པད་མ་དཀར་པོའི་ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང་རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་པར་བཤད་པ་ཞལ་ལུང་མཛེས་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《པད་མ་དཀར་པོའི་ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང་རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་པར་བཤད་པ་ཞལ་ལུང་མཛེས་རྒྱན》ནི་བླ་རྩིས་ཕྲིན་ལས་དགེ་བའི་དབང་པོས་སྤྱི་ལོ་དུས་རབས་བཅོ་ལྔའི་མཇུག་གམ་བཅུ་དྲུག་གི་མགོར་མཛད་པ་དང་། བྲིས་མ་ཁག་གཉིས་ལས་གཅིག་ལྡེབ་མ19དང་གཅིག་ལ་ལྡེབ་མ16ཡོད། ཁོང་ནི་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་རྩིས་ལ་མཁས་པ་ཞིག་ཡིན་ལ། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་སློབ་མ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
པད་མ་དཀར་པོའི་ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང་རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་པར་བཤད་པ་ཞལ་ལུང་མཛེས་རྒྱན།
མཛད་པ་པོ།
བླ་རྩིས་ཕྲིན་ལས་དགེ་བའི་དབང་པོ།
དུས་སྐབས།
སྤྱི་ལོ་དུས་རབས་བཅོ་ལྔའི་མཇུག་གམ་བཅུ་དྲུག་གི་མགོ།
རིགས་དབྱེ།
སྨན་རྩིས།
1 ངོ་སྤྲོད།

《པད་མ་དཀར་པོའི་ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང་རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་པར་བཤད་པ་ཞལ་ལུང་མཛེས་རྒྱན།》ནི་བླ་རྩིས་ཕྲིན་ལས་དགེ་བའི་དབང་པོས་སྤྱི་ལོ་དུས་རབས་བཅོ་ལྔའི་མཇུག་གམ་བཅུ་དྲུག་གི་མགོར་མཛད་པ་དང་། བྲིས་མ་ཁག་གཉིས་ལས་གཅིག་ལྡེབ་མ19དང་གཅིག་ལ་ལྡེབ་མ16ཡོད། ཁོང་ནི་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་རྩིས་ལ་མཁས་པ་ཞིག་ཡིན་ལ། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་སློབ་མ་ཡིན།

2 ནང་དོན་གཙོ་བོ།

ནང་དོན་གཙོ་བོ་ནི་དེ་ཉིད་དུ། འདིར་ནི་བསྟན་རྩིས་མིག་སྟོང་ལྡན་པའི་དཔལ།། ཟླ་བ་དག་པའི་བཞིན་རས་མངོན་གསལ་ཞིང་།། ཆ་ཤས་ལྔ་ལྡན་གསལ་བྱེད་མེ་ལོང་གི། ལྟོ་བར་གསལ་བྱེད་མེ་ལོང་འདི་བཀྱེའོ།། ཞེས་འབྱུང་བ་ལྟར་བསྟན་པའི་རྩིས་ཀྱི་རྩ་བ་སྟོན་པའི་འཁྲུངས་འདས་ལོ་ཚིགས་ལ་རག་ལས་ཡོད་པས། ལྷུམས་སུ་ཞུགས་པ་སོགས་ལས་བརྩམས་ཏེ་ལོ་དག་པ་དང་། ཟླ་བ་དག་པ། རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པའི་རྒྱུ་མཚན་སོགས་བསྟན་ཡོད།

3 མ་དཔེ།

མ་དཔེ་མི་འདྲ་བ་ཁག་གཉིས་ཕོ་བྲང་པོ་ཏ་ལ་ནས་མཁོ་འདོན་གནང་བ་ལས། གཅིག་ལ་དབུ་མེད་བྲིས་མ་སྣ་རིང་ལྡེབ་མ19ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི7.2དང་རིང་ཚད་ལ་ལི་སྨི46.2ཡོད། གཅིག་ཤོས་ལ་དབུ་མེད་བྲིས་མ་སྣ་རིང་ལྡེབ་མ16ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི7.1དང་རིང་ཚད་ལ་ལི་སྨི46.9ཡོད། མཛད་པའི་ལོ་ཁམས་གསལ་པོ་བཀོད་མེད་ཀྱང་། མཇུག་བྱང་དུ། བླ་མའི་རིང་ལུགས་བླ་ནས་བླར་འཕར་བ།། བླ་ཡི་རྩིས་པ་གཡུ་རུའི་ཡུལ་གྲུ་པ།། བླ་མཁྱེན་ཕྲིན་ལས་དགེ་བའི་དབང་པོས་སོ།། བླ་མེད་བྱང་ཆུབ་མཆོག་ཏུ་འདི་ཡང་བསྔོ།། ཞེས་འབྱུང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།