ་མཚར་ཅན་བཞག་ཡོད་ཅིང་། དེ་ནི་ཞང་ཀང་གི་ཉེན་རྟོག་པའི་ལས་རིགས་ཁྲོད་མིང་དུ་གྲགས་པའི་མྱུལ་ཞིབ་པ་ཞིག་ཡིན་མོད། འོན་ཀྱང་ཁོས་བྱ་བ་སྒྲུབ་སྐབས་བརྒྱ་ཁ་གཅིག་གཅོད་བྱས་པས་ཉེན་རྟོག་རུ་ཁག་གིས“ཕྱོགས་ཞེན་ཆེ་བའི་མིར”བརྩི་བཞིན་ཡོད། ཅིའུ་ལུང་གིས་བཀའ་ལྟར་ལོ་ན་གཞོན་པའི་བུད་མེད་ཉེན་རྟོག་པ་བསྟུད་མར་བསད་པའི་གྱོད་གཞི་ཞིག་ལ་བརྟག་དཔྱད་བྱས་ཤིང་། བྱ་ཐབས་ཡོད་ཚད་སྤྱད་རྗེས་ཁུངས་སྣེ་གང་ཡང་མེད་པ་མ་ཟད། ཁོའི་ཉེན་རྟོག་པའི་མེ་ཏོག་གཉེན་སྒྲིག་མ་བྱས་པའི་ཆུང་མ་ཧྥང་ཉིན་ད་ཐེངས་ཀྱི་འཛིན་བཟུང་བྱ་སྤྱོད་ཁྲོད་བསམ་ཡུལ་ལས་འདས་པ་ཞིག་ལ་གར་སོང་ཆ་མེད་དུ་གྱུར། བརྩེ་བ་དང་ན་ཟུག་གི་མཐའ་རུ་འཕག་འཚག་རྒྱག་པའི་ཅིའུ་ལུང་གིས་གློ་བུར་དུ་བུད་མེད་ཉེན་རྟོག་པར་གནོད་འཚེ་ཕོག་པ་ནི་གོམ་པ་དང་པོ་དེ་ཡིན་པ་དང་། ལག་དམར་ལ་ད་དུང་ཁྲག་དྲི་བྲོ་བའི་ལྐོག་གཡོ་ངན་ཇུས་ཡོད་པས། རང་ཉིད་དང་གཉེན་སྒྲིག་མ་བྱས་པའི་བཟའ་ཟླ་གཉིས་ཀྱང་དེའི་ཁོངས་སུ་བརྩི་བཞིན་ཡོད། སྐབས་དེར་ཨའོ་མོན་དུ་སླར་ཡང་བུད་མེད་ཉེན་རྟོག་པ་བསད་པའི་གྱོད་གཞི་ཐོན་ཞིང་། ད་ཐེངས་ཀྱི་ཉེས་དོན་བྱ་བས་དེ་བས་མི་རྣམས་ལ་ཁོང་ཁྲོ་ལངས་པ་ཞིག་བྱུང་། འོན་ཀྱང་ལག་དམར་གྱིས་བསམ་བཞིན་དུ་ཁུངས་སྣེ་བཞག་ཡོད་པ་དང་། ཉེན་ཁའི་ལྐོག་གཡོ་ཡོད་པ་ཡིན་ནམ་ཡང་ན་འཁོན་ལན་སློག་པའི་སྐྱ་རེངས་ཏེ་སླེབས་པ་ཡིན་ནམ། ཅིའུ་ལུང་གིས་ཕྱིར་བཤོལ་མ་བྱས་པར་གྲོགས་པོ་ཝང་མེང་ཆི་དང་རྒྱལ་སྤྱིའི་ཁུ་ཚུར་རྒྱལ་པོ་ཞིས་ལི་ཧྲན་བཅས་ཀྱི་གཞོགས་འདེགས་འོག་ཨའོ་མོན་ཉེན་རྟོག་དཔོན་ཚའོ་ཀྲི་ཏི་དང་མཉམ་དུ་བརྟག་དཔྱད་བྱས་པ་རེད། སྟག་དམར་ཡག་འཛུལ་ཁུང་བཅོ་བརྒྱད་ཡོད་ན། ཝ་དམར་པོའི་འཛུལ་ཁུང་བཅུ་དགུ་ཞེས་པ་ལྟར། ཁྲག་ལན་ཁྲག་གིས་འཇལ་བའི་སྔོན་ལ། ཆེས་མཇུག་མཐའི་ཁྲག་ཐིག་དེ་བཞུར་ཚར་བའི་བར་དུ། མཚམས་མི་འཇོག་པའི་ཆོད་སེམས་བཞག

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།