མཚོ་ཉིན་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ཉིན་ཡུལ་ཚོ།
ཡུལ་ཚོ་ཞིག་ཡིན་ཏེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ལྷོ་ནུབ་ཕྱོགས་ན་ཡོད་ཅིང་། ཤར་ཕྱོགས་ན་བླ་རི་མགུལ་ཡུལ་ཚོ་དང་ལྷ་མོ་གྲོང་རྡལ། ལྷོ་ཕྱོགས་ན་རྨ་ཆུ་རྫོང་། ནུབ་ཕྱོགས་ན་ཀླུའི་ཆབ་བྲག་ཕྱུགས་ར། བྱང་ཕྱོགས་ན་མཚོ་སྔོན་སོག་རྫོང་བཅས་ལ་ས་འདབས་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕海乡
སྲིད་འཛིན་ཁོངས་གཏོགས།
ཀན་སུའུ་ཞིང་ཆེན།
རིགས་དབྱེ།
ཡུལ་ཚོ།
མི་གྲངས།
4402ཡོད།
གནམ་གཤིས།
མཐོ་སྒང་གནམ་གཤིས།
སྦྲག་སྲིད་ཨང་རྟགས།
747203
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ946ཡོད།
ས་ཁོངས་ཁ་པར་ཨང་གྲངས།
0941
སྐད་རིགས།
ཨམ་སྐད་རོང་མ་འབྲོག
1 ངོ་སྤྲོད།

མཚོ་ཉིན་ཡུལ་ཚོ་ནི་ཀླུ་ཆུ་རྫོང་གི་ལྷོ་ནུབ་ཕྱོགས་ན་ཡོད་ཅིང་། ཤར་ཕྱོགས་ན་བླ་རི་མགུལ་ཡུལ་ཚོ་དང་ལྷ་མོ་གྲོང་རྡལ། ལྷོ་ཕྱོགས་ན་རྨ་ཆུ་རྫོང་། ནུབ་ཕྱོགས་ན་ཀླུའི་ཆབ་བྲག་ཕྱུགས་ར། བྱང་ཕྱོགས་ན་མཚོ་སྔོན་སོག་རྫོང་བཅས་ལ་ས་འདབས་འབྲེལ་ཡོད། ཡུལ་ཚོ་ཡོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ946ཡོད་ལ། ས་མགོ་ཆེས་མཐོ་ས་ནི་བྱང་ངོས་ཀྱི་ཨ་མྱེས་ཁྱུང་མགོ་རི་བོ་ཡིན་ལ་དེའི་མཐོ་ཚད་ནི་མཚོ་ངོས་ལས་སྨི4301ཡིན། ཡུལ་སྤྱིའི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི3454དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧོ་སྨི784དང་ཆ་སྙོམས་དྲོ་ཚད་ཏུའུ3ཡིན། ཡུལ་ཚོ་འདིའི་ཁོངས་སུ་སྡེ་བ་གསུམ་ཡོད་དེ། ཞོལ་བ་དང་ཇ་ཚང་། ཀ་ཤུལ་བཅས་སོ།། ཡུལ་ཚོ་ཡོངས་ལ་ཁྱིམ་དུད930དང་མི་གྲངས4402ཡོད།

2  ཡུལ་མིང་ཐོགས་ཚུལ།

ཡུལ་འདིར་སྔོན་ཆད་ཟམ་ཚ་འབྲོག་ཟེར་མོད་ཀྱང་། སྤྱི་ཚོགས་གསར་བ་ནས་བཟུང་དེའི་ཁོངས་སུ་རྐྱང་ཐང་མཚོ་རྒན་ཡོད་ཅིང་། མཚོ་མོའི་ཉིན་ངོས་སུ་ས་གནས་སྲིད་གཞུང་བཙུགས་པས་མཚོ་ཉིན་ཞེས་བཏགས་སོ།།

