པད་མ་དཀར་པོའི་ཞལ་ལུང་གི་རི་མོའི་དཀའ་གནད་མཐའ་དག་མ་ལུས་པར་དཀྲོལ་བའི་ཟིན་བྲིས་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《པད་མ་དཀར་པོའི་ཞལ་ལུང་གི་རི་མོའི་དཀའ་གནད་མཐའ་དག་མ་ལུས་པར་དཀྲོལ་བའི་ཟིན་བྲིས་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས》ཞེས་པ་འདི་ལ་དབུ་མེད་བྲིས་མ་སྣ་རིང་ལྡེབ་མ59ཡོད་པ་དང་། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི7.4དང་རིང་ཚད་ལ་ལི་སྨི48.6ཡོད། ཡི་གེ་གསལ་ཞིང་ལྡེབ་མ་ཆད་ལྷག་མེད་དོ།། མཛད་པའི་ལོ་ཁམས་མི་གསལ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
པད་མ་དཀར་པོའི་ཞལ་ལུང་གི་རི་མོའི་དཀའ་གནད་མཐའ་དག་མ་ལུས་པར་དཀྲོལ་བའི་ཟིན་བྲིས་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས།
རིགས་དབྱེ།
སྨན་རྩིས་བསྟན་བཅོས།
1 ནང་དོན་གཙོ་བོ།

མཆོད་བརྗོད་དང་མཛད་བྱང་གང་ཡང་བཀོད་མེད་ལ་ལེའུ་དང་ས་བཅད་ཀྱང་དབྱེ་མེད། གཞུང་འདི་ནི་པད་དཀར་ཞལ་ལུང་གི་ནང་དོན་རྟོགས་པར་བྱེད་པ་དང་། གཞན་ལུགས་དང་རང་ལུགས་བརྩི་བ། ཞིབ་འཇུག་བྱེད་པ་བཅས་ལ་ཉེ་བར་མཁོ་བའི་རྩིས་དཔེ་གལ་ཆེན་མེད་དུ་མི་རུང་བ་ཞིག་ཡིན། རྩིས་གཞུང་པད་དཀར་ཞལ་ལུང་ནི་གཞུང་ཚད་རིང་བ་དང་། གཞན་ལུགས་མང་པོ་བཀོད་ཡོད་པ། མགོ་མཇུག་བར་གསུམ་དུ་ཨང་ཀི་གཅིག་ཀྱང་བེད་སྤྱོད་བཏང་མེད་པས་ཅུང་ཟད་མགོ་རྙོག་པ་དང་རྟོགས་དཀའ་བའི་གནས་སུ་མཆིས་པས། གཞུང་འདིའི་མགོ་བརྩམས་མ་ཐག་པ་དེ་ཉིད་དུ་ཞལ་ལུང་གི་མགོའི་ཉིས་བརྒྱ་ཉེར་གཅིག་གི་རྩིས་འཕྲོ་ནི་གཟའ་ཉི་རིལ་ཆ་བཤོལ་འཕྲོ་དང་བཅས་པ་འདི་ལྟ་སྟེ་ཞེས་སོགས་ཨང་ཀིའི་ལམ་ནས་གསལ་བོར་བཀོད་ཡོད་པས་མཚོན། ཞལ་ལུང་ལས་བྱུང་བའི་འཁྲུལ་སེལ་སོགས་གཞན་ལུགས་ཀྱི་འདོད་པ་དང་རང་གི་ལུགས་ལྔ་སྒྲ་གཟའ་ལྔའི་རྩིས་འཕྲོ་རྣམ་དག གཞན་ཡང་སྟོན་པ་སྐུ་བལྟམས་པའི་དུས་སུ་ཟླ་སྐར་གང་འཁེལ་དང་སངས་རྒྱས་པའི་སྐབས་སུ་བྱུང་བའི་ཟླ་འཛིན་སོགས་ཉེ་བར་མཁོ་བའི་ཨང་རྩིས་རི་མོ་ཚང་མ་མཚལ་དམར་གྱིས་ཤིན་ཏུ་གསལ་བར་བཀོད་ཡོད་པས་ཞལ་ལུང་གི་ཟབ་དོན་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་དང་། ཁ་བྱང་ལ་ཞལ་ལུང་གི་རི་མོའི་དཀའ་གནད་མཐའ་དག་མ་ལུས་པར་དཀྲོལ་བའི་ཟིན་བྲིས་རྡོ་རྗེའི་མདུད་འགྲོལ་ཞེས་བཏགས་པ་ལྟར་མིང་དོན་མཚུངས་པ་ཡིན་ནོ།།

2 མ་དཔེ།

གཞུང་འདིའི་མ་དཔེ་ཕ་བྲང་པོ་ཏ་ལ་ནས་མཁོ་འདོན་གནང་བ་དང་དབུ་མེད་བྲིས་མ་སྣ་རིང་ལྡེབ་མ59ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི7.4དང་རིང་ཚད་ལ་ལི་སྨི48.6ཡོད། ཡི་གེ་གསལ་ཞིང་ལྡེབ་མ་ཆད་ལྷག་མེད་དོ།། མཛད་པའི་ལོ་ཁམས་མི་གསལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-19

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།