མཐུད་དབྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐུད་དབྱུག
མཐུད་དབྱུག​(baton)ནི་མཐུད་རྒྱུག་འགྲན་སྡུར་སྐབས་སུ་སྤྱོད་པའི་དབྱུག་གུ་ཞིག་ཡིན་ཞིང་། ལུས་རྩལ་པས་ཕར་ལ་རིམ་པ་ལྟར་བརྒྱུད་སྤྲོད་བྱེད་དགོས། དེ་ནི་ཤིང་ལས་བཟོས་པ་ཡང་ཡོད་མོད། མང་ཆེ་ཤོས་ནི་ལྕགས་ལས་བཟོས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
接力棒
རྒྱུ་ཆ།
ལྕགས་ལས་བཟོས་པ།
ཕྱི་ཡིག་གི་མིང་།
baton
ཁ་དོག
དཀར་པོ་དང་དམར་པོ་མང་དུ་བཀོལ།
ཚད་གཞི།
མཐུད་དབྱུག་གི་ཚངས་ཐིག3-3.5cmརིང་ཚད་སྨི30cm
1 ​ངོ་སྤྲོད། 

མཐུད་དབྱུག(baton)ནི་མཐུད་རྒྱུག་འགྲན་སྡུར་སྐབས་སུ་སྤྱོད་པའི་དབྱུག་གུ་ཞིག་ཡིན་ཞིང་། ལུས་རྩལ་པས་ཕར་ལ་རིམ་པ་ལྟར་བརྒྱུད་སྤྲོད་བྱེད་དགོས། དེ་ནི་ཤིང་ལས་བཟོས་པ་ཡང་ཡོད་མོད། མང་ཆེ་ཤོས་ནི་ལྕགས་ལས་བཟོས་པ་ཞིག་ཡིན། ལྕགས་ལས་བཟོས་པའི་མཐུད་དབྱུག་ཀྱང་ཁོག་སྟོང་ཅན་གྱི་དབྱུག་གུ་ཞིག་སྟེ། གནའ་བོའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་ཕན་ཚུན་ལ་བརྒྱུད་སྤྲོད་བྱེད་པའི་ལུས་རྩལ་ཞིག་ཡིན་ལ། འགྲན་སྡུར་སྐབས་སུ་མཐུད་དབྱུག་གིས་ཐུན་མོང་གི་སྙིང་སྟོབས་མཚོན་གྱི་ཡོད་པས། རུ་མི་དག་ལ་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ཐོན་ཡོད་པ་མ་ཟད། ད་དུང་མི་དང་མིའི་བར་གྱི་མཛའ་མཐུན་མཉམ་བརྩོན་གྱི་སེམས་ཤུགས་སྤྲད་ཡོད། 

2 ཁ་དོག 

.jpgམཐུད་དབྱུག་གི་མདོག་ནི་སྤྱིར་བཏང་དུ་དཀར་པོ་དང་དམར་པོ་གཉིས་བཀོལ་གྱི་ཡོད་མོད། འགྲན་སྡུར་སྐབས་སུ་སྔོན་པོ་དང་། སེར་པོ། དམར་པོ། ནག་པོ་སོགས་ཀྱང་མངོན་གྱི་ཡོད། འགྲན་སྡུར་སྐབས་སུ་ཁ་དོག་འདི་དག་ནི་གསལ་བོ་ཡིན་པས་ཁ་དོག་མི་འདྲ་སྤྱོད་ཀྱི་ཡོད་དོ། །

3 སྤྱོད་སྟངས། 

མཐུད་དབྱུག་ནི་རྒྱུག་འགྲན་ལུས་རྩལ་པས་སྤྱོད་ཀྱི་ཡོད་ལ། ཚོགས་པའི་འགྲན་སྡུར་སྐབས་སུ་མཐུད་དབྱུག་འཛིན་མཁན་དང་པོས་དམ་པོར་བཟུང་ནས་ཕར་སྤྲོད་དགོས། ཕར་རོལ་པོས་མྱུར་དུ་མཐུད་དབྱུག་གི་སྣེ་མོ་ནས་བཟུང་སྟེ། མཐུད་རྒྱུག་མཁན་གཉིས་པར་མཐུད་དགོས།  

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-09

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།