3 སྲིད་འཛིན་གྱི་བརྒྱུད་རིམ།

མཚོ་ཉིན་ཡུལ་ཚོ་འདི་སྤྱིར་ན་ཟམ་ཚ་རོང་འབྲོག་གཉིས་ལས་ཟམ་ཚ་འབྲོག་པའི་ས་ཁོངས་ཡིན་ཞིང་། ཀྲུང་གོ་གསར་བ་དབུ་བརྙེས་དུས་མཚོ་ཉིན་ཡུལ་ཚོ་འདི་བསང་ཆུ་རྫོང་ས་ཁོངས་གཉིས་པའི་ཁོངས་སུ་གཏོགས། སྤྱི་ལོ1958ལོར་ལྷ་མོ་དང་མཉམ་དུ་སྔོན་སྐྱོད་མི་དམངས་ཀུང་ཧྲེ་བཙུགས་ཤིང་། སྤྱི་ལོ1966ལོར་མེ་སྟག་ཡུལ་ཚོར་མིང་བསྒྱུར། སྤྱི་ལོ1968ལོར་སྔར་མིང་སོར་འཇགས་བྱས་ནས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1984ལོའི་ལོ་མགོར་ཡུལ་ཚོ་བསྐྱར་གསོ་བྱས་ནས་མངའ་ཁོངས་སུ་ཞོལ་བ་དང་ཇ་ཚང་། ཀ་ཤུལ་བཅས་སྡེ་བ3དང་ཚོ་ཆུང11། རང་བྱུང་སྡེ་བ9བསྡུས།

4 ཡུལ་ཚོའི་གྲུབ་ཆ།
4_1 ཁོངས་གཏོགས་སྡེ་བ།

མཚོ་ཉིན་ཡུལ་ཚོའི་མངའ་ཁོངས་སུ་ཞོལ་བ་དང་ཇ་ཚང་། ཀ་ཤུལ་བཅས་སྡེ་བ3དང་ཚོ་ཆུང་11འདུས་ཡོད།  

4_2 མི་གྲངས་ཀྱི་གནས་ཚུལ།

གྲོང་རྡལ་གྱི་མངའ་ཁོངས་སུ་བསྡོམས་པས་ཁྱིམ་དུད930དང་། མི་གྲངས4402། གྲོང་རྡལ་ལས་བྱེད་མི་སྣ2974ཡོད།

4_3 འགྲིམ་འགྲུལ་གྱི་གནས་བབས།

ཡུལ་ཚོ་འདི་རྒྱལ་ཁབ་གཞུང་ལམ213ཀྱིས་གཞུང་བཅད་ནས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན།

4_4 སློབ་གསོ་དང་འཕྲོད་བསྟེན།

སློབ་གྲྭ3ལ་དགེ་རྒན34དང་སློབ་མ535ཡོད། སྨན་ཁང2ལ་སྨན་པ6དང་ནད་ཁྲི2ཡོད།

4_5 ཡུལ་ཐོན་གྱི་ཁྱད་རྫས།

མཐོ་སྒང་གི་འབྲི་གཡག་དང་བོད་ལུག ཕྱུར་བ། འབྲི་མར། འབྲི་འོ་སོགས་ཡོད།

4_6 ​ས་གནས་ཀྱི་ཡུལ་སྐོར།

རྐྱང་ཐང་མཚོ་རྒན། རྐྱང་ཐང་མཚོ་མོའམ་མཚོ་ཉིན་མཚོ་རྒན་ནི་མཚོ་ཉིན་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་། ཀླུ་ཆུ་རྫོང་གི་ཡུལ་སྐོར་ལྗོངས་ཁུལ་གསུམ་གྱི་ཡ་གྱལ་ཡིན་པ་མ་ཟད། མདོ་ལྷོ་ཁུལ་དང་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་གནས་གཞི་གྲགས་ཅན་ཞིག་ཀྱང་ཡིན། སྤྱི་ལོ1998ལོར་རྫས་ཚ་དང་རྐྱང་ཐང་མཚོ་རྒན་གཉིས་མཉམ་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།